གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐོ་རིམ་སློབ་ཕྲུག་༡,༠༣༦ གིས་ ས་སྟོང་༥༩༧ གྱི་དོན་ལུ་དོ་འགྲན།

 ༡༢/༡༠/༡༢། ༉ ད་རིས་ལས་འགོ་བཙུགས་ ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་མི་ ཞི་གཡོག་བཙག་འཐུའི་ ཆོས་རྒྱུགས་ནང་ མཐོ་རིམ་སློབ་ཕྲུག་༡,༠༣༦ གིས་ བཅའ་མར་གཏོགས་དོ་ཡོདཔ་ད་ ཁོང་ཆ་ཁྱབ་ ཟླཝ་༢ ཀྱི་ཧེ་མར་ འབྲུག་ཞི་གཡོག་ཆོས་རྒྱུགས་ཀྱི་ སྔོན་འགྲོའི་ཆོས་རྒྱུགས་ནང་ མཐར་འཁྱོལ་མི་ཚུ་ཨིན་པས།
དུས་ཅི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་ གོམས་འདྲིས་ལས་རིམ་ནང་ བཅའ་མར་གཏོགས་མི་ མཐོ་རིམ་སློབ་ཕྲུག་༣,༠༠༠ དེ་ཅིག་ཡོད་མི་ལས་༢,༣༩༧ གྱིས་ ཞི་གཡོག་གི་ སྔོན་འགྲོའི་ཆོས་རྒྱུགས་རྐྱབ་ཡོདཔ་ད་ ད་རིས་ལས་ སྤྱི་ཟླ་༡༠ པའི་ཚེས་༡༤ ཚུན་ མཐོ་རིམ་སློབ་ཕྲུག་༡,༠༣༦ གིས་ ཞི་གཡོག་ནང་ ལཱ་གཡོག་གི་ ས་སྟོང་༥༩༧ ཡོད་མིའི་དོན་ལུ་ དོ་འགྲན་འབད་ནི་ཨིན་པས།
ཞི་གཡོག་ཆོས་རྒྱུགས་དེ་ ཞི་གཡོག་ནང་ འཛུལ་ནི་གི་ གོ་སྐབས་མཐའ་མ་ཨིནམ་ད་ སྔོན་འགྲོའི་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་མི་ཚུ་ མཐའ་བཅད་ཀྱི་ ཆོས་རྒྱུགས་དོན་ལུ་ གྲ་སྒྲིག་འབད་དེ་ ཟླཝ་༢ ལང་ཡོདཔ་ད་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ ཚེ་དབང་གིས་ སླབ་མིའི་ནང་ ཞི་གཡོག་ཆོས་རྒྱུགས་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ རྒྱབ་ཁུངས་ཡིག་ཆ་ཚུ་ མཐོ་རིམ་སློབ་གྲྭ་ནང་ སྡོད་པའི་སྐབས་ལས་ར་ བསྡུ་ལེན་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོང་རིག་དང་འབྲེལ་བའི་ ལཱ་གཡོག་གི་ གོ་སྐབས་༤༠ དེ་ཅིག་ལས་བརྒལ་མེད་རུང་ དེ་གི་དོན་ལུ་ དོ་འགྲན་འབད་མི་ མཐོ་རིམ་གོང་མའི་ཤེས་ཚད་ལྡན་མི་༣༠༠ དེ་ཅིག་ཡོདཔ་ལས་ དོ་འགྲན་ཅན་ཅིག་ འོང་ནི་ཨིན་རུང་ ཁོ་གི་ཁ་ཐུག་ལས་ ག་དེ་དྲག་དྲག་རྩ་འགེངས་ནི་ཟེར་ཨིན་པས།
ཞི་གཡོག་གི་ ཆོས་རྒྱུགས་ཚུ་ཡང་ མུ་ཏིག་ཐང་དང་ སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མ་ ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མ་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་ཚུ་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
སྤྱིར་བཏང་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་དོན་ལུ་ རྫོང་ཁའི་ཆོས་ཚན་གྱི་ ཆོས་རྒྱུགས་༡ དང་ ཆོས་ཚན་༢ པའི་ ཆོས་རྒྱུགས་དེ་ ཨིང་ལིཤ་དང་ སྤྱིར་བཏང་ཤེས་ཡོན་ དེ་ལས་ ཆོས་ཚན་༣ པའི་ནང་ འབྲུག་དང་ སྲིད་དོན་གཙུག་སྡེ་ཚུ་གིས་གཙོས་པའི་ སྤྱི་ལོ་༡༩༦༡ ལས་ཚུར་ འགོ་བཙུགས་མི་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་སྐོར་ ཆོས་རྒྱུགས་རྐྱབ་དགོཔ་ཨིན་པས།
འཕྲུལ་རིག་གི་ མཐོ་རིམ་སློབ་ཕྲུག་ཚུ་གིས་ ཆོས་ཚན་ཁག་གསུམ་ནང་ ཆོས་རྒྱུགས་རྐྱབ་དགོ་མི་དེ་ཡང་ ཆོས་ཚད་དང་པ་དེ་ སྐད་ཡིག་སྐོར་ལས་དང་ ཆོས་ཚན་༢ པའི་ནང་ སྤྱིར་བཏང་ཆོས་ཚན་གྱི་ཤེས་ཡོན་ དེ་ལས་༣ པའི་ནང་ དམིགས་བསལ་ཆོས་ཚན་ནང་ ཆོས་རྒྱུགས་རྐྱབ་དགོཔ་ཨིན་པས།
མཐོ་རིམ་སློབ་ཕྲུག་ཚུ་གི་ དྲི་བ་དྲིས་ལན་དེ་ སྤྱི་ཟླ་༡༠ པའི་ཚེས་༢༢ ལས་༣༡ ཚུན་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment