གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་སྣུམ་པེ་ཊཱོལ་གྱི་གོང་ཚད་ མར་ཕབ་རྐྱབ་ནིའི་འོས་འབབ།

༢/༡༠/༢༠༡༢     ༉ རྒྱལ་སྤྱིའི་ས་སྣུམ་གྱི་གོང་ཚད་ མར་འབབ་འགྱོ་མི་དང་ ཌོ་ལར་གྱི་གོང་ཚད་དང་འབྲེལ་གནད་ཅན་གྱི༌ རུ་པིའི་གོང་ཚད་ཡང༌ཡོདཔ་བཞིན་དུ་ རྒྱ་གར་རྒྱལ་ཁབ་ནང་ ས་སྣུམ་པེ་ཊཱོལ་གྱི་གོང་ཚད་ མར་ཕབ་རྐྱབ་ནིའི་འོས་འབབ་ཡོདཔ་ལས་ འབྲུག་ལུ་ཡང་ ས་སྣུམ་གྱི་གོང་ཚད་ཚུ་ མར་ཕབ་འགྱོ་ནི་ཨིན་མི་དེ་ཡང་ གཙོ་བོ་ར་ ས་སྣུམ་གྱི་རིགས་ཚུ་ག་ར་ རྒྱ་གར་ལས་ ནང་འདྲེན་འབད་མི་ལུ་བརྟེན་ཨིན་པས།


འཛམ་གླིང་རྒྱལ་ཁབ་ཀྱི་ ས་སྣུམ་གོང་ཚད་དེ་ ཧེ་མ་དང་ཕྱདཔ་ད་ གོང་ཚད་ཁེ་ཏོག་ཏོ་སྦེ་ཡོད་མི་དེ་ཡང་ ས་སྣུམ་བེ་རེལ་རེ་ལུ་ ཡུ་ཨེསི་ཌོ་ལར་༢ དང་༣ སྦེ་ཐོབ་མི་ལུ་བརྟེན་ རུ་པི་གིས་ ཕྱི་རྒྱལ་གྱི་མ་རྩ་བཙུགས་བཞག་ཚུ་ ཡར་སེང་རྐྱབ་མི་ལས་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་བཟོ་ ཚུགས་ནི་དེ་གིས་ཨིན་མས་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ ཟླ་མཇུག་ཚུན་ལུ་ ཡུ་ཨེསི་ཌོ་ལར་ལུ་ དངུལ་ཀྲམ་༥༧ གནས་ཡོདཔ་ཨིན་རུང་ ད་རེས་འབདཝ་ད་ དངུལ་ཀྲམ་༥༢ ལུ་ མར་བབས་སོང་ཡོད་ནི་དེ་གིས་ཨིན་པས།
གནད་དོན་འདི་གིས་སྦེ་ ས་སྣུམ་ནང་འདྲེན་འབད་ནི་དེ་ཡང་ ཧེ་མའི་ཟླཝ་༢ དང་ཕྱདཔ་ད་ ད་རིས་ དངུལ་ཀྲམ་༦ གིས་ ཁེ་ཏོག་ཏོ་སྦེ་ ཐོབ་ཚུགས་པས་ཟེར་ཨིནམ༌ད་ རྒྱ་གར་རྒྱལ་ཁབ་ཀྱིས་ ཌོ་ལར་སྤྲོད་ཐོག་ལས་ ས་སྣུམ་བརྒྱ་ཆ་༨༠ དེ་ཅིག་ ནང་འདྲེན་འབད༌དོ་ཡོདཔ༌ལས་ འདི་བཟུམ་གྱི་ ཆ་རྐྱེན་གཉིས་མཉམ་སྡེབ་འབདཝ་ད་ ས་སྣུམ་པེ་ཊཱོལ་གྱི་གོང་ཚད་ མར་ཕབ་རྐྱབ་ནི༌ལུ༌ འོས་འབབ་འདུག་ཟེར་ཨིན་པས།
ཐིམ་ཕུ་ལུ་འབད་བ་ཅིན་ ད་རེས་ནངས་པ་ ས་སྣུམ་པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༢ རེ་ཕོགཔ་ཨིནམ་ད་ དེ་ཡང་ སྤྱི་ཟླ་༦ པའི་ནང་ རྒྱལ་སྤྱིའི་ས་སྣུམ་གྱི་གོང་ཚད་ མར་འབབ་འགྱོ་མི་ལུ་བརྟེན་ དངུལ་ཀྲམ་༦༥ ལས་ མར་ཕབ་འབད༌མི་དེ་ཨིན་པས།
ད་ཚུན་ལུ་ འབྲུག་ལུ་ ས་སྣུམ་པེ་ཊཱོལ་གྱི་གོང་ཚད་དེ་ ཚར་༤ བསྐྱར་བཟོ་འབད་ཡོདཔ་ད་ དེའི་གྲས་ལས་ མཐོ་ཤོས་ར་ སྤྱི་ཟླ་༥ པའི་ནང་ དངུལ་ཀྲམ་༦ ཡར་སེང་འབད་མི་དེ་ཡང་ རུ་པིའི་ཤུགས་ཚད་དེ་ ཌོ་ལར་དང་ཕྱདཔ་ད་ མར་འབབ་སོང་མི་ལུ་བརྟེན་ཨིན་པས།
འཛམགླིང་རྒྱལ་ཁབ་ཀྱི་ ས་སྣུམ་གོང་ཚད་ མར་བབས་འགྱོ་མི་ལུ་བརྟེན་ འཛམ་གླིང་གི་ དཔལ་འབྱོར་ལུ་ ཐོ་ཕོགཔ་མས་ཟེར་ཨིནམ་ད་ ཨ་མི་རི་ཀའི་རྒྱལ་ཁབ་དང་ རྒྱ་ནག་རྒྱལ་ཁབ་ དེ་ལས་ ཡུ་རོཔ་རྒྱལ་ཁབ་ཚུ་གིས་ དཔལ་འབྱོར་གོང་འཕེལ་ མར་བབས་སོང་ཡོདཔ་ལས་བརྟེན་ ས་སྣུམ་མཁོ་བསྔགས་འབད་མི་དེ་ མར་བབས་ཡར་སོ་ནུག་ཟེར་ཨིན་པས།
རྒྱལ་སྤྱིའི་བརྡ་བརྒྱུད་ཀྱི་སྙན་ཞུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པ་ འཛམ་གླིང་ནང་གི་བཟོ་སྐྲུན་བཟོ་གྲྭ་ཁང་ཚུ་ནང་ལུ་ མཁོ་བསྔགས་བཀག་ཆ་དང་ དབྱེ་དཔྱད་འབད་ནིའི་གདོང་ལེན་འབྱུང་མི་ལུ་བརྟེན་ དཔལ་འབྱོར་གོང་འཕེལ་ལུ་ ཐོ་ཕོག་ཅི་ཟེར་ཨིན་པས།
དཔལ་འབྱོར་གོང་འཕེལ་ལུ་ ཐོ་ཕོག་མིའི་དཔེ་ཅིག་གསལ་བཀོད་འབད་བ་ཅིན་ ཨ་མི་རི་ཀའི་རྒྱལ་ཁབ་ཀྱིས་ རྒྱ་ནག་རྒྱལ་ཁབ་ལུ་ ཕྱིར་ཚོང་འཐབ་ནི་ མར་འབབས་སོང་ཡོད་པའི་ཁར་ ཨ་མི་རི་ཀའི་ཁྲོམ༌གྱིས༌ མཁོ༌བསྔགས་འབད་ནི༌མེདཔ༌ལས༌ རྒྱ་ནག་རྒྱལ་ཁབ་ཀྱི་ བཟོ་གྲྭ་ཁང་ཚུ༌ དཀའ༌ངལ་གྱི་གནས་སྟངས་ནང༌ཡོདཔ༌ཨིན༌པས།
འཛམགླིང་རྒྱལ་ཁབ་ཀྱི་ དཔལ༌འབྱོར༌མར་བབས༌སོང་མི་ལུ་བརྟེན་ རྒྱ༌གར༌རྒྱལ༌ཁབ༌ལུ༌ གནོདཔ༌སྦོམ༌བྱུང་མི་དེ༌ཡང༌ ཨ༌མི༌རི༌ཀ༌ལུ༌ ཕྱིར༌ཚོང༌འཐབ༌མི༌ ཞབས༌ཏོག༌དང༌ ཚོང༌ཆས༌ཚུ༌ མར༌བབས༌སོང༌ནི་དེ་གིས༌ཨིན༌པས།
འཕྲལ༌ཁམས༌ཅིག༌ཁར༌ རྒྱ༌ནག༌རྒྱལ༌ཁབ༌ཀྱིས༌ དཀའ་ངལ་མར་ཕབ་འབད་ཐབས་ལུ་ དངུལ་ཁང༌ལྟེ༌བའི༌གསོག༌འཇོག༌གི༌ དགོས༌མཁོ༌ཚུ་མར་ཕབ་འབད་ཡི་ཟེར༌ཨིན༌པའི༌གནས༌ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment