གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༡༤ མན་ཆད་འབད་མི་ མཐུན་འབྲེལ་ཕུཊ་བཱོལ་རྩེད་འགྲན་ མཇུག་བསྡུ་ཡོདཔ།

༡༣/༡༠/༢༠༡༢    ༉ ཇ་པཱན་ལུ་སྦེ་ ཉིན་གྲངས་༣ གྱི་རིང་ སྐྱེས་ལོ་༡༤ མན་ཆད་འབད་མི་ ན་གཞོན་བུཚ་ཚུ་གི་ མཐུན་འབྲེལ་ཕུཊ་བཱོལ་རྩེད་འགྲན་དེ་ མཇུག་བསྡུཝ་དང་འབྲེལ་ འབྲུག་པའི་སྡེ་ཚན་དེ་ ཨཱཕ་ག་ནིསི་ཏཱན་གྱིས་ གཱོལ་༥ བཙུགས་ཏེ་ཕམ་ཡོད་རུང་ གཱོལ་༡ བཙུགས་ཚུགས་ནི་དེ་གིས་ སེམས་དགའ་ཡོདཔ་ཨིན་པས།
ཇ་པཱན་ལུ་ འབྲུག་པའི་སྡེ་ཚན་དང ཨཱཕ་ག་ནིསི་ཏཱན་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།་


དེ་ཡང་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༥ འི་ནང་འཁོད་ ཨཱཕ་ག་ནིསི་ཏཱན་གྱིས་ གཱོལ་༡ བཙུགས་པའི་ཤུལ་ལུ་ འབྲུག་པའི་སྡེ་ཚན་གྱིས་ དོ་འགྲན་འབད་དེ་ སྐར་མ་༣༥ ལུ་ ཨིས་ཊེའི་ཀར་ འོད་གསལ་རྡོ་རྗེ་གིས་ གཱོལ་བཙུགས་ཅི།
འབྲུག་པའི་སྡེ་ཚན་གྱིས་ གཱོལ་བཙུགས་པའི་ཤུལ་ལུ་ ད་རུང་ གཞན་མི་སྡེ་ཚན་གྱིས་ གཱོལ་༢ བཙུགས་ཡོདཔ་ད་ བར་མཚམས་ངལ་འཚོ་ལས་ ལོག་རྩེད་འགྲན་འབདཝ་ད་ འབྲུག་པའི་ན་གཞོན་སྡེ་ཚན་གྱིས་ དོ་འགྲན་འབད་དེ་ གཱོལ་བཙུགས་ནིའི་དཔའ་བཅམ་རུང་ གཱོལ་བཟུང་མི་ ཀི་པར་གྱིས་ བཏང་མ་བཏུབ་ཨིན་པས།
གཱོལ་ཕུད་རྡོག་༡ བཙུགས་ཚུགས་མི་དེ་ལུ་ འགོ་འདྲེན་འཐབ་མི་ ཇ་པཱན་དང་ གཞན་རྒྱལ་ཁབ་ཚུ་ཡང་ སེམས་དགའ་ཡོདཔ་ད་ ན་གཞོན་མཉམ་འབྲེལ་ཕུཊ་བཱོལ་རྩེད་འགྲན་ནང་ རྒྱལ་ཁབ་༨ ཀྱིས ་བཅའ་མར་གཏོགས་ཡོད་རུང་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་༡ ཡང་བཙུགས་མ་ཚུགས་མི་དེ་ འབྲུག་པའི་སྡེ་ཚན་ཨིན་རུང་ ཨཱཕ་ག་ནིསི་ཏཱན་ལུ་ གཱོལ་བཙུགས་ཚུགས་ནི་དེ་གིས་ སེམས་དགའ་དགོཔ་བྱུང་ནུག།
འབྲུག་པའི་སྡེ་ཚན་གྱི་ སློབ་སྟོན་པ་ ཨོ་ཧ་ར་ཀ་ག་ཟུ་མནོ་རི་གིས་ སླབ་མི་དང་འཁྲིལཝ་ད་ འབྲུག་པའི་ ན་གཞོན་ཚུ་གིས་ གཱོལ་བཙུགས་འོང་ཟེར་བའི་ མནོ་བསམ་མ་བཏང་རུང་ གཱོལ་༡ བཙུགས་མི་ལུ་ལྟཝ་ད་ ཉིནམ་དང་པའི་ནང་ རྩེད་འགྲན་འབད་མི་དང་ མཇུག་གི་ རྩེད་འགྲན་འབད་མི་༢ ཀྱི་བར་ན་ ཁྱད་པར་སྦོམ་འདུག་ཟེར་ཨིན་པས།
འབྲུག་པའི་ན་གཞོན་ཚུ་ལུ་ ཟླཝ་ལྷགཔ་ཅིག་ སློབ་སྦྱོང་དང་ ལམ་སྟོན་ དེ་ལས་ ཁ་བཀོད་ཚུ་བྱིན་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ གཞན་རྒྱལ་ཁབ་ཚུ་ལས་ རྒྱལ་ཁ་འཐོབ་ཚུགས་ནིའི་ གོ་སྐབས་ཡོདཔ་ཨིན་རུང་ ན་གཞོན་ཚུ་ལུ་ སྦྱོང་བརྡར་དང་ སློབ་སྟོན་ མཐུན་རྐྱེན་ དེ་ལས་ ལམ་སྟོན་ཚུ་ ལེགས་ཤོམ་འཐོབ་ནི་ལུ་ དོ་འགྲན་ལེ་ཤ་འབད་དགོཔ་བྱུང་ནི་དེ་གིས ་ཨིན་ཟེར་ཨིན་པས།
འབྲུག་པའི་ན་གཞོན་སྡེ་ཚན་གྱི་ རྩེད་འགྲན་པ་ འཆི་མེད་རྡོ་རྗེ་གིས་འབད་བ་ཅིན་ གཱོལ་༡ བཙུགས་ཚུགས་ཡོདཔ་ལས་ ཁོ་ར་སེམས་དགའ་ཡི་ཟེར་ཨིནམ་ད་ དེ་བཟུམ་མའི་རྩེད་འགྲན་དེ་ འབྲུག་རྒྱལ་ཁབ་ནང་ཡང་ འགོ་འདྲེན་འཐབ་པ་ཅིན་ ན་གཞོན་ཚུ་གིས་ གཞན་རྒྱལ་ཁབ་ཚུ་ལས་ རྒྱལ་ཁ་འཐོབ་ཚུགས་པའི་ འོས་འབབ་སྦོམ་འདུག་ཟེར་ སླབ་པའི་གནས་ཚུལ།


ཇ་པཱན་ལས་ བཀྲིས་ཕུན་ཚོགས།

No comments:

Post a Comment