གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐོར་ཕུག་ལུ་ ཁྱིམ་མེ་གིས་འཚིགས་མི་ ཇོ་བདག་གཉིས་ཀྱི་བར་ན་ རྩོད་རྙོགས་ཐོན་ཡོདཔ།

༩/༡༠/༢༠༡༢   ༉ ཟླཝ་ཧེ་མའི་ནང་ ཀྲོང་གསར་རྫོང་ཁག་ སྐོར་ཕུག་གཡུས་ཚན་ནང་ སྡོད་ཁྱིམ་གཉིས་ མེ་གིས་འཚིགས་པའི་ཤུལ་ལུ་ ད་རེས་ནངས་པ་ ཁྱིམ་གྱི་ཇོ་བདག་གཉིས་ཀྱི་བར་ན་ རྩོད་རྙོགས་ཐོན་ཏེ་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༢༣ གྱི་ ཕྱི་རུ་ཁམས་ཅིག་ཁར་ མེ་རྐྱེན་གྱིས་ ཐལ་བར་བརླགས་བཏང་མི་ སྐོར་ཕུག་གཡུས་ཚན་གྱི་ཁྱིམ་གཉིས།          པར་- ཀུན་གསལ་གྱི་ པར་མཛོད་ནང་ལས།


དེ་ཡང་ ཁྱིམ་གྱི་ཇོ་བདག་ཅིག་གིས་ ཁོ་རའི་ ཁྱིམ་ཚང་ལུ་ མེ་དེ་ དོན་ཆེད་འབད་ར་ སྤར་ཡོད་པའི་ ཉེས་འཛུགས་འབད་དེ་ རྒེད་འོག་བདག་སྐྱོང་གནས་རིམ་ནང་ གྲོས་བསྡུར་འབད་ཡོད་རུང་ གྲོས་མཐུན་བྱུང་མ་ཚུགས་པར་ ད་ལྟོ་ ཀྲོང་གསར་ཁྲིམས་སྲུང་འགག་སྡེའི་ནང་ ལྷོད་ཡོདཔ་ཨིན་པས།
སྐོར་ཕུག་དམངས་མི་ རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉམས་རྒུད་པ་མགོན་པོ་གིས་ ཁོ་རའི་ ཁྱིམ་ཚང་ལུ་ ཉེས་འཛུགས་འབད་མིའི་ནང་ མེ་རྐྱེན་དེ་ སྟབས་ངན་ལུ་བརྟེན་ བྱུང་བྱུངམ་མིན་པར་ མེ་འགོ་དང་པ་འབར་སའི་ ཁྱིམ་ཚང་གི་ ཇོ་བདག་དེ་གིས་ དོན་ཆེད་འབད་ར་ སྤར་བཏང་ཡོདཔ་ལས་ ཁོ་ལུ་ ཁྱིམ་ལོག་རྐྱབ་ནིའི་དོན་ལས་ རྒུད་འཐུས་དངུལ་ཀྲམ་འབུམ་༥ དགོ་འདོད་བཀོད་པའི་ཁར་ དེ་མིན་རུང་ ཁོ་གི་ ཁྱིམ་ཐོག་བཀབ་བྱིན་དགོ་ནི་དང་ ཤིང་དྲ་ནི་ ཡང་ཅིན་ ཁྱིམ་གསརཔ་སྦེ་ར་ ལོག་རྐྱབ་བྱིན་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།
མགོན་པ་གིས་ དེ་སྦེ་ སླབ་མི་དེ་ཡང་ འགོ་དང་པ་ མེ་འབར་མི་ སྡོད་ཁྱིམ་དེ་ ཇོ་བདག་གི་ ཕོ་རྒནམ་གིས་ གྲོང་གསེབ་ཉེན་བཅོལ་མ་རྩིས་བར་ དངུལ་ཀྲམ་འབུམ་༡༠ ལོགས་སུ་སྦེ་ ཉེན་བཅོལ་འབད་ཡོད་མི་ལུ་བརྟེན་ མེ་དོན་ཆེད་འབད་ར་ སྤར་ཡོད་པའི་ དོགས་པ་ཆགས་ནུག་ཟེར་ རྡོ་རྗེ་གིས་ སླབ་ཨིན་པས།
དམངས་མི་གིས་འབད་བ་ཅིན་ ཁྱིམ་གྱི་ཇོ་བདག་དེ་ཡང་ མེ་རྐྱེན་བྱུང་པའི་ཤུལ་ལས་རྐྱངམ་གཅིག་ ཉེན་བཅོལ་ལོགས་སུ་འབད་ཡོདཔ་ ཤེས་རྟོགས་བྱུང་ཡོདཔ་ལས་ མེ་དོན་ཆེད་འབད་ར་སྤར་བའི་ དོགས་པ་ཆགས་དགོཔ་ཅིག་ མིན་འདུག་ཟེར་ཨིན་པས།
ཀྲོང་གསར་རྫོང་ཁག་གི་ སྐྱིད་སྡུག་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྩོད་དོན་དེ་ ཁྲིམས་ཀྱི་འདུན་སར་ གཏང་དགོཔ་འཐོན་པ་ཅིན་ ཉེན་བཅོལ་གྱི་ མ་དངུལ་ཚུ་ འཁྲུན་ཆོད་གནང་ཞིནམ་ལས་རྐྱངམ་གཅིག་ བྱིན་ཚུགས་ནི་ཨིནམ་ལས་ དུས་ཡུན་རིངམོ་སྦེ་ འགོར་ནི་བཟུམ་ཅིག་འདུག་ཟེར་ཨིནམ་ད་ ང་བཅས་ཀྱིས་ ཉམས་རྒུད་པ་ཚུ་ལུ་ ཉེན་བཅོལ་མ་དངུལ་ ག་དེ་མགྱོགས་མགྱོགས་སྦེ་ བྱིན་ཐབས་ལུ་ ལཱ་རྩ་འགེངས་ཏེ་ འབད་ཡི་ཟེར་ སྐྱིད་སྡུག་འགོ་དཔོན་གྱིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ གནད་དོན་དེ་གི་སྐོར་ལས་ འབྲེལ་བ་ཡོད་མི་ མི་ཚུ་འབོ་སྟེ་ དྲི་དཔྱད་འབད་བའི་བསྒང་ཡོདཔ་ལས་ ད་ལྟོ་ག་ནི་ཡང་ སླབ་མི་ཤེས་པས་ཟེར་ཨིན་པས།
འབྲུག་ཉེན་བཅོལ་ལས་འཛིན་གྱི་ འགོ་དཔོན་ཚུ་ལུ་ འདི་བཟུམ་མའི་ ཁ་ཉེས་བཀལ་མིའི་སྐོར་ལས་ ཤེས་རྟོགས་མེད་རུང་ ད་ལྟོ་ ཁྲིམས་སྲུང་འགག་པ་ལས་ ཞིབ་དཔྱད་འབད་བའི་ སྙན་ཞུ་འབྱོར་མི་དང་འཁྲིལ་ ལཱ་ཚུ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
གལ་སྲིད་ རྩོད་གཞི་དེ་ ཁྲིམས་ཀྱི་འདུན་སར་ ཁྲིམས་གཏུགས་འབད་བ་ཅིན་ ཉེན་བཅོལ་མ་དངུལ་ཚུ་ གནས་སྐབས་ཅིག་ བཀག་ཆ་འབད་དེ་ བཞག་དགོཔ་འོང་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
རང་ལུགས་ཀྱི་ ཁྱིམ་གཉིས་ཆ་ར་ སྤྱི་ཟླ་༩ པའི་ཚེས་༢༣ ལུ་ མེ་གིས་འཚིགས་ཡོདཔ་ད་ མེ་རྐྱེན་དེ་འགོ་ཐོག་འབར་མི་ཁྱིམ་དེ་གི་བཟའ་ཚང་༢ ཞིང་སྲུང་པར་འགྱོ་ནི་སྦེ་ ཤིང་དྲ་མི་འཕྲུལ་ཆས་པ་ཝར་ཅེན་གྱི་དོན་ལུ་ ཁྱིམ་གྱི་གཤམ་བར་ནང་ མར་ཁུ་བླུགསཔ་ད་ ཐིག་པ་འཛགས་འགྱོ་མི་དེ་གིས་ ས་ཏི་གུ་ཟུན་ཏེ་བསད་མ་ཚུགས་པར་བྱུང་ཡོདཔ་ཨིན་པས།
ད་རུང་ བྲག་སྟེང་རྒེད་འོག་ སྤྱན་རས་གཡུས་ཚན་ནང་ རང་ལུགས་ཀྱི་ཁྱིམ་ཅིག་ མེ་གིས་འཚིགས་མི་དེ་ལུ་ཡང་ ཉེན་བཅོལ་ཐོབ་ལམ་སྤྲོད་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོད་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment