གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྒྱུད་འཕྲིན་ཨང་༡༨༧ ཐོག་ལས་ ཉོགས་བཤད་བཀོད་ཚུགས་ནི།

༨/༡༠/༢༠༡༢   ༉ ད་ལས་ཕར་ ཕུན་ཚོགས་གླིང་ཁྲོམ་ཁར་ སྡོད་མི་ཚུ་གིས་ ཁྲོམ་སྡེའི་ཞབས་ཏོག་དང་འབྲེལ་བའི་ ཉོགས་བཤད་བཀོད་ནིའི་དོན་ལུ་ རིན་མེད་བརྒྱུད་འཕྲིན་ཨང་༡༨༧ ཐོག་ལས་ དྲོ་པའི་ཆུ་ཚོད་༦ དང་ ནུབ་མོའི་ཆུ་ཚོད་༩ གི་བར་ན་ དུས་ཚོད་ནམ་ར་ཨིན་རུང་ བཀོད་ཚུགས་ནི་ཨིན་པས།
རིན་མེད་ཞབས་ཏོག་ལྟེ་བའི་ ལས་བྱེདཔ་ཨམ་སྲུ་ཅིག་གིས་ བརྒྱུད་འཕྲིན་ཐོག་ ཉོགས་བཀོད་ལེན་པའི་བསྒང་།


དེ་ཡང་ མི་ཚུ་གིས་ ཁྲོམ་སྡེའི་ཞབས་ཏོག་ལེགས་ཤོམ་མེད་པའི་ཁར་ ཞབས་ཏོག་ཚུ་ མགྱོགས་སུ་སྦེ་ མཁོ་སྤྲོད་མི་འབད་བའི་སྐོར་ ཁ་བཏང་ཡོདཔ་མ་ཚད་ ཉོགས་བཤད་བཀོད་རུང་ དེ་ལུ་ ངོས་ལེན་མི་འབད་བས་ཟེར་ སྐྱོན་བརྗོད་འབད་བའི་ཤུལ་ལུ་ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ རིན་སྤྲོད་མ་དགོ་པར་ ལས་མགྲོན་པའི་ བརྒྱུད་འཕྲིན་ཞབས་ཏོག་ལྟེ་བ་ཅིག་ འགོ་བཙུགས་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ ཁྲོམ་སྡེ་ལུ་ ཞབས་ཏོག་ཕན་ནུས་ཅན་མེད་པའི་སྐོར་ ཉོགས་བཤད་བཀོད་མི་དེ་ཡང་ བརྒྱུད་འཕྲིན་ཐོག་  ཉོགས་བཀོད་ལེན་མི་ ཕུད་རྡོག་གཅིག་ལས་བརྒལ་མེད་པའི་ཁར་ ཡིག་ཚང་གི་ ལཱ་གཞན་ཚུ་ཡང་འབད་དགོ་ནི་དེ་གིས་ཨིན་ཟེར་ ཁྲོམ་སྡེའི་མཐའ་འཁོར་གནས་སྟངས་སྡེ་ཚན་གྱི་འགོ་འཛིན་ འཇིགས་མེད་ཕུན་ཚོགས་ཀྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ག་ར་གིས་ བརྒྱུད་འཕྲིན་གཅིག་གི་ཐོག་ལས་ ཉོགས་བཤད་བཀོདཔ་ད་ རྒྱུན་ལམ་སོ་སོའི་ནང་ འགྱོ་མི་ལུ་བརྟེན་ ཟད་འགྲོ་འཕྲོ་བརླག་འགྱོ་བའི་ཁར་ ཉོགས་བཤད་ཚུ་ འབྲེལ་ཡོད་སྡེ་ཚན་ནང་ མ་ལྷོད་པའི་ དཀའ་ངལ་ཚུ་ བྱུང་ཡོད་ཟེར་ཨིན་པས།
མ་གཞི་ ཁྲོམ་སྡེ་ཡིག་ཚང་གིས་ བརྒྱུད་འཕྲིན་ནང་ལྷོད་མི་ ཉོགས་བཤད་ཚུ་ ཐོ་བཞག་ནི་མེད་རུང་ ཉིན་བསྟར་བཞིན་དུ་ ཉོགས་བཤད་༡༠ ལྷགཔ་རེ་ ཐོབ་དོ་ཡོདཔ་ཨིན་པས།
ད་རེས་ རིན་སྤྲོད་མ་དགོ་པའི་ བརྒྱུད་འཕྲིན་ཨང་གསརཔ་བཙུགས་མི་དང་འཁྲིལ་ མི་ཚུ་གིས་ ཁྲོམ་སྡེའི་ཞབས་ཏོག་ དཔེར་ན་ འཐུང་ཆུ་དང་ བཙོག་ཡུར་ ཕྱགས་སྙིགས་ ཁྲོམ་རྒྱུན་སྐྱོང་ དེ་ལས་ དཀའ་ངལ་གཞན་ཚུ་གི་སྐོར་ལས་ ཉོགས་བཤད་བཀོད་ཚུགས་ནི་ཨིན་པས།
ད་ལས་ཕར་ ཆུ་དུང་ཆག་ཡོདཔ་དང་ ཡང་ཅིན་ ཆུ་འཛགས་པ་ཅིན་ མི་ཚུ་གིས་ ཐད་ཀར་དུ་ ཁྲོམ་སྡེའི་བརྒྱུད་འཕྲིན་གཏོང་ཁང་ནང་བཏང་སྟེ་ ཉོགས་བཤད་བཀོད་ཚུགས་ནི་ཨིནམ་ལས་ འཕྲོ་བརླག་མི་འགྱོ་ཟེར་ འཇིགས་མེད་ཕུན་ཚོགས་ཀྱིས་ སླབ་ཨིན་པས།
ད་རེས་ནངས་པ་ ཕུན་ཚོགས་གླིང་ཁྲོམ་སྡེ་ཡིག་ཚང་ནང་ ཆུ་དང་ གློག་མེ་ བཙོག་ཆུ་ལ་སོགས་པའི་ ཞབས་ཏོག་ཚུ་ནང་ ལཱ་འབད་མི་༤༠ དེ་ཅིག་ཡོདཔ་ཨིན་པས།
འཇིགས་མེད་ཕུན་ཚོགས་ཀྱིས་འབད་བ་ཅིན་ རིན་མེད་བརྒྱུད་འཕྲིན་ཞབས་ཏོག་དེ་ ཉོགས་བཤད་བཀོད་ནིའི་དོན་ལུ་རྐྱངམ་གཅིག་མེད་པར་ ཕུན་ཚོགས་གླིང་ཁྲོམ་ལུ་ཕན་པའི་ བསམ་འཆར་དང་ ཚ་གྱང་ གྲོས་འཆར་ཚུ་བཀོད་སའི་ ལྟེ་བ་ཅིག་སྦེ་ཡང་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
ལས་མགྲོན་པའི་ ཞབས་ཏོག་ལྟེ་བ་དེ་ སྤྱི་ཟླ་༡༠ པའི་ཚེས་༥ ལུ་ འགོ་འབྱེད་འབད་ཡོད་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment