གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་གྲྭའི་དབུ་འཛིན་ཅིག་གི་ ཁ་ཉེས་དང་འབྲེལ་བའི་རྩོད་གཞི་ ཕྱིར་འབུད་བཏང་ཡོདཔ།

༢/༡༠/༢༠༡༢    ༉ བཀྲིས་སྒང་ ར་ལྡི་འབྲིང་རིམ་སློབ་གྲྭ་བར་མའི་ དབུ་འཛིན་བགྲེསཔ་ བསམ་གྲུབ་ཚེ་རིང་གིས་ བཀྲིས་སྒང་ཁྲིམས་འདུན་ལུ་ སློབ་དཔོན་ཆོས་སྐྱིད་ཕུན་ཚོགས་ཀྱིས་ ཁོ་ལུ་ མ་བདེན་པའི་ ཁ་ཉེས་བཀལ་ཡོད་པའི་རྩོད་གཞི་དེ་ ཕྱིར་འབུད་ཐོག་ འཁྲུན་ཆོད་བཏོན་གནང་ནུག།


འཁྲུན་ཆོད་ཀྱི་ བཤེར་ཡིག་དང་འཁྲིལཝ་ད་ རྩོད་རྩ་བསམ་གྲུབ་ཚེ་རིང་གིས་ བདེན་མེད་ཁ་ཉེས་བཀལ་མི་ལུ་བརྟེན་ རྒེད་འོག་བརྒྱུད་དེ་ རྫོང་ཁག་གིས་ ཞིབ་དཔྱད་ཚུ་འབད་མི་ལུ་ ཁེ་རྒུད་མ་བཏུབ་པར་ གཟིགས་ཞིབ་གནང་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།
རྩོད་ཟླ་ཆོས་སྐྱིད་ཕུན་ཚོགས་ཀྱིས་ ངག་བརྗོད་བཀོད་མིའི་ནང་ བསམ་གྲུབ་ཚེ་རིང་གིས་ ཁོ་གི་ གློག་རིག་ལེབ་ཊོབ་དེ་ དཀྲུམས་བཏང་པའི་ཁར་ སློབ་གྲྭའི་ སློབ་ཕྲུག་བུམོ་ཅིག་ལུ་ཡང་ འདོད་སྤྱོད་འབད་ནི་གི་ དཔའ་བཅམ་ནུག་ཟེར་ཨིན་པས།
རྩ་ཕན་༢ ཀྱིས་ བཤེར་ཡིག་དང་ བརྒལ་ལན་ དེ་ལས་ ངག་བརྗོད་ཕུལ་མི་དང་ སྒྲུབ་བྱེད་ཡོད་མེད་ཚུ་ལུ་ གཞི་བཞག་སྟེ་ གསལ་བཀོད་འབད་མི་ རྫོང་ཁག་ཁྲིམས་འདུན་གྱི་ བཤེར་བཅུད་དམ་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ཆོས་སྐྱིད་ཕུན་ཚོགས་ཀྱི་ གློག་རིག་ལེབ་ཊོབ་དེ་ དཀྲུམ་བཏང་མི་དེ་ ངེས་བདེན་ཨིན་རུང་ ལེབ་ཊོབ་དེ་ ག་གིས་དཀྲུམས་བཏང་བཏངམ་ཨིན་ན་ མིག་མཐོང་ལག་བཟུང་གི་ སྒྲུབ་བྱེད་ཁ་གསལ་མེདཔ་ལས་ རྩོད་རྩ་ལུ་ ཁ་ཉེས་བཀལ་ཐབས་མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ རྩོད་དོན་དེ་གི་སྐོར་ལས་ རྫོང་ཁག་དང་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ སྙན་ཞུ་ཚུ་ནང་ཡང་ བདེན་འཛིན་རུང་བའི་ སྒྲུབ་བྱེད་འོས་ལྡན་ཅིག་མེདཔ་སྦེ་ གསལ་བཀོད་འབད་ཡོདཔ་མ་ཚད་ སློབ་གྲྭ་དེ་ནང་ལས་ ར་ཁུངས་བཀལ་མི་ སློབ་དཔོན་ཅིག་ ག་ཡང་མ་ཐོན་པས་ཟེར་ཨིན་པས།
བུམོ་དེ་དང་གཅིག་ཁར་སྡོད་མི་ ཆ་རོགས་ཚུ་གིས་ ངག་བརྗོད་བཀོད་མིའི་ནང་ བུམོ་དེ་དང་གཅིག་ཁར་ མོ་དང་ ཆ་རོགས་གཞན་ཅིག་ ཡོདཔ་མ་ཚད་ སློབ་ཁང་ནང་ འཛུལཝ་དང་ཡང་ ཁོང་༢ ཡོད་ཟེར་ཨིནམ་ད་ ཕྱི་ཁར་ཐོནམ་ད་ཡང་ ཁོང་༢ ཀྱིས་ མཐོང་ཡི་ཟེར་ཨིན་པས།
དེ་བསྒང་ བུམོ་དེ་ལུ་ བྱ་ངན་འབད་བའི་རྟགས་མཚན་ སྔུ་ནི་དང་ རྣམ་རྟོག་ལང་ནི་ཚུ་ ག་ནི་ཡང་མེདཔ་སྦེ་ མཐོངམ་མ་ཚད་ རྗོང་ཁག་ཞིབ་དཔྱད་ཚོགས་ཆུང་གི་ སྙན་ཞུ་ནང་ཡང་ དེ་བཟུམ་མའི་ བྱ་ངན་འཐབ་ཡོད་པའི་ བདེན་འཛིན་རུང་བའི་ སྒྲུབ་བྱེད་ཀྱི་མངོན་རྟགས་ཅིག་མེདཔ་ལས་ ཉེས་པ་བཀལ་ཐབས་མིན་འདུག་ཟེར་ཨིན་པས།
སློབ་ཕྲུག་བུམོ་དེ་གི་ ངག་བརྗོད་དང་འཁྲིལཝ་ད་ མོ་ར་ རྒྱལ་དར་ཕབ་སྟེ་ སློབ་ཁང་ནང་ བསྐྱལ་བར་འགྱོཝ་ད་ དབུ་འཛིན་གྱིས་ མོ་གི་ལྟག་ལྐོག་ཁར་ དཔྱངས་ཡོད་པའི་ ཤོག་བྱང་ཀཱཌ་གི་ཐགཔ་ ཐུང་ཀུ་བཟོ་ནིའི་དོན་ལུ་ མོ་གི་སྦོ་ལོགས་ཁར་ འོང་མི་དེ་ དམིགས་ཡུལ་སོ་སོ་ཅིག་ཡོདཔ་སྦེ་ མཐོང་ཡི་ཟེར་ བཀོད་ནུག།
ཨིན་རུང་ ཕན་ཚུན་༢ ཆ་ར་ལུ་ ཉེས་པ་ག་ནི་ཡང་ མེད་ནི་དེ་གིས་ རྩོད་གཞི་དེ་ ཕྱིར་འབུད་ཐོག་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པ་ཁམས་ཅིག་ཁར་ ར་ལྡི་གི་ མི་སེར་ཚུ་དང་ སློབ་གྲྭའི་ལས་བྱེདཔ་ཚུ་གིས་ དབུ་འཛིན་གྱི་ འཛིན་སྐྱོང་གནས་སྟངས་ལུ་བརྟེན་ སློབ་དཔོན་ལེ་ཤ་ཅིག་ར་ གནས་སོར་སོང་ཡོདཔ་ལས་ དེ་གིས་ སློབ་ཕྲུག་ཨ་ལུ་ཚུ་གི་ ཤེས་ཡོན་ལུ་ གནོད་ནི་མས་ཟེར་བའི་ ཉོགས་བཤད་ཚུ་བཀོད་ནི་དེ་གིས་ དབུ་འཛིན་དེ་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་གཞན་ཅིག་ནང་ གནས་སོར་བཏང་ཡོད་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment