གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་གྱི་གྱངས་ཁ་ཡར་སེང་གིས་ མཐའ་འཁོར་གནས་སྟངས་ལུ་ ཚ་གྱང་གི་གཞི་གནད།

༥/༡༠/༢༠༡༢    རྒྱལ་ཁབ་ནང་ སྣུམ་འཁོར་གྱི་གྱངས་ཁ་ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་ལུ་བརྟེན་ ཁྲོམ་སྡེ་ཁག་ཚུ་ནང་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་དང་ སྣུམ་འཁོར་ལུ་བརྟེན་པའི་བཙོག་རླུང་ ཡར་སེང་འགྱོ་ནིའི་འོས་འབབ་ཡོད་མི་དེ་ དོ་འགྲན་ཅན་གྱི་ གནས་སྟངས་ཅིག་ལུ་ འགྱུར་དོ་ཡོདཔ་ཨིན་པས།


དེ་བཟུམ་མའི་ གནས་སྟངས་བྱུང་མི་དེ་ཡང་ གཙོ་བོ་ར་ ལོ་བསྟར་བཞིན་དུ་ སྣུམ་འཁོར་གྱི་གྱངས་ཁ་དེ་ ཡར་སེང་འགྱོ་དོ་ཡོད་པའི་ཁར་ དེ་དང་བསྟུན་པའི་ས་སྣུམ་གྱི་ལག་ལེན་ཡང་ ཡར་སེང་འགྱོཝ་ཨིན་པས།
སྣུམ་འཁོར་གྱི་གྱངས་ཁ་དེ་ སྤྱི་ལོ་༢༠༠༠ ལུ་༡༩༤༦༣ དེ་ཅིག་ཡོད་མི་དང་ཕྱདཔ་ད་ ལོ་བསྟར་བཞིན་དུ་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་འགྱོ་མི་གིས་ ན་ཧིང་སྣུམ་འཁོར་ཡོངས་བསྡོམས་༦༢༧༢༤ ཡོད་མི་ལས་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ལུ་ སྣུམ་འཁོར་གྱི་གྱངས་ཁ་༦༦༤༣༠ ལུ་ ལྷོད་ཡོདཔ་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༠ ལས་ སྤྱི་ལོ་༢༠༠༧ ཚུན་གྱི་རིང་ ལོ་བསྟར་བཞིན་དུ་ སྣུམ་འཁོར་༢༠༠༠ དང་༣༠༠༠ གི་བར་ན་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༠༧ ལས་འགོ་བཙུགས་ ན་ཧིང་ཚུན་ལུ་ ལོ་བསྟར་བཞིན་དུ་ སྣུམ་འཁོར་༤༠༠༠ དང་༧༠༠༠ ལྷགཔ་རེ་ ཡར་སེང་སོང་ཏེ་འདུག་ཟེར་ཨིན་པས།
ས་སྣུམ་གྱི་ལག་ལེན་གནས་སྟངས་ལུ་བལྟ་བ་ཅིན་ ས་སྣུམ་ ཌི་ཟིལ་གྱི་ལག་ལེན་དེ་ ལོ་བསྟར་བཞིན་དུ་ པེ་ཊོལ་དང་ཕྱདཔ་ད་ ནང་འདྲེན་རྒྱ་ཆེ་དྲགས་སྦེ་ཡོདཔ་ལས་ བཙོག་རླུང་ཡར་སེང་དེ་ཡང་ ས་སྣུམ་པེ་ཊོལ་དང་ཕྱདཔ་ད་ ཌི་ཟིལ་གྱིས་ མང་སུ་ཐོན་དོ་ཡོད་པའི་གསལ་སྟོན་བྱུངམ་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པ་ཚུན་ལུ་ སྣུམ་འཁོར་ཡོངས་བསྡོམས་༦༦༤༣༠ ཐོ་བཀོད་འབད་ཡོད་ས་ལས་ ནང་འདྲེན་གྱི་གྱངས་ཁ་ མཐོ་ཤོས་ར་ སྣུམ་འཁོར་ཆུང་བའི་རིགས་ བརྒྱ་ཆ་༥༨ ཡོད་པའི་ཁར་ བརྒྱ་ཆ་༡༥ འཁོར་ལོ་༢ མ་དང་ བརྒྱ་ཆ་༡༢ སྣུམ་འཁོར་ཆེ་བ་ཚུ་ཡོདཔ་ཨིན་པས།
སྣུམ་འཁོར་བར་མའི་རིགས་ བརྒྱ་ཆ་༢ དང་ གླ་འཁོར་ བརྒྱ་ཆ་༨ འཕྲུལ་གླང་པ་ཝར་ཊེ་ལར་ བརྒྱ་ཆ་༢ ཡོདཔ་ཨིན་པས།
དེ་འབདཝ་ད་ ས་སྣུམ་ཌི་ཟིལ་ལག་ལེན་འཐབ་མི་དེ་ སྣུམ་འཁོར་ཆེ་བ་དང་ བར་མ་ དེ་ལས་ འཕྲུལ་གླང་གི་རིགས་ཚུ་ཨིན་པའི་ཁར་ སྣུམ་འཁོར་ཆུང་བ་ཚུ་ནང་ཡང་ ས་སྣུམ་ཌི་ཟིལ་ལག་ལེན་འཐབ་མི་ ཡོད་དེ་འབད་རུང་ དེ་གི་ཐོ་ཡིག་གནས་སྡུད་ཅིག་ དབང་འཛིན་ལུ་མེདཔ་ཨིན་པས།
དེ་འབད་ནི་དེ་གིས་ སྣུམ་འཁོར་ལུ་བརྟེན་པའི་ ཁྲོམ་སྡེའི་སྐྱེལ་འདྲེན་གནས་སྟངས་དང་ མཐའ་འཁོར་གནས་སྟངས་སྲུང་སྐྱོབ་ཀྱི་དོན་ལུ་ ཁྲོམ་སྡེའི་ནང་ བཙོག་རླུང་བརྒྱ་ཆ་ག་དེ་ཅིག་ སྣུམ་འཁོར་ལུ་བརྟེན་བྱུང་དོ་ཡོདཔ་ཨིན་ན་ ཞིབ་འཚོལ་འབད་དགོཔ་ཡོད་པའི་ཁར་ སྐྱེལ་འདྲེན་གནས་སྟངས་འཛིན་སྐྱོང་གི་ ལམ་ལུགས་གསརཔ་ཚུ་ཡང་ བལྟ་ཞིབ་འབད་དགོཔ་ཡོདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment