གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཉམ་ལས་ཚོགས་པ་ཚུ་གིས་ སོ་ནམ་གྱི་ ཐོན་སྐྱེད་རང་ལྡང་བཟོ་ནི་ལུ་བརྩོན་ཤུགས།

༩/༡༠/༢༠༡༢    

རྒྱལ་ཁབ་༥ གི་ མཉམ་ལས་ཚོགས་པའི་ འཐུས་མི་ཚུ་ ཐིམ་ཕུ་ལུ་ལྷོད་ཡོདཔ།
 

 ༉ ཁ་ཙ་ འཛམ་གླིང་རྒྱལ་སྤྱི་མཉམ་ལས་ཚོགས་པའི་ ལོ་བརྩི་སྲུང་འབདཝ་དང་འབྲེལ་ ཐིམ་ཕུ་ལུ་ ཉིན་གྲངས་༢ ཀྱི་ མཉམ་ལས་ཚོགས་པའི་ གྲོས་བསྡུར་ཞལ་འཛོམས་ཅིག་ འགོ་བཙུགས་ཡོདཔ་མ་ཚད་ འཕྲུལ་རིག་གི་གྲོགས་རམ་དང་ ཚོང་འབྲེལ་གོང་འཕེལ་གྱི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་ཅིག་ཡང་ བཀོད་གནང་ཡི།
མཉམ་ལས་ཚོགས་པའི་ འགྲེམ་སྟོན་ནང་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་དང་ སོ་ནམ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་ དེ་ལས་ རྒྱལ་ཁབ་གཞན་གྱི་ འཐུས་མི་ཚུ་གིས་ ཚར་བཟོའི་ཐོན་སྐྱེད་ཚུ་ལུ་ ལྟ་ཞིབ་འབད་བའི་བསྒང་།


དེ་ཡང་ དུས་ཅི་ སྤྱི་ཟླ་༢ པའི་ནང་ ཐའི་ལེནཌི་གི་རྒྱལ་ས་ བེང་ཀོག་ལུ་ མཉམ་ལས་ཚོགས་པའི་ བློན་པོའི་ལྷན་ཚོགས་ཀྱི་ ཞལ་འཛོམས་ཐེངས་༩ པའི་ནང་ ཆ་འཇོག་གྲུབ་གནང་མི་དང་བསྟུན་ སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ལས་ཁུངས་དང་ ཐའི་ལེནཌི་མཉམ་ལས་ཚོགས་སྡེའི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཅི།
དེ་ལས་ མཉམ་ལས་ཚོགས་པའི་ གྲོས་བསྡུར་ཞལ་འཛོམས་ནང་ ཐའི་ལེནཌི་དང་ རྒྱ་གར་ ཇ་པཱན་ བང་ལ་དེཤ་ ནེ་པཱལ་ཚུ་ལས་ འཐུས་མི་སྡེ་ཚན་ཅིག་གིས་ བཅའ་མར་གཏོགས་ཏེ་ཡོདཔ་ད་ འབྲུག་ལུ་ འཁོར་ལམ་བཏོན་ནི་ འགོ་བཙུགས་ཞིནམ་ལས་ཚུར་ མཉམ་ལས་ཚོགས་པ་དང་ སོ་ནམ་ཞིང་པའི་ལས་ཚོགས་ཚུ་ གཞི་བཙུགས་འབད་ཡོད་རུང་ སྤྱི་ལོ་༢༠༠༩ ལུ་ མཉམ་ལས་ཚོགས་པའི་བཅའ་ཁྲིམས་ཆ་འཇོག་མ་གྲུབ་ཚུན་ཚོད་ ཁྲིམས་མཐུན་ཐོག་ ཐོ་བཀོད་མ་འབད་ཟེར་ སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ལས་ཁུངས་ཀྱི་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ བཤད་ཅི།
འབྲུག་གི་དོན་ལུ་ མཉམ་ལས་ཚོགས་པ་དང་ སོ་ནམ་ཞིང་པའི་ལས་ཚོགས་ཀྱི་ ལྟ་བ་དང་ ཐབས་བྱུས་དེ་ གསརཔ་ཅིག་མེན་རུང་ ང་བཅས་ཚོང་འབྲེལ་གྱི་དོན་ལུ་ ཧབ་ཐོབ་རྐྱབ་དགོཔ་མེདཔ་ལས་ འགྲོས་ཀྱིས་བཏང་སྟེ་ ཡར་འཕེལ་གཏང་ནི་གི་ མནོ་བསམ་ཨིན་ཟེར་ ཁོ་གིས་ གསལ་བཤད་འབད་ཡི།
ད་རེས་ནངས་པ་ འབྲུག་ལུ་ མཉམ་ལས་ཚོགས་པ་༡༦ དེ་ཅིག་དང་ སོ་ནམ་ཞིང་པའི་ལས་ཚོགས་༡༠༠ ལྷགཔ་ཅིག་ཡོད་མི་ཚུ་ མང་ཤོས་ར་ ཤར་ཕྱོགས་ལུང་ཕྱོགས་ཁ་ཐུག་ལུ་ཡོདཔ་ཨིན་པས།
མཉམ་ལས་ཚོགས་པ་དང་ ལས་ཚོགས་ཚུ་གི་ དམིགས་ཡུལ་དེ་ སོ་ནམ་དང་འབྲེལ་བའི་ ཐོན་སྐྱེད་ཚུ་ རང་འཚེོ་རང་ལྡང་བཟོ་ནི་དེ་ཨིནམ་ད་ ད་རེས་ནངས་པ་ སྒོང་རྡོག་ཐོན་སྐྱེད་ཚུ་གི་ཐད་ལུ་ རྒྱལ་ཁབ་ནང་འཁོད་ལས་ར་ལངམ་སྦེ་ ཐོནམ་ཨིན་པས།
གྲོས་བསྡུར་ཞལ་འཛོམས་སྐབས་ མཉམ་ལས་ཚོགས་པའི་ ཐོན་སྐྱེད་ཀྱི་ འགྲེམ་སྟོན་ཅིག་ཡང་ འགོ་འབྱེད་འབད་ཡོདཔ་བཞིན་དུ་ དེ་ནང་ སོ་ནམ་ཞིང་པའི་ལས་ཚོགས་ཚུ་གིས་ ཐོན་སྐྱེད་འབད་མི་ ཨེ་མའི་སྐྱུར་རྫས་དང་ སྦ་གི་ལྕུག་གུ་གིས་བཟོ་མི་ཨེ་རྫས་ ཀེ་བའི་ཁ་ཟས་ དེ་ལས་ ཚར་བཟོ་དང་ ལག་བཟོའི་ཅ་ཆས་ཚུ་ འགྲེམ་སྟོན་འབད་ཡོད་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment