གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པི་ཨེསི་ཨེ་གིས་ འབྲུག་ཉི་ཟེར་སྡེ་ཚན་ ཕམ་བཏང་ཡོདཔ།

༢/༡༠/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ མདའ་རྩེད་ཐང་ནང་སྦེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ཡོད་པའི་ ཁྲི་མངའ་གསོལ་གྱི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་འབད་བའི་བསྒང་ཡོད་མིའི་ནང་ པི་ཨེསི་ཨེ་སྡེ་ཚན་གྱིས་ སྐུགས་༢ སྦྱེལཝ་སྦྱེལ་སར་ཆོད་དེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
བཀག་རེག་ཕོག་མ་ཕོག་ ལྟ་བའི་བསྒང་།


དེ་ཡང་ ལྕང་གླིང་མི་ཐང་གི་ ལྟག་གི་འབའ་སྐྱོར་ནང་ པི་ཨེསི་ཨེ་སྡེ་ཚན་དང་ འབྲུག་ཉི་ཟེར་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ པི་ཨེསི་ཨེ་སྡེ་ཚན་གྱིས་ སྐོར་ཐེངས་༤ ནང་ སྐུགས་༢༥ ཐོབ་སྟེ་ སྐུགས་དང་པམ་ཆོདཔ་ད་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་ཕུད་རྡོག་༡ ཡང་ ཐོབ་མ་ཚུགས།
ལོག་རྩེད་འགྲན་འཕྲོ་མཐུད་འབད་དེ་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༥ ལུ་ པི་ཨེསི་ཨེ་སྡེ་ཚན་གྱིས་ བཀག་རེག་ ཆད་ནི་མེད་པར་རྐྱབ་ཡོདཔ་ལས་ ད་རུང་ སྐུགས་༢༥ ཐོབ་སྟེ་ སྐུགས་༢ པམ་དེ་ཆོད་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༨ ཐོབ་ཅི།
འོག་གི་འབའ་སྐྱོར་ནང་ བདེ་སྐྱིད་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ བདེ་སྐྱིད་སྡེ་ཚན་གྱིས་ སྐུགས་དང་པ་དེ་ ཆོད་རུང་ སྐུགས་༢ པ་དེ་ ཆོད་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།
ནངས་པ་ སྡེ་ཚན་ཁ་པ་ལས་ གཟིམ་སྒྲ་དང་ གཏེར་སྟོན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་དང་ སྡེ་ཚན་ཀ་པ་ལས་ སྟག་མཆོག་དང་ ཨེན་ཊི་ཊི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment