གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེ་ལས་འགུལ་ཚུ་ལུ་བརྟེན་ ཞི་གཡོག་ནང་ལས་དགོངས་ཞུ་འབད་མི་ཡར་སེང་།

༦/༨/༢༠༡༢   
 ༉ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་མི་ མང་སུ་ཐོན་མི་ལུ་བརྟེན་ སྤྱི་ལོ་༢༠༡༡ དང་༢༠༡༢ ཀྱི་ རྩིས་ལོ་ནང་ ཞི་གཡོགཔ་༩༢༤ དེ་ཅིག་གིས་ དགོངས་ཞུ་འབད་ནུག་ཟེར་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱི་ འགོ་དཔོན་ཚུ་གིས་བཤདཔ་ཨིན་པས།


དེ་ཡང་ དགོངས་ཞུ་འབད་མི་༩༢༤ ཡོད་མིའི་གྲས་ལས་ ཞི་གཡོགཔ་༣༠༠ ལོ་ཚད་ཚང་ཏེ་ དགོངས་ཞུ་འགྱོ་མི་ཨིན་རུང་  ཞི་གཡོགཔ་༦༢༤ ལོ་ཚད་མ་ཚང་པར་ རང་སོའི་ ཁས་བླངས་ཐོག་ལས་དང་ ལ་ལུ་ཅིག་ཚེ་འདས་སོང་མི་ ལ་ལུ་ཅིག་ དགོངས་གྲོལ་བཏང་མི་ཚུ་ཨིན་པས།
རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ ཞི་གཡོགཔ་དང་ ལས་འཛིན་གྱི་ལས་བྱེདཔ་ དེ་ལས་ གློག་མེ་ལས་འགུལ་གྱི་ལས་བྱེད་པའི་ ཟུར་ཕོགས་ཚུ་ཡང་ འཛིན་སྐྱོང་འཐབ་དོ་ཡོདཔ་ལས་ འདས་པའི་རྩིས་ལོ་༢༠༡༡ དང་༢༠༡༢ ནང་ དགོངས་ཞུ་འབད་མིའི་གྲས་ལས་༥༣༡ ཞི་གཡོགཔ་ཚུ་ཨིན་པས།
འཚོ་རྟེན་མ་དངུལ་སྡེ་ཚན་གྱི་ གཙོ་འཛིན་འགོ་དཔོན་ བསོད་ནམས་ཡེ་ཤེས་ཀྱིས་ སླབ་མིའི་ནང་ འདས་པའི་ལོ་ངོ་དག་པ་ཅིག་ལས་ཚུར་ དགོངས་ཞུས་འབད་མིའི་གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོད་མི་དེ་ཡང་ གློག་མེ་ལས་འགུལ་ཚུ་ནང་ དངུལ་ཕོགས་དང་ དངུལ་འབྲེལ་ཁེ་ཕན་ཚུ་ལེགས་ཤོམ་ཐོབ་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
དེ་མ་ཚད་ ཞི་གཡོག་ལས་དགོངས་ཞུས་འབད་མི་ མང་ཤོས་ར་  གློག་མེ་ལས་འགུལ་ཚུ་ནང་ མཁོ་འདོད་ཡོད་མི་ བཟོ་རིག་འགོ་དཔོན་ཚུ་ཨིན་པའི་ཁར་ སྤྱི་ཟླ་༦ པའི་ནང་ར་ བཟོ་རིག་འགོ་དཔོན་༤ གིས་ དགོངས་ཞུའི་ ཞུ་ཡིག་བཙུགས་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༦ དང་༢༠༠༧ གྱི་རྩིས་ལོའི་ནང་ དགོངས་ཞུ་འབད་མི་༥༡༨ ཐོན་ཡོདཔ་ད་ སྤྱི་ལོ་༢༠༠༧ དང་༢༠༠༨ ལུ་མི་གྲངས་༦༠༧ སྤྱི་ལོ་༢༠༠༨ དང་༢༠༠༩ ནང་༧༣༡ དང་ སྤྱི་ལོ་༢༠༠༩ དང་༢༠༡༠ ནང་༥༦༧ སྤྱི་ལོ་༢༠༡༠ དང་༢༠༡༡ ནང་༧༣༢ དེ་ལས་ སྤྱི་ལོ་༢༠༡༡ དང་༢༠༡༢ ནང་ ཞི་གཡོགཔ་༩༢༤ གིས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ གློག་མེ་ལས་འགུལ་མང་རབས་ཅིག་ འགོ་བཙུགས་ནི་ཡོད་མི་དང་བསྟུན་ ད་རུང་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མིའི་གྱངས་ཁ་དེ་ ཡར་སེང་འགྱོ་ནི་གི་ འོས་འབབ་སྦོམ་འདུག་ཟེར་ཨིན་པས།
ཨིན་རུང་ གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཚུ་གི་ ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ཚུ་ཡང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ལས་ དཀའ་ངལ་དུམ་གྲ་ཅིག་མར་ཕབ་འབད་ཚུགས་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment