གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་བཙུན་བཀྲིས༌མངའ༌གསོལ༌གྱི༌ གཱོལཕི་རྩེད་འགྲན་ མཇུག་བསྡུ་ཡོདཔ།

༡༥/༡༠/༢༠༡༢   ༉ ཐིམ་ཕུ་ བདེ་ཆེན་ཆོས་གླིང་སྐུ་སྲུང་དམག་སྡེའི་ གཱོལཕི་རྩེད་ཐང་ནང་སྦེ་ ཉིན་གྲངས་༣ གྱི་རིང་ རྒྱལ་བཙུན་བཀྲིས༌མངའ༌གསོལ༌གྱི༌ གཱོལཕི་རྩེད་འགྲན་ འགོ་འདྲེན་འཐབ་མི་དེ་ ཁ༌ཙ༌ མཇུག་བསྡུ་ཡི།
རྩེད་འགྲན་དེ་ བསྟན་སྲུང་དམག་སྡེའི་ ཕན་བདེ་ལས་འགུལ་གྱིས་ འགོ་དང་པ་ འགོ་འདྲེན་འཐབ་ཨིན་པས།

མི༌དབང༌རྒྱལ༌པོའི༌སྲས༌འཇིགས༌མེད༌རྡོ༌རྗེ་དབང་ཕྱུག་མཆོག་གིས་ བེསཊི༌ ནེཊི༌གི་ རྒྱལ་ཁ་ཐོབ་མི་ སྐུ་སྲུང་དམག་སྡེའི་ ལིང༌དཔོན༌ཁྱི༌ཀྲུ༌འབྲུག༌པ༌ལུ་ རྒྱལ་རྟགས་གནང་པའི་བསྒང་།


རྩེད་འགྲན་ནང་ བཅའ་མར་གཏོགས་མི་བསྡོམས་༩༦ ཡོད་མི་ཚུ་ དབྱེ་ཁག་༢ སྦེ་ བཟོ་ཡོདཔ་ད་ རྩེད་འགྲན་པ་༤༨ སྤྱི་ཟླ་༡༠ པའི་ཚེས་༡༢ ལུ་ རྩེད་འགྲན་འབད་ཡོདཔ་ད་ ལྷག་ལུས་༤༨ པོ་དེ་ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ མཇུག་བསྡུ་ཡོདཔ༌ཨིན༌པས།
རྒྱལ༌རྟགས༌དང་གསོལ༌རས་ཚུ༌ག༌ར༌བསྟན༌སྲུང༌དམག༌སྡེའི༌ ཕན༌བདེ༌ལས༌འགུལ༌གྱིས་ རྒྱབ་སྐྱོར་འབད༌ཡོདཔ༌ཨིན༌པས།
ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ རིན་ཆེན་འོད་ཟེར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་གྱི་ རྩེད་འགྲན་འགོ་འདྲེན་འཐབ་དགོ་མི་དེ་ཡང་ གཙོ་བོ་ར་ རྒྱལ་བཙུན་བཀྲིས༌མངའ༌གསོལ༌གྱི༌ དུས༌སྟོན༌ཐེངས༌དང༌པ༌ བརྩི་སྲུང་ཞུ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
བེསཊི༌ནེཊི༌གི་ གསོལ་རས་དེ༌ ལིང༌དཔོན༌ཁྱི༌ཀྲུ༌འབྲུག༌པ༌གིས༌ ཐོབ༌ཡོདཔ༌ད༌ བེསཊི༌གོ༌རོསཊི༌དེ་ སྤྱི༌དཔོན༌བི༌བི༌གུ༌རུང༌དང༌ནེཊི༌ནང༌ལུ༌ ཨང༌༢ པ༌ གུང༌བློན༌བ་ཀྲོ་ཚེ༌རིང༌དང༌ ཝེ༌ཊེ༌རེན༌ནང༌ འགུབ༌བསོད༌ནམས༌འབྲུག༌པ༌དང༌ ཆུང༌རིམ༌ནེཊི༌ནང༌ཚེ༌རིང༌རྡོ༌རྗེ༌དང༌ ཆུང༌རིམ༌གོ༌རོསཊི༌ནང༌ བདེ༌ཆེན༌ཨོ༌རྒྱན༌དང༌སྤྱི༌དཔོན༌བགྲེསཔ་ ཀརྨ༌རྡོ༌རྗེ༌གིས༌ ཝེ༌ཊི་རེན༌ནང༌ ཨང༌༢ པ༌ཐོན་ཡོདཔ༌ཨིན༌པས།
མི༌དབང༌རྒྱལ༌པོའི༌སྲས༌ འཇིགས༌མེད༌རྡོ༌རྗེ༌དབང་ཕྱུག་མཆོག་གིས་ རྒྱལ༌ཁ༌ཐོབ༌མི༌ཚུ༌ལུ༌ རྒྱལ༌རྟགས༌དང༌ གསོལ༌རས༌ཚུ༌ གནང༌ཡོད༌པའི༌གནས༌ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment