གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སེམས་ཅན་ཚེ་ཐར་ཚོགས་པ་གིས་ ལོ་༣ དེ་ཅིག་ནང་ གཡག་༢,༢༠༠ སྲོག་སྐྱབས་འབད་ཡོདཔ།

༩/༡༠/༢༠༡༢   ༉ བདུན་ཕྲག་འདི་ནང་ སེམས་ཅན་ཚེ་ཐར་ཚོགས་པ་གིས་ ཐིམ་ཕུ་དར་དཀར་ལ་དང་ ལྕམ་སྒང་ལས་ གཡག་༢༠ བསད་ནིའི་དོན་ལུ་ བདའ་འོང་མི་ཚུ་ སྲོག་སྐྱབས་འབད་ནི་གི་ དཔའ་བཅམ་ཡོད་རུང་ མ་དངུལ་གྱིས་ ལང་མ་ཚུགསཔ་ལས་ གཡག་༧ ལྕམ་སྒང་ལུ་ར་ ལུས་ཡོདཔ་ད་ གལ་སྲིད་ ཚོགས་པ་གིས་ རིན་སྤྲོད་མ་ཚུགས་པ་ཅིན་ འཕྲལ་ར་ བསད་ནི་ཨིན་པས།


ཚེ་ཐར་ཚོགས་པ་གིས་ གཡག་གི་ཇོ་བདག་ཚུ་གིས་ ཞག་དུས་དག་པ་ཅིག་བྱིན་པ་ཅིན་ ད་ལྟོ་ རིན་སྤྲོད་མ་ཚུགས་པར་ལུས་མི་ གཡག་ཚུ་ཡང་ སྲོག་སྐྱབས་འབད་ནིའི་ རེ་བ་ཡོདཔ་ཨིན་པས།
ཚོགས་པའི་འོང་འབབ་ཟེར་རུང་ ཆོས་དང་འབྲེལ་བའི་ལས་རིམ་ ཉིནམ་༣ དེ་རེ་ འགོ་འདྲེན་འཐབ་སྟེ་ ཞལ་འདེབས་ལྷང་མི་དེ་གིས་ མཐོ་ཤོས་དངུལ་ཀྲམ་༤༥,༠༠༠ དེ་ཅིག་ བཟོ་ཚུགས་དོ་ཡོདཔ་ད་ དེ་གིས་ གཡག་དག་པ་ཅིག་ལས་ སྲོག་སྐྱབས་འབད་མི་དེ་ཡོདཔ་ཨིན་པས།
ཚོགས་པ་ལུ་ ཞལ་འདེབས་ལྷང་མི་གིས་མ་ཚད་ ཐོན་ཁུངས་གཞན་ཡང་ ཡོད་ག་ཟེར་ དྲི་བའི་ལན་ལུ་ ཚོགས་པའི་དངུལ་གཉེར་ བཀྲ་ཤིས་དབང་འདུས་ཀྱིས་ སླབ་མིའི་ནང་ རྫོང་ཁག་གེ་རའི་ནང་ ཚེས་བཅུ་ལ་སོགས་པའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ད་ ཞལ་འདེབས་ལྷང་ནི་དང་ ལ་ལུ་ཅིག་གིས་ གཡག་རེ་གི་ སྦྱིན་བདག་ཐོན་མི་ཡང་ ཡོད་ཟེར་ཨིན་པས།
འབྱོགཔ་ཚུ་གིས་ སྟབས་གཅིག་ཁར་ གཡག་༢༥ དེ་རེ་ བཙོང་དོ་ཡོདཔ་ལས་ མ་དངུལ་ལག་པར་མེད་པ་ཅིན་ གེ་ར་སྲོག་སྐྱབས་འབད་མ་ཚུགས་རུང་ བརྙ་བསྐྱི་འབད་དེ་ ག་དེ་མང་མང་ ཚེ་ཐར་བཏང་དོ་ཡོདཔ་ཨིན་པས།
རེས་གཟའ་ཉི་མ་དང་ ཟླ་བ་ལུ་ ཐིམ་ཕུ་ཚོད་བསྲེ་ཁྲོམ་ཁར་ ཞལ་འདེབས་ལྷང་པར་འགྱོཝ་ད་ ཚོད་བསྲེ་བཙོང་མི་ཚུ་གིས་ བདུན་ཕྲག་ཨ་རྟག་ར་ ཞལ་འདེབས་གནང་སྟེ་ ང་བཅས་ལུ་ ཆ་རོགས་འབད་དོ་ཟེར་ བུམ་ཐང་ལས་ སེམས་ཅན་ཚེ་དར་ཚོགས་པའི་ཨམ་སྒྲོལ་མ་གིས་ བཤདཔ་ཨིན་མས།
ཐོན་ཁུངས་གཞན་མེད་ནི་དེ་གིས་ སེམས་ཅན་ཚུ་ལུ་ སྙིང་རྗེ་གིས་འབད་མ་ཚུགས་པར་ འཐུས་མི་ལ་ལུ་ཅིག་གིས་ རང་གི་རྒྱུ་ཡོད་རུང་བཙོང་སྟེ་ སེམས་ཅན་སྲོག་སྐྱབས་འབད་དོ་ཟེར་ བཀྲ་ཤིས་དབང་འདུས་ཀྱིས་ བཤདཔ་ཨིན་པས།
ཨམ་སྒྲོལ་མ་དེ་ ཚོགས་པའི་འཐུས་མི་ཚུ་གི་གྲས་ལས་ གཙོ་ཅན་ཅིག་ཨིནམ་ལས་ ཐ་ན་ མོ་རའི་སྒྲིང་ཁྱིམ་ཡོད་རུང་བཙོང་སྟེ་ མ་དངུལ་ཚུ་ སེམས་ཅན་སྲོག་སྐྱབས་ཀྱི་དོན་ལུ་ བཏང་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ སེམས་ཅན་ཚེ་ཐར་ཚོགས་པ་ འགོ་བཙུགས་ཞིནམ་ལས་ ད་ལྟོ་ཚུན་ བསྡོམས་ཀྱིས་གཡག་༢,༢༠༠ དེ་ཅིག་ སྲོག་སྐྱབས་འབད་ཚུགས་ཅི་ཟེར་ཨིནམ་ད་ དེ་ཡང་ འབྲུག་མི་ཡོངས་ཀྱི་ རྒྱབ་སྐྱོར་ལུ་བརྟེན་ཏེ་ཨིནམ་བཞིན་དུ་ ད་ལས་ཕར་ཡང་ རྒྱབ་སྐྱོར་གང་དྲག་མཛད་གནང་བའི་ རེ་བ་སྦོམ་ཡོད་ཟེར་ ཨམ་སྒྲོལ་མ་གིས་ སླབ་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment