གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་བུཚ་ཅིག་ གཙང་ཆུའི་ནང་ཐིམ་སྟེ་ ཤི་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ བུམ་ཐང་ སྟང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་བུཚ་ སྐྱེས་ལོ་༡༤ འབད་མི་ཅིག་ སྟང་གཙང་ཆུའི་ནང་ ཐིམ་སྟེ་ཤི་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བུཚ་དེ་ ཆ་རོགས་༥ དང་གཅིག་ཁར་ སློབ་གྲྭའི་ཉེ་འདབས་ལུ་ཡོད་པའི་ གཙང་ཆུའི་ནང་ རྩལ་རྐྱབ་པར་འགྱོ་བའི་སྐབས་ རྐྱེན་ངན་བྱུང་ནུག་ཟེར་ཨིནམ་ད་ སློབ་ཕྲུག་བུཚ་དེ་ རྩལ་ལེགས་ཤོམ་སྦེ་ རྐྱབ་མ་ཤེས་མི་ཅིག་ཨིན་པས།
ཉམས་རྒུདཔ་དེ་ ཆུ་ནང་ཐིམ་པའི་སྐབས་སུ་ ཁོ་རའི་ ཆ་རོགས་ཚུ་གིས་ སྲོག་སྐྱབས་འབད་ནིའི་ དཔའ་བཅམ་རུང་ བུཚ་དེ་ གཙང་ཆུའི་ནང་ན་ ཐོགས་ལུས་ཏེ་ བཏོན་མ་ཚུགསཔ་ལས་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་ཚུ་གིས་ རྩལ་རྐྱབ་ཐོག་ལས་ བཏོན་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཙང་ཆུ་དེ་ གཏིང་ཚད་ཕིཊ་༥ ལྷགཔ་ཅིག་འདུག་ཟེར་ཨིནམ་ད་ ཚེ་འདས་དེ་ སྟང་རྒེད་འོག་ ཨོ་རྒྱན་ཆོས་གླིང་ལས་ ཨིན་པའི་གནས་ཚུལ།

No comments:

Post a Comment