གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་ཚོད་བསྲེ་གི་ཚོང་སྒྱུར་ ལེགས་བསྒྱུར་སོང་ཡོདཔ།

༥/༡༠/༢༠༡༢   ༉ རྒྱལ་ཁབ་ནང་འཁོད་ལས་ཐོན་པའི་ ཚོད་བསྲེ་གི་རིགས་ཚུ་ ཚོང་སྒྱུར་འབད་མི་དེ་ ལེ་ཤ་གིས་ཡར་འཕར་སོང་བའི་ཁར་ ཕྱི་ལས་འབག་མི་ཚོད་བསྲེ་གི་རིགས་ཚུ་ མར་བབས་སོང་ཡོདཔ་ཨིན་པས།
སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ ཐིམ་ཕུ་སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་གྱི་ སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ཚོགས་སྡེའི་ གསལ་སྟོན་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ཟླ་༤ པ་ལས་ ཟླ་༩ པ་ཚུན་གྱི་བར་ན་ ནང་འདྲེན་འབད་མི་དང་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ཚུ་ ལེ་ཤ་གིས་ བསྒྱུར་བཅོས་སོང་ཡོདཔ་ཨིན་པས།

ཐིམ་ཕུའི་ཚོད་བསྲེ་ཁྲོམ།


དེ་ཡང་ སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་ནང་ སྤྱི་ཟླ་༤ པའི་ནང་ རྒྱ་གར་ལས་ ཚོད་བསྲེ་ནང་འདྲེན་འབད་མི་ མེ་ཊིག་ཊཱོན་༢༡༢ ལས་༡༩༨ ཡོད་མི་དེ་ སྤྱི་ཟླ་༩ པའི་བདུན་ཕྲག་དང་པའི་ནང་ མེ་ཊིག་ཊཱོན་༣༥ ལས་༣༢ ལུ་ མར་བབས་སོང་ཡོདཔ་ད་ ནང་འཁོད་ལས་ཐོན་མིའི་ཚོད་བསྲེ་རིགས་ཚུ་ ཚོང་འབྲེལ་འཐབ་མི་དེ་ སྤྱི་ཟླ་༤ པའི་ནང་ མེ་ཊིག་ཊཱོན་༦ ལས་༡༠ ཚུན་འབད་མི་དེ་ སྤྱི་ཟླ་༩ པའི་ནང་ མེ་ཊིག་ཊཱོན་༨༢ དང་༩༡ གི་བར་ན་ ཡར་འཕར་སོང་ཡོདཔ་ཨིན་པས།
ཐིམ་ཕུ་སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་ནང་ རྒྱལ་ཁབ་ནང་འཁོད་ལས་ཐོན་མི་ ཚོད་བསྲེ་གི་རིགས་ཚུ་ ཚར་གཅིག་གུ་ ཡར་འཕར་སོང་མི་དེ་ སྤྱི་ཟླ་༦ པའི་ནང་ མེ་ཊིག་ཊཱོན་༡༨ ལས་ ༥༩ ལུ་ ཡར་སེང་སྦོམ་སྦེ་ར་སོང་ཡོདཔ་བཞིན་དུ་ ཕྱིའི་ཚོད་བསྲེ་ནང་འདྲེན་འཐབ་མི་དེ་ སྤྱི་ཟླ་༦ པའི་བདུན་ཕྲག་མཇུག་གི་ནང་ མེ་ཊིག་ཊཱོན་༡༡༧ ལས་༦༡ ལུ་ མར་བབས་སོང་ནུག་ཟེར་ཨིན་པས།
སྤྱི་ཟླ་༩ པའི་ནང་ ཐིམ་ཕུ་སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་ཁར་ སྦུང་ཚོང་རྐྱབ་མི་༡༤ གིས་ ཚོད་བསྲེ་ མེ་ཊིག་ཊཱོན་༢༢ དང་ ཤིང་འབྲས་ཀྱི་རིགས་ མེ་ཊིག་ཊཱོན་༢ འབད་བའི་ཁར་ ཕུན་ཚོགས་གླིང་ལས་ མེ་ཊིག་ཊཱོན་༡༩༣ དང་ ཤིང་འབྲས་ཀྱི་རིགས་ མེ་ཊིག་ཊཱོན་༡༨ དགེ་ལེགས་ཕུག་ལས་ མེ་ཊིག་ཊཱོན་༣༢ དེ་ལས་ བསམ་རྩེ་ལས་ མེ་ཊིག་ཊཱོན་༡༡ ནང་འདྲེན་འབད་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
ཚོད་བསྲེ་ཁྲོམ་ཁར་ ནང་འཁོད་ལས་ཐོན་མི་ཚོད་བསྲེ་དང་ ནང་འདྲེན་འབད་མི་ཚོད་བསྲེ་གི་ གོང་ཚད་ཀྱི་ཁྱད་པར་ཚུ་ཡང་ ནང་འཁོད་ལས་ཐོན་མི་ གོན་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༥༠ དང་ ཨེ་མ་ཆུང་ཀུ་ལུ་ དངུལ་ཀྲམ་༡༢༠ བླམ་བན་ད་ལུ་ དངུལ་ཀྲམ་༤༥ ཀེ་བ་ དངུལ་ཀྲམ་༣༠ དེ་ལས་ ས་སྒ་ དངུལ་ཀྲམ་༡༨༠ སྦེ་ཡོདཔ་ཨིན་པས།
ནང་འདྲེན་འབད་མི་ གོན་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༤༠ དང་ ཨེ་མ་ཆུང་ཀུ་ལུ་ དངུལ་ཀྲམ་༩༠ བླམ་བན་ད་ དངུལ་ཀྲམ་༥༠ ཀེ་བ་ དངུལ་ཀྲམ་༢༥ དེ་ལས་ ས་སྒ་ལུ་ དངུལ་ཀྲམ་༡༢༠ འབད་དེ་ ཚོང་སྒྱུར་འཐབ་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་བདུན་ཕྲག་༤ པའི་ནང་ ནང་འཁོད་ལས་ཐོན་པའི་ ཚོད་བསྲེ་གི་རིགས་ཀྱི་གོང་ཚད་ བརྒྱ་འཁོར་ཚོང་ཁྲོམ་ནང་འབད་བ་ཅིན་ ཀེ་བ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༠ དང་ བླམ་བན་ད་ དངུལ་ཀྲམ་༤༥ མེ་ཏོག་ཀོ་པི་ དངུལ་ཀྲམ་༩༠ འདབ་མ་ཀོ་པི་ དངུལ་ཀྲམ་༣༠ ཨེ་མ་སྦོམ་ལུ་ དངུལ་ཀྲམ་༦༥ སྲནམ་ཅུམ་ དངུལ་ཀྲམ་༣༥ ལ་ཕུག་ དངུལ་ཀྲམ་༣༠ གོན་ དངུལ་ཀྲམ་༥༠ རེ་སྦེ་བཙོང་མི་དེ་ ཐིམ་ཕུ་ནང་འཁོད་ཀྱི་ ཚོང་འབྲེལ་འཐབ་སའི་ས་ཁོངས་ ཧཱོན་ཀཱོན་མར་ཀེཏ༌དང་ བདེ་ཆེན་ཆོས་གླིང་ དེ་ལས་ ལྕང་ཇི་ཇི་ཚོད་བསྲེ་ཁྲོམ་ཚུ་ནང་ ཀེ་བ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༦ དང་ བླམ་བན་ད་ དངུལ་ཀྲམ་༥༠ མེ་ཏོག་ཀོ་པི་ དངུལ་ཀྲམ་༨༠ འདབ་མ་ཀོ་པི་ དངུལ་ཀྲམ་༢༩ ཨེ་མ་སྦོམ་ དངུལ་ཀྲམ་༦༥ སྲནམ་ཅུམ་ དངུལ་ཀྲམ་༥༧ ལ་ཕུག་ དངུལ་ཀྲམ་༢༢ གོན་ དངུལ་ཀྲམ་༤༠ རེ་སྦེ་ཚོང་འབྲེལ་འཐབ་ཡོདཔ་ཨིན་པས།
གཞན་མི་རྫོང་ཁག་ ཆུ་ཁ་དང་ དར་དཀར་ནང་ དེ་ལས་ བསམ་རྩེ་ཚུ་གི་ ཚོད་བསྲེ་ཁྲོམ་ཚུ་ནང་ ཀེ་བ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༥ དང་ བླམ་བན་ད་ དངུལ་ཀྲམ་༥༥ འདབ་མ་ཀོ་པི་ དངུལ་ཀྲམ་༣༤ ཨེ་མ་སྦོམ་ དངུལ་ཀྲམ་༦༧ སྲནམ་ཅུམ་ དངུལ་ཀྲམ་༤༡ དེ་ལས་ ལ་ཕུག་ལུ་ དངུལ་ཀྲམ་༢༣ རེ་སྦེ་ཚོང་འབྲེལ་འཐབ་ཡོདཔ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment