གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚེས་བཅུའི་སྲོལ་མ་ཉམས་པར་ སྔར་བཞིན་དུ་ བརྩི་སྲུང་ཞུ་དོ་ཡོདཔ།

༩/༡༠/༢༠༡༢ ༉ བསམ་གྲུབ་ལྗོངས་མཁར་ སྒོམ་དར་རྒེད་འོག་ལྟེ་བ་ལས་ ནགས་ཚལ་སྟུག་དྲགས་ཀྱི་ གྱེན་ལམ་བདའ་སྟེ་ དུས་ཡུན་ཆུ་ཚོད་༥ དེ་ཅིག་ ལམ་འགྱོ་དགོ་པའི་གཡུས་ཚན་ རི་ཆང་ལུ་ལྷོདཔ་ད་ སྒང་ཏོག་གུ་ལས་ བསངས་ཀྱི་ དུ་པ་ཐོན་ས་ མཐོངམ་མ་ཚད་ ཆོས་པའི་སྒྲ་དབྱངས་གོཝ་ད་ གནས་དབྱེན་པའི་རི་ཁྲོད་ལུ་ ལྷོད་ཡོདཔ་བཟུམ་མའི་ ཉམས་སྣང་བྱུངམ་ཨིན་མས།

རི་ཆང་ལུ་གཡུས་ཚན་གྱི་དོན་ལུ་ ཕྱག་འཚལ་སའི་རྟེན་དང་ སྐྱབས་གནས་བཟུང་སའི་ ཡུལ་རྩ་ཅན་ཅིག་ཨིན་མི་ ཕན་གྲུབ་ཚེ་རིང་དགོན་པ།

དེ་ཡང་ ས་ཆ་ག་ནི་བ་ ཙག་ཏོག་ཏོ་ཡོད་མི་ ཕན་གྲུབ་ཚེ་རིང་དགོན་པ་དེ་གི་ ལྷ་ཁང་ནང་ གཡུས་མི་ཚུ་གིས་ ཟླ་རིམ་གྱི་ ཚེས་བཅུ་བཟུང་མི་ལུ་བརྟེན་ཨིན་པས།
དགོན་པ་དེ་ ཁྱིམ་གུང་༤༠ ཡོད་མི་ རི་ཆང་ལུ་གཡུས་ཚན་གྱི་ མི་སེར་ཚུ་གི་དོན་ལུ་ ཕྱག་འཚལ་སའི་རྟེན་དང་ སྐྱབས་གནས་བཟུང་སའི་ ཡུལ་རྩ་ཅན་ཅིག་ཨིནམ་བཞིན་དུ་ གཡུས་ཚན་དེ་ནང་ སྡོད་མི་ཡང་ མང་ཤོས་ར་ སྒོམ་ཆེན་ཚུ་ཨིན་པས།
གཡུས་ཚན་དེ་གི་ མི་སེར་ཚུ་གིས་ ཟླ་རིམ་བཞིན་དུ་ ཚེས་༡༠ དང་༢༥ ལུ་ ཚེས་བཅུ་ཚར་རེ་ བཟུང་སྲོལ་ཡོད་མི་དེ་ཡང་ ཁྱིམ་གུང་༧ རེ་འབད་མི་ སྡེ་ཚན་ཅིག་གིས་ ཚེས་བཅུ་ཐམ་ལུ་དང་ སྡེ་ཚན་གཞན་དེ་གིས་ ཚེས་༢༥ ལུ་ སྐོར་རྒྱབ་སྦེ་ ཚེས་བཅུ་བཟུང་མིའི་སྲོལ་དེ་ གཞན་དང་མ་འདྲཝ་ཅིག་ཨིན་པས།
ཚེས་བཅུ་བཟུང་ནི་གི་ སྐོར་རྒྱབ་ཕོགཔ་ད་ ཁྱིམ་གུང་རེ་གིས་ ཧེ་མའི་ མ་དངུལ་ལྷག་ལུས་དང་འཁྲིལ་ དངུལ་ཀྲམ་༢༥༠ ལས་༥༠༠ གི་བར་ན་ ལྷན་ཐབས་འབདཝ་མ་ཚད་ སྦུང་བསྒུལ་གྱི་ རྒྱབ་སྐྱོར་ཡང་ འབད་དོ་ཡོདཔ་ད་ ཁོང་གིས་ ཚེས་བཅུའི་ནང་འོང་མི་ མི་སེར་གཞན་དང་ མགྱོནམ་ཚུ་གི་དོན་ལུ་ བཞེས་སྒོ་ཚུ་ འབདཝ་ཨིན་པས།
འདི་བཟུམ་མའི་ ཚེས་བཅུ་བཟུང་ཐོག་ལས་ ཟླཝ་ཅིག་ནང་ གཡུས་ཚན་དེ་གི་ མི་སེར་ཚུ་ ཚར་གཉིས་རེ་ འདུ་འཛོམས་འབད་དོ་ཡོདཔ་ད་ གཡུས་མི་ངག་དབང་ཆོས་རྒྱལ་གྱིས་ སླབ་མིའི་ནང་ ཚེས་བཅུའི་སྲོལ་དེ་ ནམ་ལས་འགོ་བཙུགས་ཡོདཔ་ཨིན་ན་ སླབ་མི་ཚུགས་ནི་ཨིན་རུང་ ཁོང་གི་ཕ་མས་སྐབས་ལས་ར་ ལམ་ལུགས་དེ་ གནས་ནུག་ཟེར་ཨིན་པས།
དང་ཕུག་ རྒན་རྒས་དང་ ཕམ་ཚུ་གི་སྐབས་ལས་ར་ ཚེས་བཅུ་བཟུང་སྲོལ་ཡོདཔ་ལས་ ང་བཅས་ཀྱིས་ཡང་ དང་ཕུའི་ལམ་ལུགས་དང་འཁྲིལ་ སྔར་ག་ཨིནམ་སྦེ་ ལག་ལེན་འཐབ་དོ་ཟེར་ ཨ་ལུ་༣ གྱི་ཨ་པ་ སྐྱེས་ལོ་༤༠ ལང་མི་གིས་ བཤདཔ་ཨིན་པས།
ཚེས་བཅུ་དེ་ ཚོགས་བསགས་སྒྲིབ་སྦྱང་གི་དོན་ལུ་ རྐྱངམ་གཅིག་མེན་པར་ གཡུས་ཚན་དང་ མི་སེར་ཚུ་ལུ་ ཉེན་སྐྱོབ་དང་ རྐྱེན་བར་ཆད་ཚུ་ སེལ་དོ་ཡོདཔ་ལས་ ཟད་འགྲོ་ག་དེམ་ཅིག་གནས་རུང་ སྣང་དག་བསྐྱེད་ནི་མེད་ཟེར་ སླབ་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཟླ་རིམ་བཞིན་དུ་ ཚེས་བཅུ་ཚར་གཉིས་རེ་ བཟུང་མི་དེ་གིས་ སོ་ནམ་གྱི་ ལཱ་འབད་བའི་སྐབས་དང་ ལམ་འགྱོ་བའི་ཞོར་ཁར་ སྲིན་འབུབ་ཚུ་བསད་པའི་ སྡིག་སྒྲིབ་ཚུ་ཡང་ དག་ནི་གི་ ཕན་པ་ཡོདཔ་སྦེ་ ཆ་བཞག་དོ་ཟེར་ཨིན་པས།
ད་རུང་ རི་ཆང་ལུ་གཡུས་ཚན་གྱི་ མི་སེར་ཚུ་གིས་ མི་དགེ་བ་བཅུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ནི་དེ་གིས་ ཕགཔ་དང་ ར་དེ་ལས་བྱ་ཚུ་ གསོ་སྐྱོང་འཐབ་ནི་ སྤངས་ཡོདཔ་ཨིན་པས།
རི་ཆང་ལུ་གཡུས་ཚན་གྱི་ འོང་འབབ་ངོ་མ་ར་ ཚོད་བསྲེ་དང་ ཚལ་ལུ་མཙོང་ཐོག་ལས་ བཟོ་དོ་ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment