གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞལམ་སྒང་ལས་ ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༣༤༤༠ ཐོབ་སྟེ་ རྒྱལ་ཁའི་བརྡ་མཚོན་སྟོན་ཡོདཔ།

༡/༦/༢༠༡༣   ༉ ཁ་ཙ་ གཞལམ་སྒང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་སྐབས་ བར་དོ་- ཀྲོང་འདེམས་ཁོངས་ནང་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༡,༢༧༨ ཐོབ་ཡོད་པའི་ཁར་ དེ་གི་འོག་ལས་ར་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༡,༢༦༡ ཐོབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མི་སེར་དམངས་གཙོ་ཚོགས་པ་གིས་༣༧༨ ཐོབ་ཡོདཔ་ད་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་རྒྱན་༡༢༥ ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་པས།

ཚོགས་རྒྱན་བཙུགས་པར་འོང་མི་ཚུ་ ཞིབ་དཔྱད་འབད་བའི་བསྒང་།


དེ་བཟུམ་སྦེ་ པཱན་སྦང་འདེམས་ཁོངས་ནང་ལས་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༡,༢༤༣ དང་ མི་སེར་དམངས་གཙོ་ཚོགས་པ་གིས་༦༤༤ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༤༨༥ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་རྒྱན་༡༢༥ ཐོབ་ཡོདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་གྱི་ཐད་ལུ་འབད་རུང་ འདེམས་ཁོངས་༢ ཆ་ར་ནང་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ མཐོ་ཤོས་ཐོབ་ཡོདཔ་ཨིན་པས།
དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ བར་དོ་- ཀྲོང་འདེམས་ཁོངས་ལས་ འགྲེམ་ཐོག་ཚོགས་རྒྱན་༥༩༡ དང་ པཱན་སྦང་ལས་༣༣༧ ཐོབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ བར་དོ་- ཀྲོང་ལས་ ཧ་ལམ་ འབྲུག་ཕུན་སུམ་ཚོགས་པ་དང་ འདྲ་མཉམ་སྦེ་ཐོབ་ནུག།
མི་སེར་དམངས་གཙོ་ཚོགས་པ་གིས་ བང་དོ་- ཀྲོང་འདེམས་ཁོངས་ལས་༥༣༢ དང་ པཱན་སྦང་ལས་༡༩༥ འབྲུག་མཉམ་རུབ་ཚོགས་པ་གིས་ བར་དོ་- ཀྲོང་ལས་༤༤༡ དང་ པཱན་སྦང་ལས་༡༢༠ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ བར་དོ་-ཀྲོང་ལས་༡༨ དང་ པཱན་སྦང་ལས་༡༡ ཐོབ་ཡོདཔ་ཨིན་པས།
བར་དོ་-ཀྲོང་འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༢༡ དང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༩,༣༨༡ ཡོད་ས་ལས་༣,༠༤༢ ཀྱིས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ད་ པཱན་སྦང་འདེམས་ཁོངས་ནང་འབད་བ་ཅིན་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༡༨ དང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༦,༧༥༢ ཡོད་ས་ལས་༢,༤༩༧ གིས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་པས།
བར་དོ་-ཀྲོང་འདེམས་ཁོངས་ཀྱི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་དག་པ་ཅིག་ནང་ འགྱོ་ལྟ་བའི་སྐབས་ ཚོགས་རྒྱན་བཙུགས་མི་ ལ་ལུ་ཅིག་ མི་གཞན་གྱིས་ བཏང་བཏངམ་བཟུམ་མའི་ ཚོར་སྣང་བྱུང་ཡི་ཟེར་ཨིན་པས།
ཚང་ལ་ལྗོངས་ མི་སྡེ་སློབ་གྲྭ་ཆུང་བའི་ ཚོགས་རྒྱན་ས་ཁོངས་ནང་ སྐྱེས་ལོ་༧༠ དོན་གྲངས་ནང་འབད་མི་ ཨམ་སྲུ་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པའི་ ལས་རྟགས་ཅིག་དང་ མོ་རའི་ ངོས་འཛིན་འདྲ་པར་ཚུ་འབག་སྟེ་ ཚོགས་རྒྱན་བཙུགས་པར་འོང་ཡོདཔ་ད་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ ལྷོད་པའི་སྐབས་ མོ་གིས་ ངེ་གི་ཚོགས་རྒྱན་འདི་ འ་ནི་ཚོགས་པ་དེ་ལུ་ བཙུགས་ནི་ཨིན་ ག་དེ་སྦེ་ འབད་དགོཔ་སྨོ་ཟེར་ དྲིསཝ་ཨིན་པས།
ཀུན་གསལ་ལུ་སླབ་མིའི་ནང་ མོ་གིས་ སྲིད་ཚོགས་ཀྱི་སྐོར་ལས་ ག་ཅི་ཡང་ མི་ཤེས་ཟེར་ཨིནམ་ད་ འགོ་དང་པ་ ཚོགས་རྒྱན་བཙུགས་པར་ འོང་དགོ་མི་དེ་ཡང་ ཚོགས་པ་གིས་ ཚོགས་རྒྱན་བཙུགས་པར་ འགྱོ་དགོཔ་སྦེ་ སླབ་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༦༠ རེ་གྲངས་ནང་འབད་མི་ ཨམ་ཅིག་གིས་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ལས་ ལོག་ཐོན་པའི་སྐབས་ ང་བཅས་ཀྱིས་ ཚོགས་རྒྱན་དེ་བཙུགས་ཅི་ དེ་འབད་ནི་དེ་གིས་ ང་བཅས་ལུ་ སྣུམ་འཁོར་གནང་དགོ་ཟེར་ སླབ་ཡོདཔ་ད་ མོ་གིས་ཡང་ ཚོགས་རྒྱན་བཙུགས་ནི་དེ་ འགོ་དང་པ་ཨིན་པས།
མོ་ར་ ཕུན་ཚོགས་གླིང་ལུ་ སྡོད་མི་ཅིག་འབད་རུང་ བདུན་ཕྲག་༢ དེ་ཅིག་གི་ཧེ་མར་ མོ་རའི་བུམོ་གི་རྨགཔོ་གིས་ ཚོགས་རྒྱན་བཙུགས་པར་ འོང་དགོཔ་སྦེ་ བརྡ་བསྐུལ་འབད་ཡོདཔ་ཨིནཔས།
ཁ་ཙ་ བར་དོ་རྒེད་འོག་ ཁྲི་ས་ལུ་ ཕོ་སྐྱེས་ཅིག་གིས་ ཆང་འགྲངས་ཏེ་ ཚོགས་རྒྱན་བཙུགས་པར་ འོང་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་ནི་ལས་ བཀག་ཆ་འབད་ཡོདཔ་ཨིན་པའི་གནས་ཚུལ།

གཞལམ་སྒང་ལས་ ཉི་མ་དབང་འདུས།

No comments:

Post a Comment