གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེ་ལས་འགུལ་གྱིས་ རི་དྭགས་སེམས་ཅན་དང་ ཆུ་ནང་གི་ སྲོག་ཆགས་ཚུ་ལུ་གནོད་སྐྱོན།

༡༣/༡༠/༢༠༡༢   ༉ རྒྱལ་ཁབ་ནང་ གློག་མེ་ལས་འགུལ་ སྦོམ་ཤོས་ཅིག་ཨིན་མི་ གློག་ཤུགས་མེ་ག་ཝཱཊ་༡,༢༠༠ འབད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་དང་ མེ་ག་ཝཱཊ་༡,༠༢༠ འབད་མི་ ལས་འགུལ་༢ པ་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་ ཡར་དྲག་གཏང་ནི་ལུ་ ཁེ་ཕན་སྦོམ་འབྱུང་ནི་ཨིན་རུང་ ལས་འགུལ་ལུ་བརྟེན་ རང་བཞིན་གནས་སྟངས་དང་ རི་དྭགས་སེམས་ཅན་ དེ་ལས་ སྲོག་ཆགས་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
བྱ་དགྭོ།
གཱོལ་ཌཱན་མ་སིར་ཉ་རིགས།


དེ་ཡང་ ད་རེས་ གློག་མེ་ལས་འགུལ་གྱི་ལཱ་འབད་སའི་ས་ཁོངས་ དབང་འདུས་ཕོ་བྲང་ དགའ་སེང་ཚོ་འོགམ་རྒེད་འོག་མར་བཅད་དང་ སྐམ་མེད་ཆུ་ཡར་བཅད་ ཀི་ལོ་མི་ཊར་༤༠ དེ་ཅིག་གི་ ས་ཁོངས་ནང་ སེམས་ཅན་གྱི་རིགས་དང་ གཙང་ཆུ་ནང་ཡོད་པའི་ སྲོག་ཆགས་ཀྱི་རིགས་མ་འདྲཝ་ ལེ་ཤ་ཅིག་ལུ་ ལས་འགུལ་གྱི་ལཱ་ལུ་བརྟེན་ གནོད་སྐྱོན་རྐྱབ་མི་ལས་ འཛམ་གླིང་ནང་ དཀོན་དྲགས་ཅིག་ཨིན་མི་ ཆུ་བྱ་དཀརམོ་དང་ གཱོལ་ཌཱན་མ་སིར་ཟེར་མི་ཉ་རིགས་ དེ་ལས་ བྱ་དགྭོ་ཚུ་ ཉམས་འགྱོ་ནིའི་ ཉེན་ཁ་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་ལས་འགུལ་དང་པའི་ རང་བཞིན་གནས་སྟངས་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ ད་ལྟོ་ བཟོ་སྐྲུན་གྱི་ ལཱ་འབད་སྐབས་ རང་བཞིན་གནས་སྟངས་ལུུ་ གནོད་སྐྱོན་དུམ་གྲ་རེ་བྱུང་ཡོདཔ་མ་གཏོགས་ དཀོན་དྲགས་ཅན་གྱི་ སེམས་ཅན་གྱི་རིགས་ཚུ་ལུ་ ཉམས་སྐྱོན་མེད་ཟེར་ཨིནམ་ད་ ཨིན་རུང་ ཤིང་བཏོག་ནི་དང་ རི་བཅད་ནི་ དེ་ལས་ རག་རོག་བཀོག་ནིའི་ལཱ་ཚུ་ འབད་བའི་སྐབས་ བྱ་དགྭོ་འཁྱམས་སའི་ ནགས་ཚལ་ནང་འབདཝ་ལས་བརྟེན་ དུམ་གྲ་རེ་ གནོད་འོང་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ བཟོ་སྐྲུན་ལཱ་ཚུ་ མཇུག་བསྡུ་ཞིནམ་ལས་ གཙང་ཆུ་དེ་ གློག་མེའི་འཕྲུལ་ཨམ་ནང་ གཏང་པའི་བསྒང་ལས་ ཉ་རིགས་དང་ ཆུ་བྱ་དཀརམོ་ལུ་ ཉམས་སྐྱོན་སྦོམ་འབྱུང་འོང་ཟེར་ སངས་རྒྱས་རྡོ་རྗེ་གིས་ སླབ་ཨིན་པས།
དེ་ཡང་ སྤུ་ན་གཙང་ཆུ་དེ་ ཀི་ལོ་མི་ཊར་༢༠ དེ་ཅིག་འབད་མི་ ས་དོང་ནང་ལས་ གཏང་པའི་སྐབས་ སྲོག་ཆགས་དང་ ཉ་རིགས་ དེའི་ནང་ལས་ཡང་ གཱོལ་ཌཱན་མ་སིར་ཉ་ འཁྱམས་ས་མེད་པའི་ དཀའ་ངལ་འཐོན་ནི་མས་ཟེར་ཨིན་པས།
གཱོལ་ཌཱན་མ་སིར་དེ་ གནས་སྤོ་འགྱོ་མི་ ཉ་རིགས་ཅིག་ཨིནམ་བཞིན་དུ་ གནམ་བྱཱར་གྱི་དུས་ཚོད་ལུ་ སྐམ་མེད་ཆུ་ནང་ འཁྱམས་སྡོད་དོ་ཡོདཔ་ཨིན་རུང་ དགུན་སྤྱི་ཟླ་༡༠ དེ་ཅིག་ལས་ ཡར་ཀླུང་གཙང་པོ་ཆུ་ཆེན་ནང་ ལོག་འགྱོ་དོ་ཡོདཔ་ལས་ སྤུ་ན་གཙང་ཆུ་བཅད་པའི་སྐབས་ ལོག་མ་འོང་ནིའི་ ཉེན་ཁ་ཡོད་ཟེར་ སངས་རྒྱས་རྡོ་རྗེ་གིས་ སླབ་ཨིན་པས།
དེ་ལས་ ཆུ་བྱ་དཀརམོ་དེ་ དུས་རྒྱུན་དུ་ ཉ་ལུ་བརྟེན་སྡོད་མི་ཅིག་ཨིནམ་ལས་ གཙང་ཆུ་བཅད་པའི་སྐབས་ ཉ་འཁྱམས་སྡོད་ས་ལུ་ བར་རྐྱེན་རྐྱབ་ནི་དེ་གིས་ བྱ་ལུ་ཡང་ གནོད་སྐྱོན་རྐྱབ་འོང་ཟེར་ཨིནམ་ད་ བྱ་དེ་ འཛམ་གླིང་ནང་༡༤༠ དེ་ཅིག་ཡོད་ས་ལས་ འབྲུག་ལུ་༢༦ དེ་ཅིག་ ཡོདཔ་ཨིན་པས།
ད་ལྟོ་ ལས་འགུལ་གྱི་ཧོང་ལས་ ཉ་རིགས་ཚུ་ ཉམས་སྲུང་འབད་ནིའི་དོན་ལུ་ དབང་འདུས་ཕོ་བྲང་ བསྟན་སྐྱོང་གླིང་དམག་སྡེ་ལྟེ་བ་དང་གཅིག་ཁར་ མཉམ་རུབ་ཐོག་ གཙང་ཆུ་ནང་ལས་ ཉ་བཟུང་སྟེ་ ར་སྦུག་ནང་ལུ་སྦེ་ ཉ་གསོ་སྐྱོང་ཁང་ནང་བཏང་སྟེ་ ཉམས་སྲུང་འབད་དོ་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་ནང་ སྲམ་ཅུང་ཚུ་ཡང་ ཡོདཔ་ཨིན་རུང་ སེམས་ཅན་དེ་ དཀོན་དྲགས་ཀྱི་ རིགས་ནང་མ་ཚུད་པའི་ཁར་ གློག་མེ་ལས་འགུལ་གྱིས་ཡང་ གནོད་སྐྱོན་མི་རྐྱབ་ཟེར་ཨིནམ་ད་ དེ་ཡང་ སྲམ་ཚུ་ ཉ་ག་ཏེ་ཡོད་སར་ འཁྱམས་སྡོད་མི་ སེམས་ཅན་ཅིག་ཨིནམ་ལས་ སྤུ་ན་གཙང་ཆུ་བཅད་པའི་སྐབས་ སྲམ་གྱིས་ ཉ་ཡོད་སའི་ས་ཁོངས་ནང་ གནས་སྤོ་འགྱོ་འོང་ཟེར་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment