གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མིང་ཚིག་ཐ་སྙེད་ཀྱི་དོན་ལུ་ རྫོང་ཁ་ཁྱད་རིག་ཚོགས་ཆུང་ གཞི་བཙུགས་འབད་ཡོདཔ།

༥/༡༠/༢༠༡༢    ༉ འཕྲལ་ཁམས་ཅིག་ཁར་ རྫོང་ཁ་གོང་འཕེལ་དང་ དར་ཁྱབ་ཀྱི་དོན་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་ནང་ འབྲུག་གི་རྒྱལ་ཡོངས་ སྐད་ཡིག་གི་གནས་ཚད་ ཡར་དྲག་བཟོ་ནིའི་དོན་ལུ་ རྫོང་ཁ་ཁྱད་རིག་ཚོགས་ཆུང་ཅིག་ གཞི་བཙུགས་ འབད་ཡོདཔ་ཨིན་པས།


དྲགོས་དྲུང་ཆེན་གྱིས་གསུངས་མིའི་ནང་ ད་རེས་ནངས་པ་ མི་མང་ཤོས་ཅིག་གིས་ར་ ཨིང་སྐད་ཀྱི་ཚིག་ དཔེ་འབད་བ་ཅིན་ སཱར་ མེ་ཌམ་ མིས་ཀཱོལ་ ཟེར་མི་ཚུ་ཨིང་སྐད་ཐོག་ལུ་སྦེ་ར་ ལག་ལེན་འཐབ་དོ་ཡོདཔ་ལས་ འདི་ཚུ་རྫོང་ཁའི་ཐོག་ལུ་ ཁ་བསྒྱུར་འབད་ནིའི་དོན་ལུ་ རྫོང་ཁ་ཁྱད་རིག་ཚོགས་ཆུང་ཅིག་མཁོ་གལ་ཡོདཔ་མཐོང་སྟེ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ལས་ གནང་བ་གྲུབ་ཡོདཔ་བཞིན་དུ་ དེའི་སྐོར་ལས་ སྤྱི་ཟླ་༥ པའི་ཚེས་༡༤ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ ཚོགས་ཐེངས་༢༣ པའི་གྲོས་ཆོད་ལྟར་དུ་ རྫོང་ཁ་ཁྱད་རིག་ཚོགས་ཆུང་གི་ རྒྱབ་རྟེན་གནད་དོན་ དོན་ཚན་༡༡ འབད་མི་ཅིག་ བཟོ་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཨིང་སྐད་ནང་ཡོད་མི་ ཐ་སྙད་ཀྱི་མིང་ཚིག་ཚུ་ མང་ཤོས་ར་ རྫོང་ཁ་ནང་མེདཔ་ལས་བརྟེན་ དེ་དང་ཆ་མཚུངས་ཀྱི་ མིང་ཚིག་གསར་སྟོན་འབད་ནིའི་ ལཱ་འགན་དེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལུ་ ཕོགཔ་ལས་ ལཱ་ཚུ་ག་ར་ ལྷན་ཚོགས་ཀྱིས་འབད་ཞིནམ་ལས་ མཐའན་མཇུག་གི་ངོས་ལེན་གྲོས་འཆར་དེ་ ཚོགས་ཆུང་ལུ་ བཙུགས་དགོཔ་ཨིན་པས།
ཚོགས་ཆུང་གིས་ མིང་ཚིག་ཚུ་གཏན་འཁེལ་ཨིན་མེན་ ཞིབ་འཇུག་འབད་ཞིནམ་ལས་ ཆ་འཇོག་འབད་ནི་ཨིནམ་ད་ དོགས་པ་ཡོད་པའི་མིང་ཚིག་ཚུ་ མི་མང་བསམ་བཀོད་ཀྱི་དོན་ལུ་ ཡོངས་འབྲེལ་འཆར་སྒོའི་ནང་ བཙུགས་ནི་ཨིནམ་ད་ མི་མང་ལས་བསམ་འཆར་ལྷོད་མི་དང་འཁྲིལ་ འོས་འབབ་བལྟ་སྟེ་ ལྷན་ཚོགས་ཀྱིས་ གྲོས་འཆམ་འབད་དེ་ ཚོགས་ཆུང་ལུ་ ཕུལ་ནི་ཟེར་ཨིན་པས།
རྫོང་ཁའི་ཐ་སྙེད་མིང་ཚིག་ཚུ་ ངོས་ལེན་གྲུབ་པའི་ཤུལ་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ བརྡ་བརྒྱུད་ནང་ གསལ་བསྒྲགས་འབད་ནི་ཨིན་ཟེར་ཨིན་པས།
རྫོང་ཁ་ཁྱད་རིག་ཚོགས་ཆུང་གི་ འཐུས་མི་ཚུ་ གདམ་འཐུ་འབད་བའི་སྐབས་ ཁོང་རའི་ཉམས་མྱོང་དང་ ཤེས་ཚད་ དེ་ལས་ གཡོག་གི་གོ་གནས་ཚུ་ལུ་ གཞི་བཞག་ཐོག་ལས་ ཁོང་ར་ལུ་ བསྟུན་གྲོས་འབད་ཡི་ཟེར་ཨིན་པས།
རྫོང་ཁ་ཁྱད་རིག་ཚོགས་ཆུང་གི་དོན་ལུ་ འཐུས་མི་༩ ཡོདཔ་ད་ ཞལ་འཛོམས་དེ་ ལོ་རེ་ནང་ ཐེངས་༣ དང་༤ དེ་རེ་འཚོགས་ནི་ཨིནམ་ལས་ དེའི་སྐབས་ ད་རེས་ནངས་པ་དུས་རྒྱུན་དུ་ ལག་ལེན་འཐབ་མིའི་ཚིག་ཚུ་ གཏན་འཁེལ་བཟོ་བཞིནམ་ལས་ མི་མང་ལུ་ གསལ་སྟོན་འབད་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

སངས་རྒྱས་དཔལ་འབྱོར།

No comments:

Post a Comment