གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རླུང་མ་ལུ་བརྟེན་པའི་ ནུས་ཤུགས་ཐོན་སྐྱེད་ཀྱི་མོ་བཏབ།

༣/༡༠/༢༠༡༢    ༉ སྤྱི་ལོ་༢༠༡༡ གི་ ཟླཝ་༡༢ པའི་ནང་ལས་ བསྟན་རྒྱས་ལྷན་ཁག་འོག་གི་ ནུས་ཤུགས་སླར་འབྱུང་སྡེ་ཚན་གྱིས་ རླུང་མ་ལུ་བརྟེན་པའི་ ནུས་ཤུགས་ཐོན་སྐྱེད་འབད་ནིའི་ མོ་བཏབ་དོན་ལུ་ ས་ཁོངས་ངོས་འཛིན་འབད་ཡོདཔ་ཨིན་རུང་ ད་རེས་ ཁག་འབག་གི་ཡིག་ཆ་ཚུ་ ལོག་ལྟ་ཞིབ་འབད་བའི་བསྒང་ཡོདཔ་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
རླུང་མ་གིས་ ཐོན་སྐྱེད་འབད་མི་ ནུས་ཤུགས།


མོ་བཏབ་ལས་འགུལ་གྱི་དོན་ལུ་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ ཟད་འགྲོ་བཏང་ཡོདཔ་བཞིན་དུ་ དངུལ་ཁང་གིས་ ད་རེས་ནངས་པ་ རྒྱ་གར་རྒྱལ་ཁབ་ལས་ གྲོས་སྟོན་པ་ཅིག་ རྒྱལ་ཁབ་ནང་བཏང་ཡོདཔ་ལས་ ཁོ་གིས་ ཁག་འབག་གི་ཡིག་ཆ་ཚུ་ དབྱེ་ཞིབ་འབད་དེ་ མཐའ་བཅད་བཟོ་བའི་ཤུལ་ལུ་ ལཱ་འགོ་བཙུགས་ནི་ཨིན་ཟེར་ སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་སླབ་ཅི།
འགོ་དཔོན་ཚུ་གིས་འབད་བ་ཅིན་ མོ་བཏབ་ལས་འགུལ་དེ་ འགོ་བཙུགས་པའི་སྐབས་ལུ་ སྤ་རོ་ ཅེ་ལི་ལ་དང་ ཆུ་ཁ་རྩི་མ་གཤམ་ དེ་ལས་ དབང་འདུས་ཕོ་བྲང་ རུས་སྦིས་ས་འབདཝ་ད་ ས་ཁོངས་༣ ངོས་འཛིན་འབད་དེ་ དེ་ཚུ་ནང་ དབྱེ་ཞིབ་འབད་བའི་སྐབས་ རུས་སྦིས་ས་རྐྱངམ་གཅིག་མ་གཏོགས་ གཞན་མི་ས་ཁོངས་༢ ནང་ འོས་འབབ་མེདཔ་སྦེ་ མཐོང་ཡི་ཟེར་ཨིན་པས།
དབྱེ་ཞིབ་ཀྱི་ ལཱ་འབད་བའི་སྐབས་ལུ་ རླུང་མ་བརྟག་དཔྱད་འབད་ནིའི་ འཕྲུལ་ཆས་ཚུ་ དུས་ཡུན་ལོ་༡ དེ་ཅིག་གི་རིང་ ས་ཁོངས་དེ་ཚུའི་ནང་ གཞི་བཙུགས་འབད་དེ་ བཞག་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ རླུང་མ་ལུ་བརྟེན་པའི་ ནུས་ཤུགས་ཐོན་སྐྱེད་འབད་ནིའི་དོན་ལུ་ རླུང་མ་འཕུ་སའི་ས་ཁོངས་ ག་རའི་ནང་ མི་བཏུབ་ནི་དང་ དེ་ཡང་ རླུང་མ་ཡུན་བརྟན་སྦེ་ འཕུ་མ་འཕུ་དང་ རླུང་མ་འཕུ་སའི་ཕྱོགས་ དེ་ལས་ རླུང་མའི་ཤུགས་ཚད་ཚུ་གི་སྐོར་ལས་ཡང་ བལྟ་དགོཔ་ཁག་ཆེ་ཟེར་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ ས་ཁོངས་ཚུ་ ངོས་འཛིན་འབད་ཡོདཔ་ཨིན་རུང་ དེ་ནང་ལས་ གློག་མེའི་ཤུགས་ཚད་ ག་དེམ་ཅིག་ ཐོན་སྐྱེད་འབད་ནི་ཨིན་ནའི་སྐོར་ལས་ གཏན་འཁེལ་བཟོ་མ་ཚུགས་པར་ཡོད་ཟེར་ འགོ་དཔོན་ཚུ་གིས་སླབ་ཅི།
དེ་བཟུམ་མའི་ ལས་འགུལ་འགོ་བཙུགས་དགོ་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ གནམ་དགུན་གྱི་སྐབས་ གློག་མེ་འཕྲུལ་ཁང་ཚུ་ནང་ གློག་མེའི་ཐོན་སྐྱེད་ མར་འབབ་འགྱོ་བའི་སྐབས་ ཉེན་སྲུང་བཟུམ་ཅིག་ཨིནམ་མ་ཚད་ དེ་ལུ་བརྟེན་ དུས་ཚོད་གཞན་ཚུ་གི་སྐབས་ ནུས་ཤུགས་ཚུ་ ཐེབས་སྦེ་ཡང་ ཐོན་སྐྱེད་འབད་ཚུགས་ཟེར་ ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment