གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུའི་སྐབས་ ཆོས་ཕྱོགས་ལས་རིམ་བཀག་ཆ་འབད་མི་དེ་ ཆོས་སྲིད་འབྲེལ་མེད་ བཞག་ཐབས་ལུ་ཨིནམ།

༩/༡༠/༢༠༡༢    ༉ སང་ཕོད་སྤྱི་ཟླ་༡ པ་ལས་འགོ་བཙུགས་ ཚོགས་ཁང་གོང་འོག་གི་ བཙག་འཐུའི་བྱ་རིམ་ཚུ་མཇུག་མ་བསྡུ་ཚུན་ མི་མང་འཛོམས་དགོ་པའི་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་མ་ཆོག་པའི་སྐོར་ལས་ འདས་པའི་བདུན་ཕྲག་ནང་ གསལ་བསྒྲགས་འབད་མི་དེ་ བཙག་འཐུ་ལྷན་ཚོགས་ཀྱིས་འབད་བ་ཅིན་ བཙག་འཐུ་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ཚུ་ སྔོན་འགོག་གི་དོན་ལུ་ཨིན་ཟེར་ཨིན་པས།
སྲིད་དོན་ལས་འདས་པའི་ ཡུལ་ལུ་གནས་དགོ་མི་ ཆོས་སྒོར་ཞུགས་མི་ཚུ།


སྤྱི་ཟླ་༡ པ་ལས་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་མི་ཆོག་ཟེར་བཀོད་ཡོདཔ་ཨིན་རུང་ དུས་མཆོད་འབུམ་སྡེ་གི་རིགས་དང་ ལོ་ཆོག་ཚེས་བཅུ་ མི་ཤི་རིམ་གྲོ་འབད་དགོཔ་ཐོན་མི་ཚུ་ འབད་ཆོག་དང་ མི་ཆོག་གི་ ལམ་ལུགས་ ཁ་གསལ་ག་ནི་ཡང་མེདཔ་ལས་ མི་མང་ཚུ་ དྭངས་གསལ་མེད་མི་ལུ་ མགུ་འཐོམ་པའི་གཞི་གནས་ལུ་གྱུར་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་སྤྱི་ཁྱབ་ མཆོག་རྒྱལ་དར་མགོ་རིག་འཛིན་གྱིས་སླབ་མིའི་ནང་ མི་ཤི་དགེ་རྩ་རིམ་གྲོ་དེ་ བཀག་ནི་གི་འོས་འབབ་མེདཔ་མ་ཚད་ ལོ་ཆོག་དང་ དུས་མཆོད་འབུམ་སྡེའི་རིགས་ཚུ་ཡང་ ཧེ་མ་བཟུམ་སྦེ་ར་ འགོ་འདྲེན་འཐབ་ཆོག་རུང་ བསྐུལ་བསྒྲགས་ཀྱི་དུས་ཚོད་དང་ ཁ་ཐུག་རྐྱབ་པ་ཅིན་ བཀག་ཆ་འབད་དགོཔ་འོང་ཟེར་ཨིན་པས།
མ་གཞི་ཁོ་གིས་བཤད་མིའི་ནང་ མི་མང་དང་ ཆོས་སྡེ་ཁག་ཚུ་གིས་ ཆོས་ཕྱོགས་ལས་རིམ་ཚུ་ བཙག་འཐུའི་གནས་སྟངས་དང་བསྟུན་ འགོ་འདྲེན་འཐབ་ནིའི་ནང་  བྱ་སྟབས་བདེ་ཐབས་ཀྱི་དོན་ལུ་ བཙག་འཐུ་མ་རན་པའི་ སྔ་གོང་ལས་ར་ གསལ་བསྒྲགས་འབདཝ་མ་གཏོགས་ མི་མང་ལུ་བྱ་སྟབས་མ་བདེཝ་བཟོ་དོན་ལུ་མེན་ཟེར་ཨིན་པས།
ལག་ལེན་དེ་ མི་མང་གི་ཕན་ཐབས་ལུ་ ཟླཝ་དག་པ་ཅིག་གི་སྔ་གོང་ལས་ གསལ་བསྒྲགས་འབད་འོང་ཟེར་ སླབ་ཡོདཔ་མ་ཚད་ གནད་དོན་དེ་གཙོ་བོ་ར་ དམངས་གཙོའི་རིང་ལུགས་ཀྱི་བྱ་རིམ་ཚུ་ ཚུལ་བཞིན་མཐར་འཁྱོལ་བྱུང་ཚུགས་ཐབས་ལུ་ཨིནམ་ལས་ མི་མང་གིས་ འདི་ལུ་རྒྱབ་སྐྱོར་འབད་དགོ་ཟེར་ཨིན་པས།
མི་མང་གིས་ ཆོས་ཕྱོགས་ལས་རིམ་རེ་འགོ་འདྲེན་འཐབ་སྟེ་ དེ་ནང་ བཙག་འཐུ་དང་འབྲེལ་བའི་སྙན་ཞུ་རེ་ཐོན་པ་ཅིན་ འགོ་འདྲེན་འཐབ་མི་དང་ དེ་ཁར་འཛོམས་མི་ཚུ་ཡང་ གཞོར་ཁར་ དཀའ་ངལ་གྱི་གནས་སྟངས་ནང་ཚུད་ནིའི་ཉེན་ཁ་ཡོདཔ་ལས་ དཀའ་ངལ་སྔོན་འགོག་གི་ ཕན་ཐབས་ལུ་དམིགས་ཏེ་ གསལ་བསྒྲགས་འབདཝ་ཨིན་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ མི་མང་གིས་ འདི་བཟུམ་གྱི་གསལ་བསྒྲགས་ དུས་ཅི་གསརཔ་འབད་དོ་བཟུམ་སྦེ་ མནོ་དོ་ཡོདཔ་ཨིན་རུང་ ལམ་ལུགས་དེ་ སྤྱི་ལོ་༢༠༠༧ གྱི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དང་ སྤྱི་ལོ་༢༠༠༨ ཀྱི་ སྤྱིར་བཏང་བཙག་འཐུའི་སྐབས་ཡང་ གསལ་བསྒྲགས་འབད་ཐོག་ལས་ ལག་ལེན་འཐབ་ཅི་ཟེར་ཨིན་པས།
བཙག་འཐུའི་གནས་ཡུན་ནང་ ཆོས་ཕྱོགས་ལས་རིམ་འགོ་འདྲེན་འཐབ་མ་ཆོག་པའི་ རྩ་དོན་དེ་ མི་མང་གི་བདེ་ཐབས་དང་ བཙག་འཐུའི་བྱ་རིམ་ཚུ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལྟར་ ཆོས་དང་སྲིད་ཀྱི་བར་ན་ ལྷད་མེདཔ་སྦེ་ འགོ་འདྲེན་འཐབ་ནི་གི་དོན་ལུ་ ཨིན་ཟེར་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment