གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོ་ནད་མཁས་མཆོག་དང་ གཤག་བཅོས་ཁང་གིས་ ནདཔ་ཚུ་ལུ་ཕན་ཁྱད།

༩/༡༠/༢༠༡༢   ༉ པདྨ་དགའ་ཚལ་རྫོང་ཁག་སྨན་ཁང་ནང་ བར་མ་ལས་ མོ་ནད་མཁས་མཆོག་ཅིག་ ལྷོད་ཞིནམ་ལས་ཚུར་ ནདཔ་ཚུ་ མོང་སྒར་ལུང་ཕྱོགས་སྨན་ཁང་དང་ ཡང་ཅིན་ བདེ་བ་ཐང་དྲག་པོའི་སྨན་ཁང་ནང་ གཏང་ནི་ཚུ་ མར་བབས་སོང་ཡོདཔ་ཨིན་པས།


དེ་ཡང་ བར་མིསི་ཌོག་ཊར་དེ་ པདྨ་དགའ་ཚལ་སྨན་ཁང་ནང་ དུས་ཅི་ སྤྱི་ཟླ་༧ པའི་བདུན་ཕྲག་དང་པའི་ནང་ འཛུལ་ཞུགས་འབད་ཞིནམ་ལས་ ཟླ་ངོ་༣ གྱི་ནང་འཁོད་ལུ་ སྤྱིར་བཏང་ནད་བརྟག་འབད་མི་ནདཔ་༢༤༠ ལྷོད་ཡོདཔ་མ་ཚད་ མོ་ནད་དང་འབྲེལ་བའི་ ནང་སྡོད་ནདཔ་༤༥ དང་འབྲེལ་བ་འཐབ་ཡོདཔ་ཨིན་པས།
ད་རེས་ནངས་པ་ སྨན་ཁང་ནང་ མོ་ནད་མཁས་མཆོག་གིས་མ་དོ་བར་ གཤག་བཅོས་ཁང་གསརཔ་ཅིག་ཡོད་མི་དེ་ འདས་པའི་ཟླཝ་ནང་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ སྒོ་འབྱེད་གནང་ནུག།
འདས་པའི་ཟླཝ་༣ གྱི་ནང་འཁོད་ལུ་ མོ་ནད་དང་འབྲེལ་བའི་ གནད་དོན་ཐོག་ལུ་ ཨ་ལུ་༢༧ རང་བཞིན་ཐོག་ སྐྱེས་ཡོདཔ་མ་ཚད་ ཨ་ལུ་༣ མངལ་ཤོར་སོང་ཡོདཔ་ཨིན་པས།
སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ མོ་ནད་མཁས་མཆོག་དང་ གཤག་བཅོས་མཐུན་རྐྱེན་མེད་པའི་སྐབས་ སྨན་ཁང་དེ་ནང་ སྨན་བཅོས་འབད་མ་ཚུགས་མི་ནདཔ་ཚུ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་དང་ ཡང་ཅིན་ བདེ་བ་ཐང་སྨན་ཁང་ནང་གཏང་དགོཔ་ ལེ་ཤ་འཐོན་ནི་ཡོད་རུང་ ད་རིས་འབད་བའི་བསྒང་ལས་ ནདཔ་གཏང་དགོཔ་ ལེ་ཤ་མི་འཐོན་པས་ཟེར་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ པདྨ་དགའ་ཚལ་སྨན་ཁང་གིས་ ནདཔ་ཡོངས་བསྡོམས་༡༦༤ སྨན་བཅོས་འབད་བར་ རྫོང་ཁག་གི་ ཕྱི་ཁར་བཏང་མིའི་གྲས་ལས་ མོ་ནད་དང་འབྲེལ་བའི་ ནདཔ་༤༧ མོང་སྒར་དང་ བདེ་བ་ཐང་ལུ་ བཏང་ཡོད་རུང་ ན་ཧིང་ལས་ མོ་ནད་དང་འབྲེལ་བའི་ནདཔ་ ཕྱི་ཁར་བཏང་མིའི་གྱངས་ཁ་༩ ཡར་འཕར་སོང་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༥ པ་ཚུན་ཚོད་ མོ་ནད་དང་འབྲེལ་བའི་ནདཔ་༡༨ སྨན་ཁང་དེ་གཉིས་ནང་ བཏང་ཡོདཔ་ཨིན་པས།
པདྨ་དགའ་ཚལ་རྫོང་ཁག་སྨན་བཅོས་འགོ་དཔོན་ ཌོག་ཊར་ཐུབ་བསྟན་ཆོས་འཕེལ་གྱིས་འབད་བ་ཅིན་ སྨན་ཁང་དེ་ནང་ མོ་ནད་མཁས་མཆོག་དང་ གཤག་བཅོས་ཁང་ཡོད་མི་ལུ་བརྟེན་ ནདཔ་ཚུ་ ཕྱི་ཁར་གཏང་མ་དགོ་པའི་ ཕན་ཁྱད་སྦོམ་བྱུང་ཡོད་ཟེར་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment