གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་ལུགས་ཀྱི་ཁྱིམ་ ཐོག་ཚད་༢ འབད་མི་ཅིག་ མེ་རྐྱེན་གྱིས་འཚིགས་ཡོདཔ།

༣/༡༠/༢༠༡༢   ༉ ཁ་ཙ་ དྲོ་པའི་ཆུ་ཚོད་༧ དེ་ཅིག་ཁར་ ཀྲོང་གསར་བྲག་སྟེང་རྒེད་འོག་ ལྕང་རེད་གཡུས་ཚན་ནང་ རང་ལུགས་ཀྱི་ཁྱིམ་ ཐོག་ཚད་༢ འབད་མི་ཅིག་ མེ་རྐྱེན་གྱིས་ འཚིགས་ཡོདཔ་ཨིན་པས།
རྒེད་འོག་བདག་སྐྱོང་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་དེ་ བཟའ་ཚང་ནང་མི་ཅིག་གིས་ མེ་རླུང་གེསི་ སོར་ནི་འབདཝ་ད་ བྱུང་ནུག་ཟེར་ཨིན་པས།



མེ་རྐྱེན་བྱུང་བའི་སྐབས་ ཁྱིམ་ནང་གི་ཅ་ཆས་ཚུ་ ག་ནི་ཡང་ ཐོབ་མ་ཚུགས་པའི་ཁར་ མི་༣ ལུ་ རྨ་སྐྱོན་དུམ་གྲ་རེ་ བྱུང་ཡོདཔ་ལས་ ཀུན་དགའ་རབ་བརྟན་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
ཀྲོང་གསར་ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སྟག་རྩེ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་དང་ ཁྲིམས་སྲུང་འགག་པ་ཚུ་གིས་ ཉིན་མའི་ཆུ་ཚོད་༡༢ དེ་ཅིག་ཁར་ མེ་བསད་ཚུགས་ཡི་ཟེར་ཨིན་པས།
རྫོང་ཁག་སྐྱིད་སྡུག་འགོ་དཔོན་གྱིས་ ཉམས་རྒུད་བྱུང་མི་ བཟའ་ཚང་ལུ་ ཉེར་མཁོའི་ཅ་ཆས་ཚུ་ བྱིན་ཡོདཔ་མ་ཚད་ མངའ་བདག་རྒྱལ་པོའི་ ལུང་ཕྱོགས་ཡིག་ཚང་གིས་ སེམས་གསོའི་གསོལ་རས་ དངུལ་ཀྲམ་༡༠,༠༠༠ གནང་ཡོདཔ་ད་ ད་ལྟོ་ ཉེན་བཅོལ་མ་དངུལ་གྱི་དོན་ལུ་ ལཱ་ཚུ་འབད་དོ་ཡོདཔ་ཨིན་པས།
རྒེད་འོག་བདག་སྐྱོང་འགོ་དཔོན་གྱིས་ ཉམས་རྒུད་བྱུང་མི་ཚུ་ གནས་སྐབས་ཀྱི་ སྦ་སྒོར་ནང་ བཞག་སྟེ་ཡོད་ཟེར་ སླབ་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment