གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་ཁ་ལུ་ འགྲུལ་སྐྱེལ་བཱསི་གི་ ཤོག་འཛིན་བཏོག་སའི་ ཁང་མིག་མེད་པའི་དཀའ་ངལ།

༥/༡༠/༢༠༡༢   ༉ ད་རེས་ནངས་པ་ སྤུ་ན་ཁ་ལུ་ འགྲུལ་སྐྱེལ་བཱསི་གི་དོན་ལུ་ ཤོག་འཛིན་བཏོག་སའི་ ཁང་མིག་མེད་མི་ལུ་བརྟེན་ བྱ་སྟབས་མ་བདེཝ་ཚུ་ ཐོན་དོ་ཡོདཔ་ཨིན་པས།


ཧེ་མ་འབད་བ་ཅིན་ ཐིམ་ཕུ་དང་ སྤུ་ན་ཁ་ལུ་ འགྲོ་འགྲུལ་འབད་མི་ འགྲུལ་སྐྱེལ་བཱསི་༢ ཡོདཔ་ད་ ད་རེས་ནངས་པ་ སྤུ་ན་ཁ་ལུ་ འགྲོ་འགྲུལ་འབད་མི་ མ་གཞི་ འགྲུལ་སྐྱེལ་བཱསི་ ཕུད་རྡོག་༡ ཡང་མེདཔ་ཨིན་རུང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ལུ་ ཞུ་བ་འབདཝ་བཞིན་དུ་ དཀར་སྦིས་སའི་ འགྲུལ་སྐྱེལ་བཱསི་གིས་འབད་ འགྲུལ་པ་སྐྱེལ་འདྲེན་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
དེ་ཡང་ སྤུ་ན་ཁ་དང་ ཐིམ་ཕུ་བར་ནའི་ འགྲུལ་སྐྱེལ་བཱསི་ མེདཔ་ཐལ་ནི་དེ་གིས་ ད་ལྟོ་ ལོག་འགོ་བཙུགས་མ་ཚུགས་པར་ ཡོད་ནི་དེ་གིས་ཨིནམ་ད་ དེ་གིས་སྦེ་ གཡུས་སྒོའི་མི་སེར་ཚུ་ལུ་ དཀའ་ངལ་བྱིན་དོ་ཡོདཔ་ཨིན་པས།
དཀར་སྦིས་སའི་ འགྲུལ་སྐྱེལ་བཱསི་གི་ཇོ་བདག་ སྲིད་རྒྱལ་གྱིས་ ཀུན་གསལ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ སྤུ་ན་ཁ་དང་ ཐིམ་ཕུ་བར་ནའི་ སྐྱེལ་འདྲེན་གྱི་ ཞབས་ཏོག་མེད་པ་ལུ་བརྟེན་ ཁོ་གིས་ མི་སེར་ཚུ་གི་དཀའ་ངལ་ ག་དེ་དྲག་དྲག་ བསལ་ནི་ལུ་ ཆ་རོགས་འབད་དོ་ཟེར་ཨིན་པས།
དཀར་སྦིས་སའི་ འགྲུལ་སྐྱེལ་བཱསི་གི་ ཞབས་ཏོག་ལག་ལེན་འཐབ་ད་ལུ་ ཤོག་འཛིན་དེ་ དཔྱ་༢ ལུ་ བགོ་བཤའ་རྐྱབ་སྟེ་བྱིན་དོ་ཟེར་ཨིནམ་ད་ མི་ཚུ་གིས་ ཤོག་འཛིན་བཏོག་ནིའི་དོན་ལུ་ ཁང་མིག་མ་བཙུགས་མི་དེ་ཡང་ མི་མང་ཤོས་ར་ ས་ཐག་རིང་སར་ལས་ འོང་དགོ་པའི་ཁར་ ཁ་གཏོར་ཏེ་ཡོདཔ་ལས་ ཁོང་ལུ་ བྱ་སྟབས་མ་བདེཝ་ བྱུངམ་མས་ཟེར་ཨིན་པས།
འགྲུལ་སྐྱེལ་བཱསི་ནང་ འགྲོ་འགྲུལ་འབད་མི་ཚུ་གིས་ བཤད་མིའི་ནང་ འགྲུལ་སྐྱེལ་བཱསི་གི་ཞབས་ཏོག་ ཕུད་རྡོག་༡ ལས་མེད་ནི་དེ་གིས་ འགྲུལ་པ་ལེ་ཤ་འོངམ་ད་ བྱ་སྟབས་མ་བདེཝ་ བྱུངམ་མས་ཟེར་ཨིནམ་ད་ གལ་སྲིད་ ག་དེམ་ཅིག་སྦེ་ ཤོག་འཛིན་བཏོག་སའི་ཁང་མིག་༡ དང་ འགྲུལ་སྐྱེལ་བཱསི་ ཐེབས་བཙུགས་གནང་པ་ཅིན་ ཕན་ཁྱད་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ཨིན་པས།
སྤུ་ན་ཁ་དང་ ཐིམ་ཕུའི་བར་ན་ འགྲོ་འགྲུལ་འབད་མི་ བཱསི་དེ་གིས་ ཉིནམ་༡ ནང་ ཕར་ཚུར་འགྲུལ་སྐྱོད་འབད་དོ་ཡོདཔ་བཞིན་དུ་ འགྲུལ་པ་ཚུ་ བཱསི་མ་ལྷོད་ཚུན་ ཤོག་འཛིན་བཏོག་ནི་ལུ་ སྒུག་སྡོད་དགོཔ་ཨིན་པས།
ཤོག་འཛིན་ཚུ་ བཱསི་ནང་ལས་ བཏོག་དགོ་ནི་དེ་གིས་ རེས་ཅིག་སྐབས་ ཤོག་འཛིན་མ་ཐོབ་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
ཧེ་མ་ སྤུ་ན་ཁའི་ འགྲུལ་སྐྱེལ་བཱསི་ཡོད་པའི་སྐབས་ ཤོག་འཛིན་བཏོག་སའི་ ཁང་མིག་ཅིག་ཡོདཔ་ཨིན་རུང་ ད་རེས་ མེད་པ་ལུ་བརྟེན་ འགྲུལ་པ་ཚུ་གིས་ ཤོག་འཛིན་གྱི་སྐོར་ལས་ ཉོགས་བཤད་བཀོདཔ་ད་ འགྲུལ་སྐྱེལ་བཱསི་དེ་ སྤུ་ན་ཁའི་མིན་པར་ དཀར་སྦིས་སའི་ཨིན་ཟེར་ སླབ་དོ་ཟེར་ཨིན་པས།
བུམ་པ་སྐྱེལ་འདྲེན་གྱི་ཇོ་བདག་ སྲིད་རྒྱལ་གྱིས་ སླབ་མིའི་ནང་ ད་ཚུན་གྱི་རིང་ མི་སེར་གྱི་མཐའ་དོན་ལུ་ ག་དེ་དྲག་དྲག་ ཞབས་ཏོག་ཞུ་ཡོདཔ་མ་ཚད་ ད་ལས་ཕར་འབད་རུང་ རྩ་འགེངས་ཏེ་ ཕྱག་ཞུ་ནིའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment