གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་པའི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

༢/༡༠/༢༠༡༢    ༉ ཁ་ཙ་ ཕུཊ་བཱོལ་རྩེད་འགྲན་ནང་ སྡེ་ཚན་གཉིས་ཀྱིས་ རིག་རྩལ་དང་ དོ་འགྲན་ འདྲན་འདྲ་འབད་དེ་ དུས་ཡུན་སྐར་མ་༨༦ ལུ་ སྡེ་ཚན་ཅིག་གི་ཁ་ཐུག་ལས་ འཐུས་ཤོར་དུམ་གྲ་ཅིག་བྱུང་མི་གིས་ རྩེད་འགྲན་ལས་ ཕམ་ཁ་ལེན་དགོཔ་བྱུང་ཡོདཔ་ཨིན་པས།
ནང་པའི་སྡེ་ཚན་དང་ རྫོང་རིག་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།


དེ་ཡང་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་དེ་ མཐར་འཁྱོལ་ཅན་དང་ སྤྲོ་བ་སྦོམ་མའི་ཐོག་ལས་ འབད་ཡོད་པའི་ཁར་ རྫོང་རིག་སྡེ་ཚན་གྱིས་ དུས་ཡུན་སྐར་མ་༣༥ ནང་ ཨིསི་ཊེ་ཀར་ཚེ་རིང་དཔལ་འབྱོར་གྱིས་ གཱོལ་དང་པ་དེ་བཙུགས་ཡོདཔ་ཨིན་པས།
བར་མཚམས་ལས་ ལོག་རྩེད་འགྲན་འབདཝ་ད་ དུས་ཡུན་སྐར་མ་༥༠ འི་ནང་ ནང་པའི་སྡེ་ཚན་གྱི་ རྩེད་འགྲན་པ་ ཀུན་ལེགས་དབང་ཕྱུག་གིས་ རྐང་རྡེག་རྐྱབ་ནིའི་ གོ་སྐབས་ཐོབ་ཡོདཔ་ལས་ གོ་སྐབས་འདི་གིས་འབད་ སྡེ་ཚན་གཉིས་ཀྱི་བར་ན་ གཱོལ་རེ་རེ་ འདྲན་འདྲ་བཙུགས་ཡོདཔ་ཨིན་པས།
སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་དེ་ དོ་འགྲན་ཅན་དང་ སྤྲོ་བ་སྦོམ་གྱི་ཐོག་ལས་འབད་དེ་ གཅིག་གིས་གཅིག་ལུ་ ཕར་ཚུར་རིག་རྩལ་སྟོན་ཐོག་ལས་ གཱོལ་བཙུགས་སག་ས་འབདཝ་ད་ ལྟདམོ་བལྟ་མི་ཚུ་ ཧ་ལམ་ བྱེལ་སྐད་ཤོར་བའི་ མཐོང་གསལ་བྱུངམ་ཨིན་པས།
ནང་པའི་སྡེ་ཚན་གྱིས་ རྫོང་རིག་སྡེ་ཚན་གྱི་ གཱོལ་བཙུགས་སའི་ས་ཁོངས་ནང་ལྷོདཔ་ད་ རྩེད་འགྲན་པ་ཅིག་གིས་ འཐུས་ཤོར་བྱུང་མི་ལུ་བརྟེན་ ཟུར་ཁ་ལས་ བཱོལ་རྐྱབ་ནིའི་གོ་སྐབས་ཐོབ་སྟེ་ རྐང་རྡེག་རྐྱབ་ད་ གཱོལ་བཙུགས་ཡོདཔ་ཨིན་པས།
ད་རིས་ ཡིད་འཛིན་དང་ འབྲུག་པཱོལ་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིནམ་ད་ འབྲུག་པཱོལ་སྡེ་ཚན་ལས་ སློབ་སྟོན་པ་ སངས་རྒྱས་རིག་འཛིན་གྱིས་ འབད་བ་ཅིན་ ད་རིས་ ཡིད་འཛིན་སྡེ་ཚན་ལས་ རྒྱལ་ཁ་འཐོབ་ཚུགས་པའི་རེ་བ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment