གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐོ་རིམ་ཤེས་ཚད་མཐར་འཁྱོལ་མིའི་ གོམས་འདྲིས་སློབ་སྦྱོང་ ཁ་ཙ་ལས་འགོ་བཙུགས་ཡོདཔ།

༡༤/༨/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ ན་གཞོན་གོང་འཕེལ་མ་དངུལ་ཁང་དང་ ཆུ་རྩལ་ཁང་གི་ ཏའི་ཀཱོན་ཌོའི་ཁང་ནང་སྦེ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་སློབ་ཕྲུག་༢༢༦༣ གྱིས་ གོམས་འདྲིས་སློབ་སྦྱོང་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དུས་ཅིའི་ གོམས་འདྲིས་སློབ་སྦྱོང་ནང་བཅའ་མར་གཏོགས་མི་ སློབ་ཕྲུག་བུཚ་ ༡༣༤༠ དང་ བུམོ་ ༩༢༣ ཡོདཔ་ཨིན་པས།

མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ གོམས་འདྲིས་སློབ་སྦྱོང་ནང་ བཅའ་མར་གཏོགས་པའི་བསྒང་།


གོམས་འདྲིས་སློབ་སྦྱོང་འགོ་བཙུགས་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་ མི་རྗེ་ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་མཆོག་གིས་ མི་ཚེའི་ནང་ དཀའ་ངལ་ག་ཅི་བཟུམ་ཡང་ འབྱུང་སྲིད་ནི་ཨིནམ་མ་ཚད་ ལཱ་གཡོག་ག་ཅི་ནང་འབད་རུང་ དོ་འགྲན་འབད་དེ་ བཅའ་མར་གཏོགས་དགོཔ་ གལ་ཆེ་ཟེར་གསུངས་ཡི།
བློན་པོ་གིས་ གོམས་འདྲིས་སློབ་སྦྱོང་ནང་བཅའ་མར་གཏོགས་དགོ་པའི་ དམིགས་ཡུལ་དང་ དགོས་པ་ ཕན་ཡོན་ དེ་ལས་ ད་རེས་ནངས་པར་ ལཱ་གཡོག་འཐོབ་ནིའི་དོན་ལུ་ དོ་འགྲན་འབད་དགོ་པའི་སྐོར་ལས་གསུངས་ཡི།
རྒྱལ་ཁབ་ནང་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ཐབས་ལུ་ མི་སྡེ་གྲོང་གསེབ་ཚུ་ནང་ལས་ཕར་ སློབ་གྲྭ་ཁག་དང་ གསོ་བ་ གློག་མེ་ བརྒྱུད་འཕྲིན་ འཐུང་ཆུ་བཀྲམ་སྤེལ་ སོ་ནམ་ལཱ་གི་དོན་ལུ་ ཆུ་གཡུར་ སོ་ནམ་ཞིང་ལམ་  ཟུར་ལམ་ཚུ་གི་ མཐུན་རྐྱེན་ཚུ་ བྱིན་དགོཔ་གལ་ཆེཝ་སྦེ་ཡོད་ནི་དེ་གིས་ གཞུང་གིས་ འཆར་གཞི་དང་འཁྲིལ་ཏེ་ ལཱ་ཚུ་འབད་ཡི་ཟེར་ བློན་པོ་གིས་ གསུངས་ཡི།
འཛམ་གླིང་གཅིག་འགྱུར་གྱི་གནས་ཚད་དང་བསྟུན་པའི་ དཔལ་འབྱོར་གོང་འཕེལ་དང་ འཕྲུལ་རིག་ཚུ་ ཡར་དྲག་གཏང་དགོ་པའི་དུས་ཚོད་ཁར་ལྷོད་དེ་ཡོདཔ་ལས་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་འགོ་བཙུགས་ནི་དེ་གིས་ རྒྱལ་ཁབ་ཀྱི་མི་སེར་ཚུ་གིས་ དམངས་གཙོའི་རིང་ལུགས་ཀྱི་སྐོར་ལས་ ཧ་གོ་ནུག་ཟེར་ཨིན་པས།
 གོམས་འདྲིས་སློབ་སྦྱོང་ནང་ བཅའ་མར་གཏོགས་མི་ ཤཱཀྱ་རྡོ་རྗེ་གིས་ གཞུང་གསརཔ་ འབྲུག་ཕུན་སུམ་ཚོགས་པའི་ཁ་ཐུག་ལས་ ལོ་ལྔའི་ནང་འཆར་གཞི་དང་ དམིགས་ཡུལ་ཚུ་ གནས་ཡུན་ཚང་བའི་སྐབས་ བསྒྲུབ་ཚུགས་ནི་བཟུམ་འདུག་ག་ ཡང་ཅིན་ འདི་ལུ་ ཐབས་ལམ་གཞན་ག་ཅི་ར་ བཏོན་དགོཔ་ཡོད་ག་ཟེར་ དྲི་བཀོད་ཞུ་ཡི།
གཞུང་གིས་ ཕྱག་ལཱ་ག་ཅི་གནང་རུང་ དམིགས་དོན་ཚུ་ལུ་ གཙོ་བོར་བཏོན་ཏེ་ འབད་དོ་ཡོདཔ་ལས་ ཧེ་མ་ ལོ་ལས་བཅད་དེ་ ཕྱིར་འགྱངས་སྦེ་ལུས་མི་ལས་དོན་ཚུ་ གཞུང་གསརཔ་གིས་ ལོ་༣ དང་༤ གི་ནང་འཁོད་ལུ་ར་ ཡར་རྒྱས་གོང་འཕེལ་ག་དེ་སྦེ་ བཏང་ཡོདཔ་ཨིན་ན་དང་ དབུལ་ཕོངས་ཀྱི་དཀའ་ངལ་ ག་དེ་སྦེ་ར་བསལ་ཚུགས་ཅི་ག་ མི་མང་གིས་ ཤེས་གསལ་ཅན་ལུ་ཡོད་ཟེར་ ཨིན་པས།
བདུན་ཕྲག་༡ གི་རིང་ལུ་ ལས་རིམ་འགོ་འདྲེན་འཐབ་ནི་ཨིན་མི་ནང་ ལྷན་ཁག་དང་ ལས་ཁུངས་ ལས་སྡེའི་འགོ་དཔོན་ཚུ་གིས་ གནད་དོན་གསལ་བཤད་ཚུ་རིམ་པ་བཞིན་དུ་འབད་ནི་ཨིན་པས།
སྤྱི་ལོ་ ༢༠༡༢ ཀྱི་ གོམས་འདྲིས་སློབ་སྦྱོང་ནང་བཅའ་མར་གཏོགས་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ལག་ཁྱེར་ཚུ་གནང་ཐོག་ལས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment