གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་རྫོང་ཁག་ནང་ ས་ཆའི་རྩོད་རྙོགས་ཉུང་སུ་ཅིག་ལས་མེདཔ།

༡༥/༨/༢༠༡༢   ༉  རྒྱལ་ཁབ་ནང་ ས་ཆ་བསྐྱར་འཇལ་ལས་རིམ་གྱི་ མཇུག་ཨང་གསུམ་པ་དེ་རྩི་རང་རྫོང་ཁག་ཨིནམ་བཞིན་དུ་ རྫོང་ཁག་གཞན་ཚུ་དང་ཕྱདཔ་ད་ ས་ཆའི་རྩོད་རྙོགས་ཡང་ ལེ་ཤ་མིན་འདུག་ཟེར་ ས་འཇལ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྫོང་ཁག་ས་ཆའི་རྩོད་ཉོགས་བསལ་ཐབས་ཚོགས་ཆུང་གི་འཐུས་མི་དང་ སའི་ཇོ་བདག་ཚུ།


ས་ཆ་དང་འབྲེལ་བའི་ རྩོད་རྙོགས་ཚུ་ཡང་ ད་རེས་ནངས་པ་ རྩི་རང་རྫོང་ཁག་ སའི་རྩོད་རྙོགས་ཚོགས་ཆུང་དང་ ས་འཇལ་འགོ་དཔོན་ཚུ་གིས་ རྫོང་ཁག་འོག་གི་ ཚོགས་ཆུང་གི་ དབང་ཆའི་འོག་ལུ་ཚུད་མི་ རྩོད་རྙོགས་ཚུ་ བསལ་ཚར་ཡོདཔ་ཨིན་པས།
རྫོང་ཁག་ནང་ ཧ་ལམ་ ས་ཆ་བསྐྱར་འཇལ་ མཇུག་བསྡུ་རན་ཁར་ལྷོད་ཡོད་རུང་ ད་ཚུན་ལུ་ སའི་རྩོད་རྙོགས་༦ དེ་ཅིག་ལས་བརྒལ་མ་ཐོན་ཟེར་ཨིནམ་ད་ དེ་ཚུ་གི་གྲས་ལས་ བྱ་སྟབས་མ་བདེཝ་བསལ་ནིའི་གནད་དོན་༡ མ་གཏོགས་མེད་ཟེར་ རྫོང་ཁག་གི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྩོད་རྙོགས་ཚུ་ཡང་ མང་ཤོས་ས་ཁྲམ་དང་ ས་མཚམས་རྡོ་མཚམས་ཚུ་ལུ་བརྟེན་ཐོན་དོ་ཡོདཔ་ད་ དེ་བཟུམ་སྦེ་ གཞན་མི་ ཉོ་བཙོང་དང་ སྐལཝ་བགོ་བཤའ་ཚུ་དང་འབྲེལ་བ་ཡོད་མི་ཚུ་ཡོདཔ་ཨིན་པས།
རྩོད་རྙོགས་ཚུ་ཡང་ སྤྱི་ལོ་༢༠༠༤ ལུ་ ཧེ་མའི་འཕྲུལ་ཆས་རྙིངམ་དེ་ར་ ལག་ལེན་འཐབ་ཐོག་ལས་ བསལ་དོ་ཡོདཔ་ད་ ས་ཁྲ་ཁག་༣ ཡོད་མི་ཚུ་ དབྱེ་ཞིབ་འབད་དེ་ འཇལ་ཡོདཔ་ཨིན་པས།
རྫོང་ཁག་འགོ་དཔོན་ཚུ་གིས་འབད་བ་ཅིན་ རྩི་རང་རྫོང་ཁག་དེ་ རྫོང་ཁག་ཚུ་གི་གྲས་ལས་ ས་ཡི་རྩོད་རྙོགས་ཉུང་སུ་ཐོན་མི་ཅིག་ཨིན་པས།
རྫོང་ཁག་ ས་ཡི་རྩོད་རྙོགས་ཚོགས་ཆུང་གི་ ཁྲི་འཛིན་ རྩི་རང་རྫོང་བདག་ སྤེན་པ་དབང་ཕྱུག་གིས་ བཤད་མིའི་ནང་ ས་ཆ་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ཚུ་ཡང་ མང་ཤོས་ ནང་འཁོད་ཀྱི་ དཀའ་ངལ་ཚུ་ལུ་བརྟེན་ཏེ་ཨིནམ་ལས་ དེ་ཚུ་གི་ཐད་ལུ་ གདམ་ཁ་དེ་ སའི་ཇོ་བདག་ཚུ་ལུ་ བྱིན་ཡི་ཟེར་ཨིན་པས།
ད་ལྟོ་ ས་ཆ་བསྐྱར་འཇལ་སྡེ་ཚན་གྱིས་ ལཱ་ཚུ་ འཕྲལ་ཁམས་ཅིག་ཁར་ གསར་སྤང་རྫོང་ཁག་ནང་ཡང་ འགོ་བཙུགས་ཡོདཔ་ད་ མཇུག་ར་ གཞལམ་སྒང་རྫོང་ཁག་ནང་ ཨིནམ་བཞིན་དུ་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་འཁོད་ལུ་མཇུག་སྡུ་ཚུགས་པའི་ དམིགས་གཏད་བསྐྱེདཔ་ཨིན་པའི་གནས་ཚུལ།

རྩི་རིང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment