གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པི་གི་དཀའ་ངལ་དེ་ སྤྱིར་བཏང་གི་གནས་སྟངས་ལུ་འགྱུར་དོ་ཡོདཔ།

༡༥/༡༠/༢༠༡༢    ༉ འདས་པའི་ཟླཝ་༨ དེ་ཅིག་གི་རིང་ལུ་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་ལང་མ་ཚུགས་པའི་དཀའ་ངལ་ཚུ་ ཐོན་ཏེ་འབད་རུང་ ཕུན་ཚོགས་གླིང་ལུ་སྡོད་མི་ཚུ་གིས་ གནས་སྟངས་དེ་ སྤྱིར་བཏང་དཀའ་ངལ་གྱི་ཆ་ཤས་ཅིག་ལུ་ གྱུར་ཡོད་པའི་ཚོར་སྣང་བྱུངམ་ཨིན་པས།
འབྲུག་པའི་ཨམ་སྲུ་ཚུ་གིས་ ཇའི་སྒང་གི་ གྱོན་ཆས་ཚོང་ཁང་ཅིག་ནང་ལས་ དཀྱི་ར་ཉོ་བའི་བསྒང་།


ཕུན་ཚོགས་གླིང་ལུ་སྡོད་མི་ མང་ཤོས་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ ཚ་གྱང་གྱི་གཞི་གནད་ཅིག་ལུ་གྱུར་མི་ རུ་པི་མ་ལང་པའི་དཀའ་ངལ་དེ་གིས་ འདས་པའི་ཟླཝ་༤ དེ་ཅིག་གི་རིང་ ཧ་ལམ་ མི་མང་ལུ་ ལཱ་ཁག་རྐྱབ་སྟེ་འབད་རུང་ ད་རེས་འབད་བའི་བསྒང་ལས་ ཧེ་མའི་གནས་སྟངས་ཐོག་ལུ་ ལྷོད་ཡོད་པའི་ དྲན་ཚོར་བྱུངམ་མས་ཟེར་ཨིན་པས།
དངུལ་ཁང་གི་དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་ནང་ལས་ རྒྱ་གར་གྱི་རུ་པི་༡༥,༠༠༠ ལས་བརྒལ་བཏོན་མ་བཏུབ་མི་གིས་ དགོས་མཁོ་ཐོནམ་ད་ དེ་གིས་ལང་མ་ཚུགསཔ་ལས་ ཆ་རོགས་གཞན་ རུ་པི་ཡོད་མི་ཚུ་ནང་ལས་ བསྐྱི་དགོཔ་བྱུངམ་མས་ཟེར་ ཕུན་ཚོགས་གླིང་གི་ས་གནས་ནང་སྡོད་མི་ཚུ་གིས་ སླབ་ཨིན་པས།
སྐྱེས་ལོ་༣༢ ལང་མི་ བློ་བཟང་རྡོ་རྗེ་གིས་བཤད་མིའི་ནང་ ཅ་ཆས་ཀྱི་རིགས་ཚུ་མང་ཤོས་ར་ རྒྱ་གར་གྱི་ས་མཚམས་ ས་གནས་ཇའི་སྒང་ལས་ ཉོ་དགོཔ་ཐོན་ནི་དེ་གིས་ ཁོ་གི་ཆ་རོགས་ཚུ་ལས་ བདེ་ཐབས་བཏོན་ཏེ་ རུ་པི་ལེན་དགོཔ་བྱུང་ཡོདཔ་ཨིན་རུང་ ད་རེས་ནངས་པ་འབད་བའི་བསྒང་ལས་ མི་ཚུ་ག་ར་ལག་ལེན་འདི་ལུ་ཤུམ་ཚུད་ནི་དེ་གིས་ ཉོགས་བཤད་བཀོད་མི་ཡང་མིན་འདུག་ཟེར་ཨིན་པས།
བསོད་ནམས་ཆོས་འཛོམས་ཀྱིས་འབད་བ་ཅིན་ ད་རེས་ནངས་པ་ གནས་སྟངས་དེ་ ལེགས་ལྡན་བྱུང་མི་དེ་ཡང་ རྒྱ་གར་གྱི་ཚོང་པ་ཚུ་གིས་ གལ་སྲིད་ དངུལ་ཀྲམ་ཚུ་ལེན་མ་བཏུབ་འདྲཝ་ཅིག་འབད་བ་ཅིན་ ཚོང་མགྲོན་པ་ཚུ་གིས་ ལོག་ཕུན་ཚོགས་གླིང་ལུ་སོང་ཞིནམ་ལས་ ནང་འཁོད་ཀྱི་ཚོང་ཁང་ཚུ་ནང་ལས་ཉོ་ནི་དེ་གིས་ཨིན་པས།
མོ་གིས་ ཆ་རོགས་ཚུ་ལུ་ཡང་ ཇའི་སྒང་ལུ་ཚོང་ཉོ་བར་འགྱོ་མི་དགོ་པས་ ག་ཅི་སྦེ་ཟེར་བ་ཅིན་ རྒྱ་གར་གྱི་ཚོང་དཔོན་ཚུ་ལུ་ དངུལ་ཀྲམ་ལེན་གནང་ཟེར་བའི་གསོལཝ་བཏབ་དགོཔ་བྱུངམ་ལས་ ལག་ལེན་འ་དི་ཚུ་འབད་དགོཔ་མིན་འདུག་ཟེར་སླབ་ཅི་ཟེར་ཨིནམ་ད་ ང་གིས་ གལ་སྲིད་ཅ་ཆས་ཚུ་ ཇའི་སྒང་ལས་ཉོ་དགོ་པ་ཅིན་ རུ་པི་ཚུ་ ཤུལ་ལས་ཚབ་མ་སྤྲོད་ནི་ཟེར་སླབ་སྟེ་ བརྙ་བསྐྱི་འབད་དགོཔ་ཐོནམ་མས་ཟེར་ཨིན་པས།
ཨིན་རུང་ ལ་ལུ་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོའི་བར་ན་ཡང་ གནས་སྟངས་དེ་ཧེ་མའི་ཐོག་ལུ་ར་འདུག་ཟེར་སླབ་པའི་ཁར་ རྒྱ་གར་གྱི་ས་གནས་ཇའི་སྒང་ལུ་སོང་སྟེ་ དངུལ་བཏོན་འཕྲུལ་ཆས་ཨེ་ཊི་ཨེམ་གྱི་གདོང་ཁར་ གྱལ་ཡུན་རིངམོ་སྦེ་འགྲིགས་སྡོད་པའི་མཐའ་མར་ འཕྲུལ་ཆས་ནང་ དངུལ་རྫོགས་པའི་བསྒང་ལས་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ལས་འཛིན་ནང་ལཱ་འབད་མི་ ལྷ་ཕྲུག་རྡོ་རྗེ་གིས་འབད་བ་ཅིན་ ཁོ་ལུ་ ད་ལྟོའི་བར་ན་ཡང་ རུ་པི་གི་དཀའ་ངལ་ཚུ་ཐོབ་བཞིན་དུ་ར་ཡོད་ཟེར་ཨིནམ་ད་ ང་བཅས་ལུ་ རུ་པི་གི་དཀའ་ངལ་ཐོན་སྡོད་པའི་སྐབས་སུ་ འབྲུག་པའི་མི་ཁུངས་ཚུ་གིས་ རྒྱ་གར་གྱི་ཏི་རུ་ རུ་པི་ཚོང་འབྲེལ་འཐབ་མི་དེ་གིས་ ཧེང་བཀལ་ར་ དབུགས་འགམ་བྱུངམ་མས་ཟེར་ཨིན་པས།
ཇའི་སྒང་ལུ་ཡོད་པའི་ཚོང་པ་ལ་ལུ་ཅིག་གིས་སླབ་མིའི་ནང་ ད་ལྟོའི་གནས་སྟངས་ཀྱི་དཀའ་ངལ་ལུ་ངོས་ལེན་འབད་དེ་ ཁོང་གི་ཚོང་མགྲོན་པ་ཚུ་ ལོག་ཐོབ་ཐབས་འབད་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཚོང་མགྲོན་པ་ཚུ་གིས་ རུ་པི་བྱིན་ནི་ལུ་ཉན་མ་བཏུབ་ལས་ ང་བཅས་ལུ་ དངུལ་ཀྲམ་ར་ལེན་དགོཔ་སྦེ་ཨུ་ཚུགས་བསྐྱེད་མི་ལུ་བརྟེན་ ང་བཅས་ཀྱིས་ དངུལ་ཀྲམ་ཚུ་ ལོག་སྟེ་རུ་པི་ནང་བརྗེ་སོར་འབད་དགོ་པས་ཟེར་ཨིན་པས།
ལྷམ་ཚོང་ཁང་གི་ ཚོང་པ་ཅིག་གིས་འབད་བ་ཅིན་ འབྲུག་གཞུང་གིས་ དཀའ་ངལ་དེ་བསལ་ཐབས་ལུ་ཐབས་ལམ་བཏོན་པའི་རེ་བ་ཡོད་པའི་ཁར་ ང་བཅས་ཀྱིས་འབད་བ་ཅིན་ གློག་མེ་ལས་འཛིན་ལས་ཐོན་པའི་འོང་འབབ་ཀྱིས་ དཀའ་ངལ་དེ་བསལ་ཚུགས་པའི་རེ་བ་ཡོདཔ་ཨིན་རུང་ གལ་སྲིད་དཀའ་ངལ་དེ་བསལ་མ་ཚུགས་པ་ཅིན་ གོང་ཚད་ཡར་སེང་འབད་ནི་ལས་ ཐབས་གཞན་ག་ནི་ཡང་མིན་འདུག་ཟེར་ཨིན་པས།
མི་སེར་ཚུ་གིས་ རུ་པི་གི་དཀའ་ངལ་རྐྱངམ་གཅིག་གིས་མ་ཚད་པར་ ཁོང་གིས་ རུ་པི་ཚུ་ ག་དེ་སྦེ་ ལག་ལེན་འཐབ་ཐོག་ལས་ ཟད་འགྲོ་གཏང་ནི་ཨིན་ནའི་ཚ་གྱང་ཡང་ལངམ་མས་ཟེར་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་ཁར་སྡོད་མི་ མི་འཛུམ་ཆོས་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ང་གིས་ རུ་པི་༢༠ ལས་འགོ་བཙུགས་ག་དེ་སྦེ་ ཟད་འགྲོའི་དོན་ལུ་ལག་ལེན་འཐབ་ནི་ཨིན་ན་ དྲན་སྟོན་ཐོག་ལས་འབད་དགོཔ་འདུག་ཟེར་ཨིན་པས།
མི་སེར་མང་ཤོས་ཅིག་གིས་ འབྲུག་ནང་འཁོད་ལུ་ དངུལ་ཀྲམ་ལག་ལེན་འཐབ་ནི་དང་ཕྱདཔ་ད་ ས་གནས་ཇའི་སྒང་ལུ་ རུ་པི་ལག་ལེན་འཐབ་ནི་དེ་ མནོ་བསམ་ལེགས་ཤོམ་སྦེ་ར་ བཏང་དགོཔ་བྱུངམ་ལས་ཟེར་ཨིན་པས།
པདྨ་རྡོ་རྗེ་གིས་སླབ་མིའི་ནང་ ཁོ་གིས་ རུ་པི་ཚུ་ཐོབ་ཅི་ དེ་འཕྲལ་ལས་བསགས་བཞག་པའི་ཁར་ རུ་པི་ཚུ་ ནམ་ར་ཐོབ་སྟེ་འབད་རུང་ ཤུལ་ལས་དགོས་མཁོ་ཐོན་འོང་མནོ་སྟེ་ ཁོ་རའི་དངུལ་ཁུག་ནང་བཙུགས་ཐོག་ལས་ བསགས་བཞགཔ་ཨིན་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment