གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཅི་ གློག་མེའི་ཐོན་སྐྱེད་ མཐོ་ཤོས་ སྤྱི་ཟླ་༧ པའི་ནང་ ཐོབ་ཡོདཔ།

༣/༨/༢༠༡༢   ༉ འབྲུག་རྒྱལ་ཁབ་ནང་ དུས་ཅི་ གློག་མེའི་ཐོན་སྐྱེད་མཐོ་ཤོས་ར་ སྤྱི་ཟླ་༧ པའི་ནང་ གློག་ཤུགས་མེ་ག་ཝཊ་༡༥༥༡ དེ་ཅིག་ ཐོན་སྐྱེད་འབད་ཡོདཔ་ད་ ཟླཝ་༢ ཀྱི་ནང་འཁོད་ལུ་ མ་དངུལ་ རུ་པི་དུང་ཕྱུར་༢ དེ་ཅིག་ བཟོ་ཚུགས་པའི་འོས་འབབ་ཡོདཔ་ཨིན་པས།


སྤྱི་ཟླ་༦ པའི་ནང་ གློག་མེའི་ཐོན་སྐྱེད་ མེ་ག་ཝཊ་༨༨༡ དེ་ཅིག་ཡོད་པའི་ཁར་ འབྲུག་རང་བཞིན་སླར་འབྱུང་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཆརཔ་རྐྱབ་ནི་དེ་ ཧ་སུ་ཅིག་སྦེ་འགོ་བཙུགས་པ་ཅིན་ གློག་མེའི་ཐོན་སྐྱེད་ ལེ་ཤ་གིས་ ཡར་སེང་འགྱོ་ནི་མས་ཟེར་ཨིན་པས།
གློག་མེའི་ཐོན་སྐྱེད་ཤུགས་ཆེ་ཤོས་ར་ སྤྱི་ཟླ་༧ པའི་ནང་ཨིནམ་ད་ དེ་སྐབས་ ཆར་ཆུ་འབོལ་རུང་ ཆུ་ལྷག་ཚུ་བསག་བཞག་སའི་ ཆུ་མཛོད་ཁང་སོ་སོ་མེདཔ་ལས་ ཆུ་ལྷག་ཐོན་མི་ཚུ་ ཕྱི་ཁར་གཏང་བཞག་དགོ་པས་ཟེར་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ལྟོ་གི་གནས་སྟངས་ནང་ གློག་མེ་འཕྲུལ་ཨམ་ཚུ་ག་ར་ ལག་ལེན་འཐབ་ཡོད་ཟེར་ཨིནམ་ད་ དེ་ཚུ་གིས་ གློག་ཤུགས་མེ་ག་ཝཊ་༡,༥༥༡ ཐོན་སྐྱེད་འབད་མི་ལས་ ནང་འཁོད་ལག་ལེན་གྱི་དོན་ལུ་ བརྒྱ་ཆ་༡༢ བཞག་པའི་ཤུལ་ལུ་ གཞན་མི་ཚུ་ག་ར་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་ཨིན་ཟེར་ཨིན་པས།
འབྲུག་གིས་ འདས་པའི་ཉིནམ་༢ དེ་ཅིག་གི་ཧེ་མ་ རྒྱ་འབྲུག་༢ ཀྱི་བར་ན་ གློག་མེ་བཀྲམ་སྤེལ་གྱི་ས་ཁོངས་ནང་ གློག་ཤུགས་ག་དེམ་ཅིག་ ཕྱིར་ཚོང་དང་ ནང་འདྲེན་འབད་ཡོདཔ་ཨིན་ན་ཚུ་ ལྟ་ཞིབ་འབད་ཡི་ཟེར་ཨིན་པས།
གློག་མེའི་ཐོན་སྐྱེད་ཀྱི་དུས་ཚོད་དེ་ སྤྱི་ཟླ་༩ པ་ཚུན་གནས་ཚུགས་ནི་ཨིནམ་ད་ སྤྱི་ཟླ་༡༠ པ་ལས་ ཆར་ཆུ་ཉུང་སུ་འགྱོ་བའི་བསྒང་ལས་ གཙང་ཆུ་ཚུ་ཡང་ ཆུང་སུ་འགྱོ་ནི་དེ་གིས་ གློག་མེའི་ཐོན་སྐྱེད་ཡང་མར་འབབ་འགྱོ་ནི་ཨིནམ་ལས་ དེ་བསྒང་ འབྲུག་གིས་ རྒྱ་གར་ལས་ གློག་མེ་ དངུལ་ཀྲམ་ས་ཡ་༣༠ དེ་ཅིག་གི་རྩིས་ ནང་འདྲེན་འཐབ་དགོཔ་ཐོནམ་ཨིན་ཟེར་ཨིན་པས།
དེ་མ་ཚད་ འབྲུག་གི་གནས་སྟངས་ནང་ གནམ་དགུན་ གློག་མེའི་ཐོན་ཤུགས་མར་འབབ་འགྱོ་ནི་དང་ ནང་འཁོད་ གློག་མེའི་མཁོ་འདོད་ཚུ་ ཡར་སེང་འགྱོ་དོ་ཡོད་པའི་ཁར་ གནམ་བྱཱར་ གློག་མེའི་ཐོན་ཤུགས་ཡར་སེང་ཡོད་པའི་སྐབས་ མཁོ་འདོད་ཉུང་སུ་ཅིག་ལས་མེད་ཟེར་ འགོ་དཔོན་ཅིག་གིས་བཤདཔ་ཨིན་པས།
ད་ལྟོ་ རྒྱལ་ཁབ་ནང་ ཆར་ཆུ་འབོལ་བའི་སྐབས་ལུ་ གློག་མེའི་ཐོན་སྐྱེད་ ཡར་སེང་འབད་ཚུགས་མི་དེ་གིས་ རྒྱ་གར་ལས་ རུ་པི་ཐོབ་ཚུགས་ནི་ཨིནམ་ལས་ འབྲུག་གི་དཔལ་འབྱོར་གནས་སྟངས་ནང་ རུ་པིའི་དཀའ་ངལ་སེལ་ཐབས་ལུ་ ལྷན་གཐབས་འབདཝ་ཨིན་ཟེར་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment