གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལ་ནོར་གཡག་གི་གྱངས་ཁ་ མགྱོགས་དྲགས་སྦེ་ མར་འབབ་འགྱོ་དོ་ཡོདཔ།

༨/༡༠/༢༠༡༢     ༉ ཧཱ་ལུ་ཡོད་པའི་ ཏུར་ས་སྲུང་སྐྱོབ་ས་ཁོངས་ནང་ གཡག་གི་གྱངས་ཁ་ མགྱོགས་དྲགས་སྦེ་ མར་འབབ་འགྱོ་དོ་ཡོདམི་དེ་ཡང་ གོང་འཕེལ་གྱི་ལས་སྣ་དང་ གཡག་འཚོ་མི་ལངམ་མེད་མི་ལུ་བརྟེན་ ཨ་ལུ་ཚུ་ སློབ་གྲྭ་ནང་ འགྱོ་དོ་ཡོད་མི་ལུ་བརྟེན་ཏེ་ཨིན་པས།
གྱངས་ཁ་མར་འབབ་འགྱོ་དོ་ཡོད་པའི་ ལ་ནོར་གཡག་ཚུ།


ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གཡག་གི་གྱངས་ཁ་ མར་བབས་འགྱོ་དགོ་པའི་ གནད་དོན་གཞན་མི་དེ་ ལཱ་འབད་མི་ཚུ་གིས་ གླ་ཆ་མཐོ་སུ་སྦེ་ ཐོབ་མི་ལུ་ལྟ་སྟེ་ གཡག་འཚོ་ནིའི་ལཱ་ཚུ་ བཀོག་བཞག་སྟེ་ བཟོ་སྐྲུན་གྱི་ལཱ་འབད་བར་ འགྱོ་མི་ལུ་བརྟེན་ ཨིན་མས་ཟེར་ སླབ་ཨིན་པས།
དེ་མ་ཚད་ གཡག་ཚུ་ལུ་ རི་དྭགས་སེམས་ཅན་ཚུ་གིས་ གནོད་སྐྱོན་རྐྱབ་པའི་ཁར་ དེང་སང་ ནང་འདྲེན་འབད་མི་ གྱོན་ཆས་ཀྱི་རིགས་ཚུ་ ཁྲོམ་ཁ་ལས་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་མི་ལུ་བརྟེན་ཏེ་ཨིན་མས་ཟེར་ སླབ་ཨིན་པས།
དེ་དང་གཅིག་ཁར་ འཛིན་སྐྱོང་གི་ལམ་ལུགས་ཚུ་ སྐྱོ་དྲགས་ཡོད་མི་ལུ་བརྟེན་ སེམས་ཅན་ཚུ་གི་གྱངས་ཁ་ མར་འབབས་སོང་ཡོདཔ་ཨིན་པས།
རྒྱ་ཚད་ཀི་ལོ་མི་ཊར་༦༠༩.༥ འབད་མི་ ཏུར་ས་གླིང་ཁའི་ ས་ཆ་མང་སུ་ཅིག་ ཧཱ་རྫོང་ཁག་འོག་ལུ་ཨིན་རུང་ ས་ཁོངས་དུམ་གྲ་ཅིག་ བསམ་རྩེ་རྫོང་ཁག་ནང་ ཚུད་དེ་ཡོདཔ་ད་ གླིང་ཁ་དེ་ནང་ གཡག་འཚོ་སྟེ་སྡོད་མི་ མི་སྡེ་དག་པ་ཅིག་ལས་ མེདཔ་ཨིན་པས།
སའི་མཐོ་ཚད་ མི་ཊར་༢,༣༠༠ ལས་༦,༥༠༠ འབད་མི་ གླིང་ཁ་དེ་ རྒྱ་གར་གྱི་མངའ་སྡེ་ སི་ཀིམ་དང་ རྒྱ་ནག་དང་གཅིག་ཁར་ ས་མཚམས་མཐུད་དེ་ཡོདཔ་ད་ དེ་ནང་ གཏན་འཇགས་སྦེ་སྡོད་མི་ ག་ཡང་མེདཔ་ཨིན་པས།
གཡག་གི་གྱངས་ཁ་ མར་འབབས་སོང་མིའི་སྐོར་ལས་ ཧཱ་རྫོང་ཁག་ སྦྱིས་དང་ དཀར་འཚོ་ དེ་ལས་ དབུས་སུ་རྒེད་འོག་ཚུ་ནང་ ཞིབ་འཚོལ་ཅིག་ འགོ་འདྲེན་འཐབ་ཡོད་མི་ ལས་ཁུངས་ཀྱི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ འདས་པའི་ལོ་ངོ་བཅུ་ཕྲག་༡ དང་ཕྱདཔ་ད་ ད་རེས་ གཡག་གི་གྱངས་ཁ་ཚུ་ ཕྱེད་ཀ་ཅིག་གིས་ར་ མར་འབབས་སོང་ནུག་ཟེར་ཨིན་པས།
ཞིབ་འཚོལ་ནང་ འབྲེལ་གཏོགས་ཡོད་མི་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་སྡེ་ཚན་གྱི་ འགོ་དཔོན་ཅིག་གིས་ བཤད་མིའི་ནང་ དཀར་འཚོ་རྒེད་འོག་ནང་ གཡག་འཚོ་མི་༧༧ ལས་༢༥ ལུ་ མར་འབབས་སོང་ཡོདཔ་ད་ སྦྱིས་རྒེད་འོག་ནང་༥༧ ལས་༣༧ དེ་ལས་ དབུས་སུ་རྒེད་འོག་ནང་༢༧ ལས་༡༡ ལུ་ མར་འབབས་སོང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཁོངས་ནང་ གནམ་དགུན་དང་ བྱཱར་༢ ཆ་རའི་སྐབས་ རྩྭ་འབྲོག་གི་བྲེལ་ཟིང་ ལེ་ཤ་ཐོན་མི་ལུ་བརྟེན་ འདས་པའི་ལོ་༣ དང་༥ དེ་ཅིག་ལས་ གཡག་ཚུ་བཙོང་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
ད་རེས་ནངས་པ་ དཀར་ཚོ་ལུ་ གཡག་༡,༠༩༢ དང་ སྦྱིས་ལུ་༡,༡༦༨ དེ་ལས་ དབུས་སུ་ལུ་༤༩༥ ཡོདཔ་ད་ གཡག་འཚོ་མི་ཚུ་གིས་ དུས་དང་འཁྲིལ་ ས་ཁོངས་ཚུ་ སྤོ་བཤུད་འབད་ཡི་ར་ འགྱོ་དོ་ཡོདཔ་ཨིན་པས།
ཞིབ་འཚོལ་གྱི་ སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ ས་མཚམས་ས་གནས་ཚུ་ནང་ལས་ཡང་ ནོར་སེམས་ཅན་ཚུ་ འབྲུག་གི་ས་ཁོངས་ནང་ རྩྭ་བཟའ་བར་བདའ་འོང་དོ་ཡོདཔ་ལས་ གཡག་འཚོ་སྐྱོང་འཐབ་མི་ཚུ་ལུ་ དམིགས་བསལ་དུ་ གནམ་བྱཱར་གྱི་སྐབས་ལུ་ རྩྭ་འབྲོག་གི་དཀའ་ངལ་ སྦོམ་སྦེ་ར་ བྱུང་དོ་ཡོདཔ་སྦེ་བཀོད་ནུག།
དེ་དང་འཁྲིལ་ ལུངམ་ཁ་མི་ཁག་དང་ བྱ་གཏད་ཁག་ཚུ་ནང་ གཡག་གི་བླག་༥ རེ་ཡོད་ས་ལས་ ད་རེས་༢ དེ་རེ་གིས་ མར་འབབས་སོང་ནུག་ཟེར་ སྙན་ཞུའི་ནང་ བཀོད་ཡོདཔ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment