གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་ཀྱི་མི་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་རྒྱབ་སྐྱོར།

༡/༦/༢༠༡༣   ༉ སྤྱི་ལོ་༢༠༠༨ དང་ཕྱདཔ་ད་ དབང་འདུས་རྫོང་ཁག་གི་མི་ཚུ་གིས་ སྲིད་དོན་ཚོགས་པ་ སོ་སོར་དགོ་པའི་ བརྡ་མཚོན་སྟོན་ཡོདཔ་ད་ དེ་ཡང་ ཁ་ཙ་ ཉི་ཤོ་དང་ སྲས་ཕུག་གི་ གྲུབ་འབྲས་དང་འཁྲིལ་བ་ཅིན་ སྲིད་དོན་ཚོགས་པ་༤ གི་གྲས་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་མཐོ་ཤོས་༢,༩༧༧ ཐོབ་ཡོདཔ་ད་ དེ་གི་ཤུལ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༢,༣༠༦ དང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༥༩༩ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་རྒྱན་༡༣༡ ཐོབ་ཡོདཔ་ཨིན་པས།
བཙག་འཐུའི་འགོ་དཔོན་ཚུ་གིས་ ཚོགས་རྒྱན་གྱི་ གྱངས་ཁ་རྐྱབ་པའི་བསྒང་།
དབང་འདུས་ལུ་ ཚོགས་རྒྱན་གྱི་ཉིན་མར་ ས་རུད་ཆད་པའི་མཐོང་སྣང་།


དེ་ལས་ འགྲེམ་ཐོག་ཚོགས་རྒྱན་གྱི་ཐོག་ལས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༤༠༡ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༢༡༦ འབྲུག་མཉམ་རུབ་ཀྱིས་༧༩ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་རྒྱན་༡༤ ཐོབ་ཡོདཔ་ཨིན་པས།
རྫོང་ཁག་དེ་ནང་ འདེམས་ཁོངས་༢ ཡོད་ས་ལས་ ཨ་ཐང་ཐད་ཚོ་འདེམས་ཁོངས་ཀྱི་གྲུབ་འབྲས་ ཡོངས་རྫོགས་སྦེ་ ཐོབ་མ་ཚུགས་མི་དེ་ མི་ལྟ་ནང་ ཚོགས་རྒྱན་བཙུགས་སའི་ས་ཁོངས་དེ་ ལམ་ཐག་རིང་བའི་ཁར་ ཚོགས་རྒྱན་གྱི་ཉིནམ་ལུ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལས་བརྟེན་ འགྲུལ་འཕྲུན་གྱི་ཐོག་ལས་ སྙན་ཞུ་ཐོབ་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ཨིན་པས།
ངོས་ལེན་འགོ་དཔོན་ ཀུན་ལེགས་དབང་འདུས་ཀྱིས་ སླབ་མིའི་ནང་ འགྲུལ་འཕྲིན་མ་ཚད་ དམག་མིའི་རླུང་འཕྲིན་གྱིས་ཡང་ ལཱ་འབད་མ་བཏུབ་ཡར་སོཔ་ལས་ སྙན་ཞུ་དེ་ ད་རིས་ དྲོ་པ་རྐྱངམ་གཅིག་ བསྡུ་ལེན་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ ཨ་ཐང་རྒེད་འོག་གི་ མི་ལྟ་ནང་སྤྱི་འོག་དང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༣༣༨ ཡོདཔ་ད་ ས་གནས་དེ་ འཁོར་ལམ་ལས་ རྐང་སྟོང་སྦེ་ ཆུ་ཚོད་༥ ལྷགཔ་ཅིག་ འགྱོ་དགོ་པའི་ས་ཁར་ཨིན་པས།
མི་ལྟ་ནང་ མ་བརྩི་བར་ འདེམས་ཁོངས་ཀྱི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་༢༣ གྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༢,༦༥༤ དང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༡,༩༦༢ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༤༥༡ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་རྒྱན་༡༥༤ ཐོབ་ཡོདཔ་ཨིན་པས།
མ་གཞི་ ཚོགས་རྒྱན་གྱི་ཉིནམ་དེ་ལུ་ ཆརཔ་རྒྱུན་མ་ཆད་པར་རྐྱབ་ཡོད་རུང་ ཚོགས་རྒྱན་བཙུགས་མི་ལུ་ བར་རྐྱེན་མ་རྐྱབ་པའི་ཁར་ མི་སེར་ཚུ་གིས་ ཉི་གདུགས་བཀབ་སྟེ་ བཅའ་མར་གཏོགས་མི་ལུ་ལྟ་བ་ཅིན་ བཙག་འཐུ་ལུ་ སྤྲོ་བ་ཡོད་པའི་བརྡ་མཚོན་སྟོན་ཡོདཔ་ཨིན་པས།
དེ་ཡང་ སྲས་ཕུག་རྒེད་འོག་ བདེ་ཆེན་ཕར་ཁ་གཡུས་ཚན་ལས་ སྐྱེས་ལོ་༢༣ ལང་མི་ ཀུན་ལེགས་དབང་མོ་གིས་ རྒྱབ་ཁར་ཨ་ལུ་འབག་སྟེ་ ཆུ་ཚོད་༢ དེ་ཅིག་ ཆརཔ་ནང་རྐང་སྟོང་སྦེ་འོང་སྟེ་ ཚོགས་རྒྱན་བཙུགས་མི་དེ་ གཞུང་ལེགས་ཤོམ་ཅིག་ བཙག་འཐུ་འབད་ནིའི་དོན་ལུ་ཨིན་ཟེར་ཨིནམ་ད་ ཆརཔ་ནང་ཉམས་འཚེར་ཏེ་སྡོད་པ་ཅིན་ གཡུས་ཁ་ལུ་དགོ་མི་ཚུ་ མི་འཐོབ་འོང་ཟེར་ཨིན་པས།
དེ་ཡང་ མོ་གིས་སླབ་མིའི་ནང་ ཁོང་གི་གཡུས་ཁར་ སོ་ནམ་ཞིང་ལམ་རྒྱ་བསྐྱེད་འབད་ཡོདཔ་མ་ཚད་ བརྒྱུད་འཕྲུལ་གྱི་ཁྱབ་ཚད་ཡང་ ཡར་དྲག་གཏང་དགོཔ་ཡོདཔ་ལས་ གཞུང་གསརཔ་བཙག་འཐུ་འགྲུབ་མི་དེ་གིས་ ཁོང་གི་དཀའ་ངལ་ཚུ་ སེལ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
ཀུན་ལེགས་དབང་མོ་དེ་ སྲས་ཕུག་རྒེད་འོག་ བདེ་ཆེན་ཕར་ཁ་ ཚོགས་རྒྱན་བཙུག་སའི་ས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་༡༠༠ ལྷགཔ་ཅིག་གི་གྲས་ལས་ གཅིག་ཨིནམ་ད་ ཁོང་མང་ཤོས་ཅིག་གིས་ སླབ་མིའི་ནང་ ཚོགས་རྒྱན་དེ་ ཁག་ཆེ་ནི་དེ་གིས་ བཅའ་མར་གཏོགས་དོ་ཟེར་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་གིས་འབད་བ་ཅིན་ གལ་སྲིད་ མི་ཚུ་ལུ་ དབྱར་རྩྭ་དགུན་འབུབ་འཐུ་ནིའི་ ཆོག་ཐམ་བྱིན་བྱིནམ་ཨིན་པ་ཅིན་ མང་ཤོས་ཅིག་གིས་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་མི་གཏོགས་དོ་ཟེར་ཨིན་པས།

དེ་ཡང་ ད་རེས་ དུས་ཚོད་འ་ནེམ་ཅིག་ཁར་ འབུབ་འཐུ་ནིའི་དུས་ཚོད་ཨིནམ་ལས་ ཆོག་ཐམ་དེ་ ད་རིས་ལས་རྐྱངམ་གཅིག་སྤྲོད་ནི་འགོ་བཙུགས་ནི་ཨིནམ་ད་ ཨ་རྟག་འབད་བ་ཅིན་ འབུབ་འཐུ་ནིའི་དུས་ཚོད་དེ་ སྤྱི་ཟླ་༥ པའི་ཚེས་༡༥ ལས་ར་ འགོ་བཙུགས་དོ་ཡོདཔ་ཨིན་པའི་གནས་ཚུལ།
དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment