༡/༦/༢༠༡༣ ༉ ལྷུན་རྩེ་རྫོང་ཁག་ལས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ཀྱིས་ འགོ་ཐོག་བཙག་འཐུ་ནང་ལས་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ལྷུན་རྩེ་རྫོང་ཁག་ གང་ཟུར་སྨིན་རྗེ་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༡༣༢༠ དང་ འགྲེམ་ཐོག་ཚོགས་རྒྱན་༤༣༣ ཐོབ་མི་དང་འབྲེལ་ བསྡོམས་ཀྱིས་ཚོགས་རྒྱན་༡༧༥༣ ཐོབ་ཡོདཔ་ད་ སྨན་སྦིས་བཙན་མཁར་འདེམས་ཁོངས་ལས་ ཚོགས་རྒྱན་༡༢༨༠ དང་ འགྲེམ་ཐོག་ཚོགས་རྒྱན་༤༨༩ བསྡོམས་ཚོགས་རྒྱན་༡༧༦༩ ཐོབ་མི་དང་འབྲེལ་ ཚོགས་རྒྱན་ཡོངས་བསྡོམས་༣༥༢༢ ཐོབ་ཡོད་མི་ལུ་བརྟེན་ ཚོགས་རྒྱན་མཐོ་ཤོས་འཐོབ་མིའི་གྲངས་སུ་ ཚུད་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ སྨན་སྦིས་བཙན་མཁར་འདེམས་ཁོངས་ལས་ ཚོགས་རྒྱན་༧༤༢ དང་ འགྲེམ་ཐོག་ཚོགས་རྒྱན་༣༧༧ ཐོབ་ཡོདཔ་བཞིན་དུ་ གང་ཟུར་སྨིན་སྦིས་འདེམས་ཁོངས་ལས་ ཚོགས་རྒྱན་༧༤༩ དང་ འགྲེམ་ཐོག་ཚོགས་རྒྱན་༤༡༣ བསྡོམས་ཀྱིས་ ཚོགས་རྒྱན་༢༢༨༡ ཐོབ་ཡོདཔ་ལས་ སྤྱིར་བཏང་བཙག་འཐུ་ནང་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ འགོ་ཐོག་བཙག་འཐུའི་དོན་ལུ་ གང་ཟུར་སྨིན་རྗེ་འདེམས་ཁོངས་ལས་ ཚོགས་རྒྱན་༣༢༧ དང་ འགྲེམ་ཐོག་ཚོགས་རྒྱན་༡༤༧ ཐོབ་ཡོདཔ་ད་ སྨིན་སྦིས་བཙན་མཁར་འདེམས་ཁོངས་ལས་ ཚོགས་རྒྱན་༣༠༣ དང་ འགྲེམ་ཐོག་ཚོགས་རྒྱན་༡༦༩ བསྡོམས་ཀྱིས་ ཚོགས་རྒྱན་༩༤༦ ཐོབ་མི་ལུ་བརྟེན་ སྤྱིར་བཏང་བཙག་འཐུ་ནང་་ལས་ ཕྱིར་འབུད་སོང་ཡོདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་གིས་ གང་ཟུར་སྨིན་སྦིས་འདེམས་ཁོངས་ལས་ ཚོགས་རྒྱན་༡༥༠ དང་ འགྲེམ་ཐོག་ཚོགས་རྒྱན་༢༩ ཐོབ་ཡོདཔ་བཞིན་དུ་ སྨིན་སྦིས་བཙན་མཁར་ལས་ ཚོགས་རྒྱན་༡༣༦ དང་ འགྲེམ་ཐོག་ཚོགས་རྒྱན་༢༡ ཡོངས་བསྡོམས་ཚོགས་རྒྱན་༣༣༦ ལས་བརྒལ་ཐོབ་མ་ཚུགསཔ་ལས་ ཕྱིར་འབུད་སོང་བའི་གྲངས་སུ་ཚུདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ འོས་འབབ་ལྡན་པའི་ཚོགས་རྒྱན་བཙུགས་ཆོག་མི་༡༤,༣༤༨ ཡོད་མི་ལས་ ཚོགས་རྒྱན་བཙུགས་མི་༤༢༠༣ དང་འགྲེམ་ཐོག་ ཚོགས་རྒྱན་བཙུགས་མི་༡༠༡༢ བསྡོམས་༤༢༠༣ ཐོན་ཡོདཔ་བཞིན་དུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་ཆོག་མི་ཡོངས་བསྡོམས་ལས་ བརྒྱ་ཆ་༣༧.༤༠ ཐོན་ཡོདཔ་ཨིན་པས།
ཨིན་རུང་ རྒྱལ་ཡོངས་ཚོགས་སྡེ་དང་ཕྱདཔ་ད་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ ཚོགས་རྒྱན་བཙུགས་ཆོག་མི་བསྡོམས་༡༤,༣༨༩ ཡོད་མི་ལས་བསྡོམས་༧༠༧༨ འོང་ཡོད་མི་ལས་ བརྒྱ་ཆ་༤༩.༤༢ ཐོན་ཡོད་མི་དེ་ བརྒྱ་ཆ་༡༡.༨ དེ་ཅིག་ཡར་འཕར་སོང་ཡོདཔ་ལས་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་ནི་ཁག་ཆེཝ་ཨིནམ་ ཧ་གོ་ནུག་ཟེར་ རྫོང་ཁག་ངོས་ལེན་འགོ་དཔོན་སངས་རྒྱས་རྡོ་རྗེ་དང་ འཆི་མེད་རིག་འཛིན་གྱིས་ སླབ་ཨིན་པས།
ལྷུན་རྩེ་རྫོང་ཁག་གི་ སྨིན་སྦིས་རྒེད་འོག་ སྐམ་དར་ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་ སྐྱེས་ལོ་༨༢ ལང་མི་ ཨང་རྒས་པདྨ་སྒྲོལ་མ་གིས་ སླབ་མི་དང་འཁྲིལཝ་ད་ མོ་ར་སྐམ་དར་གཡུས་སྒོ་ལས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ དྲོ་པའི་ཆུ་ཚོད་༦ ལུ་ ཁྱིམ་སྒོ་ཁ་ལས་ཐོན་ཏེ་ རྐང་སྟོང་སྦེ་ སྐམ་དར་ཚོགས་རྒྱན་ས་ཁོངས་ཚུན་འོངམ་ད་ དུས་ཡུན་ཆུ་ཚོད་༣ ལྷགཔ་ཅིག་ འགོར་སོ་ཡི་ཟེར་ཨིན་པས།
དེ་སྦེ་ དཀའ་སྡུག་ལུ་ མ་ལྟ་བར་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ མི་དབང་ཡབ་སྲས་༢ ལུ་ བཀྲིན་དགའ་ཚོར་ཞུ་ནི་དང་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ ག་དེ་ཅི་ཁག་ཆེཝ་ཨིན་ན་ དེ་ལས་ འདེམས་ངོ་ག་བཙག་འཐུ་འགྲུབ་སོང་རུང་ རྒྱལ་ཁབ་དང་ མི་སྡེ་ལུ་ ཕན་ཐོགས་ཚུགས་པའི་ ཕྱག་ཕྱིད་ཞུ་ནི་ལུ་ ཁས་བླངས་ཕུལ་བཅུག་ནིའི་དོན་ལུ་ འོང་ཡི་ཟེར་ཨིནམ་ད་ མོ་གིས་ ཚོགས་རྒྱན་བཙུགས་མི་དེ་ ཉིནམ་དེ་ནང་ དབང་རྟ་ཀླུང་རྟ་དང་ ཁ་རྗེ་ག་བཟང་མི་དེ་གིས་ ཐོབ་ཚུགས་དོ་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།

![]() |
ཚོགས་རྒྱན་བཙུགས་པར་འོང་མི་ སྐམ་དར་ལས་ སྐྱེས་ལོ་༨༢ ལང་མི་ ཨང་རྒས་པདྨ་སྒྲོལ་མ། |

བཀྲིས་ཕུན་ཚོགས།
No comments:
Post a Comment