གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྨགཔ་གིས་ ཨ་ལུ་འབག་ཡར་སོ་པའི་ཉོགས་བཤད།

༨/༡༠/༢༠༡༢   ༉ གསར་སྤང་རྫོང་ཁག་ གསེར་གཤོང་རྒེད་འོག་ ནོར་བུ་གླིང་གཡུས་ཚན་ནང་ལས་ སྐྱེས་ལོ་༢༥ ལང་མི་ ཨོ་རྒྱན་ཆོས་སྒྲོན་དེ་ ད་རེས་ནངས་པ་ སེམས་ཁར་སྡུག་བསྔལ་ཚད་མེད་བྱུང་སྟེ་ ཡོད་མི་དེ་ཡང་ རྨགཔ་གིས་ ཨོམ་འཐུང་སྡོད་མི་ མོ་རའི་ ཨ་ལུ་དེ་ འབག་ནི་དེ་གིས་ཨིན་པས།


ངེ་གི་ཨ་ལུ་དེ་ རྨགཔ་གིས་ ཤོབ་རྐྱབ་སྟེ་ འབག་ཡར་སོང་ནི་དེ་གིས་ ད་ལྟོ་ ག་དེ་སྦེ་ཡོད་གའི་ མནོ་བསམ་བཏངམ་ད་ བཟོད་མི་ཚུགས་པས་ཟེར་ ཨོ་རྒྱན་ཆོས་སྒྲོན་གྱིས་ མིག་ཆུ་དང་བཅསཔ་སྦེ་ སླབ་ཨིན་པས།
ཨོ་རྒྱན་གྱིས་ སླབ་མི་དང་འཁྲིལཝ་ད་ འདས་པའི་ལོ་༦ དེ་ཅིག་གི་ཧེ་མར་ མོ་དང་ མོ་རའི་རྨགཔ་ དབང་འདུས་ཕོ་བྲང་རྫོང་ཁག་ འཕང་ཡུལ་སྒང་ལས་ཨིན་མི་དང་གཅིག་ཁར་ གཉེན་བསྡོམས་ཞིནམ་ལས་ རྨགཔ་གི་ཁྱིམ་ནང་ར་ ད་ལྟོ་ཚུན་ མནའམ་སྦེ་ ལཱ་གཡོག་འབད་སྡོད་རུང་ དུས་རྒྱུན་དུ་ བརྡུང་རྫོབ་འབད་དེ་ སྐྱིད་ཏོང་ཏོ་སྦེ་ མ་བཞག་ཟེར་ཨིན་པས།
དེ་མ་ཚད་ འདས་པའི་བདུན་ཕྲག་༡ གི་ཧེ་མ་ཡང་ ཁོ་རའི་ཤོ་པ་ར་ལ་ ག་ཏེ་བཞག་ཡི་ག་ཟེར་དྲི་བའི་སྐབས་ མ་ཤེས་ཟེར་སླབ་ད་ དོན་དག་ག་ནི་ཡང་མེད་པར་ སྤག་ཤིང་གིས་ བརྡུང་རྫོབ་འབད་ནི་དེ་གིས་ རྨ་ཁ་ཚུ་ ད་ལྟོ་ཡང་ མ་དྲག་པར་ཡོད་ཟེར་ཨིན་པས།
ཨིན་རུང་ ང་གིས་ ག་ལུ་ཡང་མ་སླབ་པར་ གསང་བཞག་ཡི་ཟེར་ཨིན་པས།
འདས་པའི་བདུན་ཕྲག་གི་ རེས་གཟའ་པ་སངས་ལུ་ མོ་རའི་གཡུས་ཁར་ ཕམ་གྱིས་ ས་འཇལ་བར་ཤོག་ཟེར་ བརྒྱུད་འཕྲིན་ལྷོད་པའི་ཤུལ་ལུ་ ཁོང་ཕ་སྤད་མ་སྨད་༣ གཡུས་ཁར་འོང་ཡི་ཟེར་ཨིན་པས།
གཡུས་ཁར་སྡོད་པའི་བར་ན་ རེས་གཟའ་ཟླ་བའི་ཕྱི་རུ་ མོ་རའི་སྤུན་ཆ་ཅིག་གི་ཁྱིམ་ནང་ ཕྱི་རུའི་བཞེས་སྒོ་བཟའ་བར་ འབོ་ཡོདཔ་བཞིན་དུ་ ཁྱིམ་ནང་ལྷོདཔ་ད་ མོ་རའི་རྨགཔ་གིས་ ད་རིས་ ང་འུ་སྡུག་ཆི་ བུམོ་ང་བཅས་༢ ཁྱིམ་ནང་འགྱོ་སྦེ་ ཉལ་སྡོད་ནི་ཟེར་སླབ་སྟེ་ སྣུམ་འཁོར་བདའ་སྟེ་ བྱོག་ཡར་སོ་ཡི་ཟེར་ཨིན་པས།
བཞེས་སྒོ་བཟའ་ཚར་བའི་ཤུལ་ལས་ ཁྱིམ་ནང་འགྱོ་ལྟཝ་ད་ གར་སོང་མེད་པར་ བྱང་ད་ནུག་ཟེར་ཨིནམ་ད་ ཆརཔ་ཤུགས་སྦེ་རྐྱབ་པའི་སྐབས་ ནུབ་མོའི་ཆུ་ཚོད་༡༡ ཚུན་ མོ་དང་མོ་རའི་སྤུན་ཆ་ཚུ་གིས་ ག་ཏེ་འཚོལ་རུང་ འཚོལ་མ་ཐོབ་པར་ སྡོད་པའི་བར་ན་ དགེ་ལེགས་ཕུག་ ཁྲིམས་སྲུང་ཡིག་ཚང་ནང་ལས་ བརྒྱུད་འཕྲིན་ནང་ ཁྱོད་ཀྱི་རྨགཔ་དང་ཨ་ལུ་ དབང་འདུས་ཕོ་བྲང་ལུ་ ཁོ་རའི་ གཡུས་ལྟ་སྟེ་ ཡར་སོ་ཡི་ཟེར་ སླབ་དེས་ཟེར་ཨིན་པས།
དེ་གི་ཤུལ་ལས་ མོ་གིས་ རྨགཔ་ལུ་ འགྲུལ་འཕྲིན་ཚར་ག་དེམ་ཅིག་བཏང་རུང་ འཐུ་ནི་མེད་པའི་ཁར་ འཕྲལ་འཕྲལ་ར་ བཀག་བཞག་ནི་དེ་གིས་ ཚ་གྱང་སྦོམ་ལང་སྟེ་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ལུ་ ཉིནམ་དེ་གི་ནངས་པར་ ཁ་གིས་ སྙན་ཞུ་འབད་བཞག་ཡི་ཟེར་ཨིན་པས།
ང་གིས་ འཕང་ཡུལ་ལུ་ ཁྱིམ་ཚང་ཚུ་ལུ་ འགྲུལ་འཕྲིན་བཏངམ་ད་ ཨ་ལུ་དེ་ ཁྱིམ་ནང་མིན་འདུག་ཟེར་ སླབ་ནི་དེ་གིས་ ཧེང་སྐལ་ར་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
ལྟོ་ཟ་རུང་ ལོ་ཕྱེད་དང་༢ དེ་ཅིག་ལང་མི་ ཨོམ་འཐུང་མི་ ཨ་ལུ་དེ་ར་ དཔྱད་རིག་བཏང་ནི་དེ་གིས་ ལྟོ་ཡང་ བཟའ་མ་ཚུགས་པའི་ཁར་ སེམས་བག་མ་ཆགསཔ་ འགྱོཝ་མས་ཟེར་ཨིན་པས།
ད་རེས་ཡང་ བཟོད་མ་ཚུགས་པའི་ལཱ་ ཨ་ལུ་ཨརཝ་རྐུ་འབག་མི་དེ་ ཨ་ལུའི་ཚེ་སྲོག་གི་ཉེན་ཁ་ཡང་ ཁོ་ར་འབག་དགོ་ཟེར་ཨིནམ་ད་ ཨ་ལུ་དེ་ ལེན་ནིའི་དོན་ལུ་ ག་ཏེ་ལུ་ཞུ་ནི་ཨིན་ན་ཡང་ མ་ཤེས་པར་ མགུ་འཐོམ་ལུས་ཏེ་ཡོད་ཟེར་ ཨོ་རྒྱན་ཆོས་སྒྲོན་གྱིས་ སླབ་ཨིན་པས།
མོ་གི་རྨགཔ་ སྐྱེས་ལོ་༣༥ ལང་མི་ བསང་རྫས་ཀྱི་ ཚོང་རྐྱབ་སྡོད་མི་ ཚེ་རིང་གིས་ འགྲུལ་འཕྲིན་ཐོག་ལས་ སླབ་མིའི་ནང་ མོ་གི་གཡུས་ཁར་ ས་འཇལ་བར་འགྱོཝ་ད་ ཉིནམ་༣ དེ་ཅིག་འགོར་རུང་ ས་འཇལ་མ་ཚུགས་ནི་དེ་གིས་ ཁྱིམ་ནང་ སྟབས་མ་བདེཝ་ཐོནམ་ལས་ ཨ་ལུ་འབག་སྦེ་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་སྦེ་ འོང་ཡི་ཟེར་ཨིནམ་ད་ ཨ་ལུ་ནམ་ར་ལེན་རུང་ གནས་སྟངས་ལེགས་ཤོམ་སྦེ་ ཡོད་ཟེར་ཨིན་པས།
དེ་འབདཝ་ད་ ཨོ་རྒྱན་ཆོས་སྒྲོན་གྱིས་འབད་བ་ཅིན་ མོ་རའི་ཁྱིམ་ནང་ ཕམ་སྤུན་ཆ་ཚུ་ སྒྲིང་སྒྲིང་མེདཔ་བཞིན་དུ་ མོ་ར་ཨ་ལུ་ལེན་པ་སོང་རུང་ རྨགཔ་དེ་གིས་ འདྲོག་བྱེལ་འཐབ་སྟེ་ འགྱོ་མི་ཚུཔ་པས་ཟེར་ཨིན་པས།
དེ་སྦེ་ འབད་དགོ་མི་དེ་ཡང་ མོ་གིས་ སླབ་མིའི་ནང་ མོ་གི་རྨགཔ་དེ་གིས་ ད་ལྟོ་ཚུན་ ལན་ཐེངས་མང་རབས་ཅིག་ ཤུགས་སྦེ་བརྡུང་རྫོབ་འབདཝ་མ་ཚད་ བརྡུང་རྫོབ་འབདཝ་ད་ཡང་ ལགཔ་ཁར་ གྱི་ཅུང་ལ་སོགས་པའི་ ཅ་ལ་ག་ཅི་ཚུདཔ་ཅིག་ འཐུ་སྟེ་བླུགས་བྱིན་ནི་ཡོད་རུང་ གསང་བཞག་ཡི་ཟེར་ཨིན་པའི་གནས་ཚུལ།


རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment