གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེར་སྤྱོད་མཁོ་ཆས་ཚུ་ བསྒྱུར་བཅོས་འབད་དགོཔ་ཐོན་ཡོདཔ།

༡༤/༨/༢༠༡༢   ༉ སྤྱིར་བཏང་མི་ཚུ་གིས་ ཟད་འགྲོ་གཏང་ཐངས་དང་ ཚོང་འབྲེལ་གནས་སྟངས་ནང་ ཉེར་སྤྱོད་མཁོ་ཆས་མ་འདྲཝ་གསརཔ་ཐོན་མིའི་ གནས་སྟངས་ལུ་བརྟེན་ རྒྱལ་ཡོངས་གནས་སྡུད་ལས་ཁང་གིས་ སྐྱ་ནམ་གྱི་གོང་ཚད་ ཡར་འཕར་འགྱོ་མི་ཚུ་ དབྱེ་ཞིབ་འབད་ནིའི་དོན་ལུ་ ཉེར་སྤྱོད་མཁོ་ཆས་ཀྱི་ ཐོ་ཡིག་ནང་ལས་ མཁོ་ཆས་ལ་ལུ་ཅིག་ བཏོན་བཏང་པའི་ཁར་ ལ་ལུ་ཅིག་ གསརཔ་བཙུགས་ཐོག་ལས་ བསྒྱུར་བཅོས་འབད་དགོ་པའི་ གནས་སྟངས་ཐོན་ཡོདཔ་ཨིན་པས།


སྐྱ་ནམ་གོང་ཚད་ ཡར་འཕར་འགྱོ་མི་ལུ་ ལྟ་རྟོག་འབད་ནིའི་དོན་ལས་ ཉེར་སྤྱོད་མཁོ་ཆས་ཀྱི་ ཐོ་ཡིག་ནང་ མི་ཚུ་གིས་ ཉིན་བསྟར་གྱི་ འཚོ་ཐབས་གནས་སྟངས་ནང་ ལག་ལེན་འཐབ་མི་ ཅ་དངོས་དང་ ཞབས་ཏོག་གི་རིགས་ཚུ་ ཚུདཔ་ཨིན་པས།
ད་ཚུན་ འབྲུག་གིས་ སྐྱ་ནམ་གྱི་ གོང་ཚད་འཕར་ཚད་ཚུ་ ཉེར་སྤྱོད་མཁོ་ཆས་མ་འདྲཝ་༣༦༣ དེ་ཅིག་གི་ ཐོ་ཡིག་གུ་གཞི་བཞག་སྟེ་ རྩིས་ཞིབ་འབད་ཡོདཔ་ད་ སང་ཕོད་ལས་ ཉེར་སྤྱོད་མཁོ་ཆས་ཀྱི་ ཐོ་ཡིག་དེ་༤༥༠ དེ་ཅིག་ལུ་ ཡར་སེང་འབད་ནི་གི་ འོས་འབབ་ཡོདཔ་ཨིན་པས།
ཉེར་སྤྱོད་མཁོ་ཆས་ཀྱི་ ཐོ་ཡིག་༣༦༣ བཀོད་ཡོད་མི་དེ་ སྤྱི་ལོ་༢༠༠༣ ལུ་ བསྡུ་སྒྲིག་འབད་ཡོདཔ་ད་ ད་རེས་ནངས་པ་ མཁོ་ཆས་ཚུ་གི་ ཐོན་སྐྱེད་དང་ ཞབས་ཏོག་གསརཔ་ལེ་ཤ་ཅིག་ར་ ཐོན་ཡོདཔ་མ་ཚད་ མི་ཚུ་གི་ མཁོ་འདོད་དང་ གདམ་ཁའི་གནས་སྟངས་ཡང་ འགྱུར་བ་སོང་ཡོད་པའི་ གསལ་སྟོན་འབདཝ་མས་ཟེར་ རྒྱལ་ཡོངས་གནས་སྡུད་ལས་ཁང་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
དེ་འབད་ནི་འདི་གིས་ ཉེར་སྤྱོད་མཁོ་ཆས་དང་ ཞབས་ཏོག་གསརཔ་གི་རིགས་ཚུ་ ཐོ་ཡིག་ནང་བཀོད་དེ་ ལག་ལེན་ཉུང་སུ་སོང་མི་རྙིངམ་ཚུ་ བཏོན་དགོཔ་ཡོད་ཟེར་ཨིན་པས།
ཉེར་སྤྱོད་མཁོ་ཆས་གསརཔ་ཚུ་ ཐོ་བཀོད་འབད་ནི་ཨིན་མིའི་གྲས་ཁར་ ཡོངས་གྲགས་ཅན་གྱི་ འགྲུལ་འཕྲིན་མོ་བ་ཡེལ་དང་ གྱོན་ཆས་གསརཔ་གི་རིགས་ འགྲུལ་འཕྲིན་མོ་བ་ཡེལ་གྱི་ དངུལ་འཛིན་བའུ་ཅར་ཚུ་ དེ་ལས་ གློག་རིག་ལེབ་ཊོབ་དང་ གསར་ཤོག་གི་དོན་ལུ་ བཏང་ནི་ཡོད་པའི་ ཟད་འགྲོའི་རིགས་ཚུ་དང་ གཞན་ཡང་ ལེ་ཤ་ར་ཡོདཔ་ཨིན་པས།
ཉེར་སྤྱོད་མཁོ་ཆས་གསརཔ་ཚུ་ འཕྲལ་ཁམས་ཅིག་ཁར་ འབྲུག་གི་ འཚོ་བའི་གནས་སྟངས་ཞིབ་འཚོལ་ཅིག་ འགོ་འདྲེན་འཐབ་མི་དང་འཁྲིལ་ཏེ་ཨིནམ་ད་ ཞིབ་འཚོལ་སྐབས་ འཕྲལ་ཁམས་ལག་ལེན་ཅན་གྱི་ ཉེར་མཐོའི་ཐོན་སྐྱེད་དང་ཞབས་ཏོག་ཚུ་གི་སྐོར་ལས་ཡང་ དྲི་ཞིབ་ཚུ་ འབད་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment