གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྦུག་ན་ལག་གཡོག་སྤེལ་ཁང་གི་ བཟོ་སྐྲུན་ཟད་འགྲོ་ དངུལ་ཀྲམ་ས་ཡ་༢༧.༣༥ ཡང་སེང་།

༤/༡༠/༢༠༡༢    ཁག་འབགཔ་གིས་ བཟོ་སྐྲུན་ཁག་འབག་གནང་གོང་ལས་ དངུལ་ཀྲམ་ས་ཡ་༤༨.༨༢ ཐེབས་ཐོབ་བརྗོད་བཀོད་ཡོདཔ།

༉ འདས་པའི་བདུན་ཕྲག་ནང་ བཀྲིས་སྒང་རྫོང་ཁག་ཁྲིམས་འདུན་གྱིས་ མ་དངུལ་ས་ཡ་༦༦.༡༢༧ འབད་མི་ སྦུག་ན་རང་འབྱུང་ལག་གཡོག་སྦྱོང་བརྡར་སྤེལ་ཁང་གི་ བཟོ་སྐྲུན་དང་འབྲེལ་བའི་ ངན་ལྷན་ལག་ལེན་གྱི་ ཉེས་འཛུགས་ཡུདཔ་ཅིག་ ཆ་མཉམ་ར་ ཕྱིར་འབུད་བཏང་མི་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།


རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༩ པའི་ཚེས་༢༨ ལུ་གནང་མི་ འཁྲུན་ཆོད་ལུ་ ད་ལྟོ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ལས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནི་གི་ འོས་འབབ་ཡོད་མེད་སྐོར་ལས་ ག་ནི་ཡང་ སླབ་ནི་མེད་ཟེར་ རྩོད་དཔོན་ཡོངས་ཁྱབ་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་པའི་ཁར་ ཁོང་ལུ་ མཐོ་གཏུགས་འབད་བ་ཅིན་ སྤྱི་ཟླ་༡༠ པའི་ཚེས་༡༡ ཚུན་ཡོདཔ་ལས་ དེ་བསྒང་ལས་རྐྱངམ་གཅིག་ སླབ་ཚུགས་ནི་མས་ཟེར་ བཤདཔ་ཨིན་པས།
ངན་ལྷད་དང་འབྲེལ་བའི་ ཉེས་འཛུགས་ཆ་མེད་བཏང་མི་ཚུ་གི་གྲས་ལས་ ཡ་མཚན་ཆེ་ཤོས་ར་ གཞུང་གིས་ དྭངས་གླིང་བཟོ་སྐྲུན་ལས་སྡེའི་ ཁག་འབགཔ་རིག་འཛིན་རྡོ་རྗེ་ལས་ དངུལ་ཀྲམ་ས་ཡ་༡༣.༩༦ ཐོབ་བརྗོད་བཀོད་མིའི་ཐད་ལུ་ ཁག་འབགཔ་གིས་ སོར་ཆུད་འབད་ནིའི་ཚབ་ལུ་ གཞུང་ལས་ དངུལ་ཀྲམ་ས་ཡ་༡༢.༥༩༢ ཐོབ་སྦེ་ འཁྲུན་ཆོད་གནང་མི་དེ་ཡང་ ཁག་འབགཔ་གིས་ མཐའ་བཅད་ཀྱི་ རྩིས་བཱིལ་བཙུགས་མི་ལུ་ གཞིར་བཞག་སྟེ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ རིག་འཛིན་རྡོ་རྗེ་གིས་ ཁག་འབགཔ་གི་ འགན་འཛིན་བར་རྐྱེན་དང་ ཉེན་བཅོལ་མ་འབད་མི་ དེ་ལས་ ལཱ་མ་འབད་བའི་ དངུལ་སྤྲོད་དང་ དངུལ་གཉིས་ལྟབ་ རྩིས་བཱིལ་ལྷག་ཐེབས་སྤྲོད་སྤྲོདཔ་ ཐོབ་ལམ་མེད་པའི་ དངུལ་སྤྲོད་འབད་མི་ ཚད་འཇལ་གཡོ་སྒྱུ་དང་ གོང་ཚད་གཡོ་སྒྱུའི་ཐོག་བཀོད་པ་ ཁྲིམས་མཐུན་མིན་པའི་ གོང་ཚད་ཡར་སེང་ཐོབ་བརྗོད་བཀོད་མི་ལུ་བརྟེན་ མ་དངུལ་ཚུ་ གཞུང་ལུ་ སོར་ཆུད་འབད་དགོཔ་ཨིན་ཟེར་ ཁྲིམས་འདུན་ལུ་ཞུ་ནུག།
ཨིན་རུང་ གཞུང་གིས་ ཁག་འབགཔ་ལས་ དངུལ་ཀྲམ་ས་ཡ་༡༣.༩༦ ཐོབ་བརྗོད་བཀོད་མི་ལས་ དངུལ་ཀྲམ་ས་ཡ་༡.༣༣༢ རྐྱངམ་གཅིག་ གཞུང་ལུ་ བཙུགས་དགོཔ་དང་ ལྷག་ལུས་དངུལ་ཀྲམ་ས་ཡ་༡༢.༥༩༢ དེ་ ཁག་འབག་གི་ ལཱ་སྤྲོད་མི་ ལས་མི་ལྷན་ཁག་གིས་ ཁག་འབགཔ་ལུ་ ཟླཝ་༡ གི་ནང་འཁོད་ལུ་ སྤྲོད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།
ཨེ་ཤི་ཡཱ་གོང་འཕེལ་དངུལ་ཁང་གི་ མ་དངུལ་གྲོགས་རམ་འབད་མི་ རང་འབྱུང་ལག་གཡོག་སྤེལ་ཁང་དེ་ སྤྱི་ལོ་༢༠༠༣ ཟླཝ་༤ འི་ཚེས་༨ ལུ་ མ་དངུལ་ས་ཡ་༤༤.༠༦༥ སྦེ་ དྭངས་གླིང་བཟོ་སྐྲུན་ལུ་ དུས་ཡུན་ཟླ་ངོ་༢༤ གི་དོན་ལུ་ སྤྲོད་ཡོདཔ་ད་ བཟོ་སྐྲུན་གྱི་ལཱ་ཚུ་ སྤྱི་ལོ་༢༠༠༥ ཟླཝ་༤ པའི་ཚེས་༦ ལུ་ མཇུག་བསྡུ་དགོཔ་ཨིན་པས།
སྤྱི་ལོ་༢༠༠༤ ཟླ་༧ པའི་ཚེས་༡༠ ལུ་ སྒམ་རི་ཆུ་བྲེས་ཏེ་ ཆུ་རུད་ཀྱིས་ བཟོ་སྐྲུན་ལཱ་ཚུ་ལུ་ གནོད་སྐྱོན་རྐྱབ་ལས་ བཟོ་སྐྲུན་བད་མི་ སྒྲིང་ཁྱིམ་༢ འཕྱགས་བདའ་ཡོདཔ་མ་ཚད་ ཁྱིམ་༡ རམ་སོང་པའི་ཁར་ སྒྲིང་ཁྱིམ་གཉིས་ མེདཔ་བཏང་མི་ལུ་བརྟེན་ བཟོ་སྐྲུན་ལཱ་ཚུ་ སྤྱི་ཟླ་༨ པའི་ཚེས་༢ ལུ་ མཚམས་འཇོག་འབད་བཞག་སྟེ་ ཟླཝ་༡༤ གི་རྒྱབ་ལས་ བཟོ་སྐྲུན་འབད་ནི་ ལོག་འགོ་བཙུགས་ནུག།
བཟོ་སྐྲུན་གྱི་ ལཱ་མཇུག་བསྡུའི་དུས་ཚོད་དེ་ སྤྱི་ལོ་༢༠༠༦ ཟླཝ་༨ པའི་ཚེས་༢༣ ལུ་ཨིན་རུང་ ལཱ་ཐེབས་སྤྲོད་མི་དང་བསྟུན་ སྤྱི་ལོ་༢༠༠༧ ཟླཝ་༦ པའི་ཚེས་༢༤ ལུ་ མཇུག་བསྡུ་དགོ་པའི་ ཞག་དུས་བྱིན་ཡོདཔ་ཨིན་རུང་ བཟོ་སྐྲུན་ལཱ་ཚུ་ གོ་རིམ་སྦེ་འབད་དེ་ སྤྱི་ལོ་༢༠༠༨ ཟླཝ་༣ པའི་ཚེས་༢༩ ལུ་ ལྷན་ཁག་ལུ་ རྩིས་སྤྲོད་ཡོདཔ་ཨིན་པས།
བཟོ་སྐྲུན་ལས་འགུལ་གྱི་ འཛིན་སྐྱོང་ཁ་ཐུག་ལས་ ཁག་འབག་གི་ སྔོན་རྩིས་གོང་ཚད་མ་བཏོན་ནི་དེ་གིས་ ཁག་འབགཔ་གིས་ ལཱ་མཇུག་བསྡུཝ་ད་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༡༡༤.༩༥ གི་རྩིས་བཱིལ་བཙུགས་ཡོདཔ་ཨིན་པས།
འགོ་ཐོག་ཁག་འབག་མ་དངུལ་ས་ཡ་༤༨.༠༨ ཨིན་རུང་ ཤུལ་ལས་ གནས་གོང་དངུལ་ཀྲམ་ས་ཡ་༣.༦༡ དེ་ཅིག་གི་ ལཱ་ཐེབས་སྤྲོད་པའི་ཁར་ དངུལ་ཀྲམ་ས་ཡ་༤.༢༦ གནས་པའི་ ས་ཁོངས་གོང་འཕེལ་གྱི་ ལཱ་ཐེབས་སྤྲོད་མི་ལུ་བརྟེན་ ཁག་འབག་གི་ གནས་གོང་དེ་ དངུལ་ཀྲམ་ས་ཡ་༥༥.༩༤ ལུ་ ལྷོད་ཡོད་མིའི་གུ་ སྤྱི་ལོ་༢༠༠༦ ཟླཝ་༨ པའི་ཚེས་༣ ལུ་ དངུལ་རྩིས་ལྷན་ཁག་གིས་ གོང་ཚད་ཡར་སེང་འགྱོ་བའི་ གྱོང་འཐུས་སྦེ་ དངུལ་ཀྲམ་ས་ཡ་༡༠.༡༨ གནང་བ་གྲོལ་མི་དང་བསྟུན་ ཁྲིམས་མཐུན་ཁག་འབག་གི་ གནས་གོང་ངོ་མ་ དངུལ་ཀྲམ་ས་ཡ་༦༦.༡༢ ལུ་ ལྷོད་ཡོདཔ་ཨིན་པས།
དེ་འབདཝ་ད་ རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༠༩ ལུ་ ལན་ཐེངས་༢ རྩིས་ཞིབ་འབདཝ་ད་ གནང་བ་གྲུབ་མི་ མ་དངུལ་ཡོངས་བསྡོམས་དང་ ཁག་འབགཔ་གིས་ ཐོབ་བརྫོད་བཀོད་མི་གཉིས་ཀྱི་བར་ན་ ཁྱད་པར་སྦོམ་ཆགས་ཡོད་པའི་ ངོས་འཛིན་བྱུང་ནུག།
ཁག་འབགཔ་གིས་ ཚུལ་མཐུན་མིན་པའི་ རྩིས་བཱིལ་ཚུ་བཙུགས་ཏེ་ དངུལ་ཀྲམ་ཡོངས་བསྡོམས་ ས་ཡ་༡༡༤.༩༥ ཐོབ་བརྗོད་བཀོད་མི་ལས་ གཞུང་གི་ས་ཁོངས་བཟོ་རིག་པ་དང་ ལས་འགུལ་འགོ་དཔོན་ དེ་ལས་ ཚོགས་ཆུང་གིས་ ཐོབ་བརྗོད་ཚུ་ལུ་ ངོས་ལེན་འབད་དེ་ དངུལ་ཀྲམ་ས་ཡ་༩༣.༤༨ གནང་བ་གྲུབ་པའི་ཤུལ་ལུ་ དངུལ་ཀྲམ་ས་ཡ་༧༤.༠༣ ཁག་འབགཔ་ལུ་ སྤྲོད་ཚར་ཡོདཔ་ལས་ དངུལ་ཀྲམ་ས་ཡ་༥.༤༨ ཐེབས་སྤྲོད་མི་དེ་ རྩིས་ཞིབ་དབང་འཛིན་གྱིས་ ལོག་བཙུགས་དགོཔ་སྦེ་སླབ་ནུག།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་འབད་བའི་ སྙན་ཞུ་དང་འཁྲིལ་ སྤྱི་ལོ་༢༠༡༠ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ལུ་ ཁག་འབགཔ་གིས་ ས་ཁོངས་བཟོ་རིག་པ་ ཀརྨ་དོན་གྲུབ་དང་ ལས་འགུལ་གྱི་ རྩིས་འཛིན་པ་ བསམ་གཏན་དབང་འདུས་གཉིས་ལུ་ དངུལ་ཀྲམ་ས་ཡ་༡.༠༧ ནང་གསུག་སྤྲོད་ཡོད་པའི་ ངོས་འཛིན་བྱུང་ཡོད་རུང་ ཁྲིམས་འདུན་ལས་ དེ་གི་ར་ཁུངས་སྒྲིང་སྒྲིང་བཀལ་ནི་མིན་འདུག་ཟེར་ ཉེས་འཛུགས་དེ་ ཕྱིར་འབུད་བཏང་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གནད་དོན་དེ་གི་སྐོར་ལས་ བཤེར་ཡིག་དེ་ བཀྲིས་སྒང་རྫོང་ཁག་ཁྲིམས་འདུན་ལུ་ སྤྱི་ལོ་༢༠༡༡ ཟླ་༢ པའི་ཚེས་༡༡ ལུ་ བཙུགས་ཡོད་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment