གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉིནམ་༤ ལང་རུང་ ཕུངམ་འཚོལ་མ་ཐོབ་པར་ཡོདཔ།

༣/༡༠/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༢༧ གྱི་ནུབ་མོ་ སྤུ་ན་ཁ་ བྱེམ་ཐང་ལུ་ སྐྱེས་ལོ་༢༠ ལང་མི་ ཞིང་པ་ཅིག་གིས་ སྐྱེས་ལོ་༢༢ ལང་མི་ ཁོ་རའི་ཆ་རོགས་ དམར་བསད་འབད་བའི་ དོགས་པ་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ རྐྱེན་ངན་དེ་ དེ་ཚེ་ ནུབ་ཕྱེད་དེ་ཅིག་ཁར་ ཁོང་༢ ཆ་ར་ ཆང་འགྲངས་ཏེ་སྡོདཔ་ད་ ཉམས་རྒུདཔ་དེ་གིས་ ཁོ་གི་ཆ་རོགས་སྦེ་ ཨ་རིང་ནང་ ཆུ་དཔག་པར་འགྱོ་གེ་ཟེར་སླབ་ད་ ཁ་ཤགས་རྐྱབ་པའི་ཤུལ་ལས་ བྱུང་ནུག་ཟེར་ཨིན་པས།
དོགས་ཅན་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ ཁོ་ར་ ཁུ་རུ་ཐང་ལས་ ལོག་ཞིནམ་ལས་ གཡུས་ཀྱི་འོག་ལུ་ སོ་ནམ་ཞིང་ལམ་གྱི་ཟུར་ཁར་ ཆུའི་ཀ་ལི་གི་རྩ་བར་ ཉལ་སྡོདཔ་ད་ ཉམས་རྒུདཔ་དེ་གིས་ ཁོ་དང་གཅིག་ཁར་ ཆ་རོགས་སྦེ་ འགྱོ་གེ་ཟེར་ ལྷོང་པའི་ཤུལ་ལས་ བྱུང་ཡི་ཟེར་ཨིན་མས།
ད་རུང་ དོགས་ཅན་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ ཁོ་གིས་ ཆ་རོགས་སྦེ་ མི་འགྱོ་ཟེར་སླབ་ད་ ཉམས་རྒུདཔ་དེ་གིས་ ཁོ་གི་ཕྱག་ལྟག་གུ་ དྲངས་ཡི་ཟེར་ཨིན་པས།
དེ་ལས་ ཁོ་གིས་ གྱི་ཅུང་བཏོན་ཞིནམ་ལས་ ཉམས་རྒུད་པའི་ ཨོལ་ལྐོག་གུ་ བླུགས་བྱིན་པའི་ རྫུན་ཁ་བཟེད་ཅི་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཉེས་ཅན་གྱིས་འབད་བ་ཅིན་ ཉམས་རྒུད་པའི་ བརླད་དོ་གུ་ གྱི་གསོབ་བྱིན་ཞིནམ་ལས་ ཁོ་ར་ བྱོག་འགྱོ་ནི་སྦེ་ཨིན་རུང་ སྟབས་ལེགས་སྟེང་དབང་གིས་ ཁོ་གི་ཨོལ་ལྐོག་གུ་ ཕོག་ཆི་ཟེར་ སླབ་མས་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
དོགས་ཅན་གྱིས་ ཆ་རོགས་དེ་ ཤི་སོཔ་ཨིནམ་ཤེས་ཞིནམ་ལས་ ཕུངམ་དེ་ ཕིཊ་༧༠ དེ་ཅིག་གི་ས་ཁར་ འདྲུད་འབག་སྟེ་ སྤུ་ན་གཙང་ཆུའི་ནང་ བཀོག་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༢༨ ཀྱི་དྲོ་པ་ ཉམས་རྒུད་པའི་ ཨ་ཞེམོ་གིས་ ཁྲིམས་སྲུང་འགག་པ་ལུ་ མོ་གི་ ནུ་གཅུང་བྱང་ཡོད་པའི་སྐོར་ལས་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ ཐིམ་ཕུ་ལས་ འཛིན་བཟུང་འབད་ཡོདཔ་ད་ ཁོ་གིས་ གཡུས་ཁ་ལས་ བྱོག་སོང་པའི་ཤུལ་ལུ་ ལུང་བསྟན་ཕུག་ལུ་ ཁོ་རའི་ ཕོ་རྒནམ་དང་གཅིག་ཁར་ སྡོད་ཡོདཔ་ཨིན་པས།
སྤུ་ན་ཁའི་ ཁྲིམས་སྲུང་འགག་པ་དང་ ཚེ་འདས་ཀྱི་ ཉེ་ཚན་ཚུ་གིས་ སྤུ་ན་གཙང་ཆུའི་ མཐའམ་བདའ་སྟེ་ ཕུངམ་འཚོལ་ནི་ འགོ་བཙུགས་ཏེ་ ཉིནམ་༤ ལང་དོ་ཡོདཔ་བཞིན་དུ་ ད་ལྟོ་ གྱི་ཅུང་ཡང་ མ་ཐོབ་པར་ཡོད་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment