གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་ རྒྱལ་ཡོངས་ཨམ་སྲུའི་ བསི་ཀེཊ་བཱོལ་རྩེད་འགྲན་སྡེ་ཚན་ཅིག་ གཞི་བཙུགས་འབད་ནི།

༡༥/༨/༢༠༡༢   ༉ འབྲུག་ལུ་རྩེད་རིགས་ཚུ་གི་གྲས་ལས་ བསི་ཀེཊ་བཱོལ་དེ་ ན་གཞོན་ཚུ་གིས་ སྤྲོ་བ་དང་ དང་འདོད་ཅན་གྱི་ རྩེདམོ་ཅིག་ཨིན་རུང་ ད་ལྟོ་འབྲུག་ལུ་ བསི་ཀེཊ་བཱོལ་རྩེ་མི་ རྒྱལ་ཡོངས་ཨམ་སྲུའི་སྡེ་ཚན་ཅིག་མེདཔ་ཨིན་པས།


དེ་འབདཝ་ད་ འབྲུག་བསི་ཀེཊ་བཱོལ་རྩེད་རིགས་ཚོགས་སྡེ་གིས་ རྒྱལ་སྤྱིའི་བསི་ཀེཊ་བཱོལ་སློབ་སྟོན་པ་ ཨམ་སྲུ་ཚུ་འབྲུག་ལུ་ལེན་ནི་གི་ འཆར་གཞི་ཡོད་མི་དང་བསྟུན་ འབྲུག་གིས་ འཕྲལ་ར་ རྒྱལ་ཡོངས་བསི་ཀེཊ་བཱོལ་རྩེད་མི་ ཨམ་སྲུའི་སྡེ་ཚན་ཅིག་ གཞི་བཙུགས་འབད་ནི་གི་ རེ་བ་ཡོདཔ་ཨིན་པས།
ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ མཚོ་སྐྱེས་རྡོ་རྗེ་གིས་སླབ་མིའི་ནང་ ཤུལ་མའི་ཟླཝ་ནང་ལས་ ཨམ་སྲུ་ཚུ་གིས་ བསི་ཀེཊ་བཱོལ་གྱི་རྩེདམོ་ནང་འབྲེལ་གཏོགས་འབད་བཅུག་ནིའི་ལས་རིམ་ཚུ་ཡོད་ཟེར་ཨིན་པས།
རྩེད་འགྲན་སྡེ་ཚན་སྦེ་ ཐོ་བཀོད་འབད་ནིའི་དོན་ལུ་ སྡེ་ཚན་གཅིག་ནང་ ཉུང་ཤོས་རྩེད་འགྲན་པ་༡༢ དང་ འཛིན་སྐྱོང་པ་༡ དེ་ལས་ སློབ་སྟོན་པ་༡ དང་ སློབ་སྟོན་ལས་རོགསཔ་༡ དགོཔ་ཨིན་ཟེར་ཨིནམ་ད་ ཚོགས་སྡེ་གིས་ རྒྱལ་སྤྱིའི་གནས་ཚད་ནང་ སྦྱོང་བརྡར་བྱིན་ཞིནམ་ལས་ སྡེ་ཚན་ཚུ་གིས་ རང་སོའི་ལྕོགས་གྲུབ་དང་ རིག་རྩལ་གོང་འཕེལ་གྱི་དོན་ལུ་ སྦྱང་བ་བྱིན་དགོཔ་ཡོད་ཟེར་ཨིན་པས།
གལ་སྲིད་ཨམ་སྲུའི་ བསི་ཀེཊ་བཱོལ་རྩེད་འགྲན་སྡེ་ཚན་༤ དང་༥ དེ་ཅིག་ ཐོ་བཀོད་འབད་མི་ཐོན་པ་ཅིན་ རྒྱལ་ཡོངས་ཨམ་སྲུའི་བསི་ཀེཊ་བཱོལ་ རྩེད་འགྲན་ལས་རིམ་ཡང་ འགོ་འདྲེན་འཐབ་ཚུགས་ནི་ཨིན་པའི་ཁར་ དུས་ཅི་ ལོ་མཇུག་བསྡུ་ཁམས་ལུ་ དེ་བཟུམ་མའི་རྩེད་འགྲན་ཅིག་ འགོ་འདྲེན་འཐབ་ཚུགས་པའི་རེ་བ་བསྐྱེད་དོ་ཟེར་ཨིན་པས།
སྡེ་ཚན་ཚུ་གིས་ རྩེད་འགྲན་ནང་འབྲེལ་གཏོགས་ཀྱི་ འཛུལ་འཐུས་ དངུལ་ཀྲམ་༥༠༠༠ དང་༡༠,༠༠༠ དེ་ཅིག་གི་བར་ན་ སྤྲོད་དགོ་ནི་ཨིན་རུང་ ད་ལྟོ་ ཐག་བཅད་མ་འབདོ་ཟེར་ཨིན་པས།
ཚོགས་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཨམ་སྲུ་རྩེད་རིགས་ནང་ སྤྲོ་བ་ཡོད་མི་མང་ཤོས་ར་ སློབ་གྲྭ་ཁག་ཚུ་ནང་འདུག་ཟེར་ཨིན་པས།
ལོ་ངོ་༨ དེ་ཅིག་ བསི་ཀེཊ་བཱོལ་རྩེ་ནིའི་ནང་ སྤྲོ་བ་ལེན་མི་ སྐྱེས་ལོ་༢༣ འབད་མི་ མཚོ་སྐྱེས་ཀྱིས་སླབ་མིའི་ནང་ མོ་གིས་ རྩེདམོ་དེ་ནང་སྤྲོ་བ་བསྐྱེད་དེ་འབད་བ་ཅིན་ མ་འོངས་པར་ དེ་ལུ་བརྟེན་པའི་ གོ་སྐབས་ཀྱི་གནས་སྟངས་མ་མཐོངམ་ལས་ འབྲིང་རིམ་སློབ་གོང་མའི་ནང་ལྷོདཔ་ད་ སྤྲོ་བ་ཞན་སོ་ཡི་ཟེར་ཨིན་པས།
འབྲུག་གི་སླབ་གྲྭའི་ན་གཞོན་ཚུ་ རྩེད་རིགས་ནང་ སྤྲོ་བ་ཡོད་མི་ཚུ་ཡང་ མཐོ་རིམ་མཐར་འཁྱོལ་བའི་བསྒང་ལས་ རྩེད་རིགས་ལུ་རྟེན་པའི་ གོ་སྐབས་མེད་ནི་དེ་གིས་ རིག་རྩལ་མཁས་མཆོག་འབད་ནི་གི་ དང་འདོད་མེདཔ་འགྱོ་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment