གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨར་རྐུན་འབད་ཞིནམ་ལས་ ཁྱིམ་མེ་སྤར་མི་འཛིན་བཟུང་།

༡༥/༨/༢༠༡༢   ༉ སྤྱི་ལོ་༢༠༡༡ ལུ་ ཁྱིམ་རྐུན་དང་ ཁྱིམ་མེ་སྤར་མི་ དོགས་ཅན་ཕོ་སྐྱེས་ཅིག་ འཕྲལ་ཁམས་ཅིག་ཁར་ སྤ་རོའི་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པའི་སྡེ་བདག་ དབང་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ སྐྱེས་ལོ་༢༤ ལང་མི་ ཕོ་སྐྱེས་དེ་ སྤ་རོ་ལུ་ གླ་འཁོར་ཅིག་ནང་ འོང་ཡོདཔ་ཨིན་རུང་ གླ་འཁོར་གྱི་ དེད་གཡོགཔ་ལུ་ གླ་ཆ་སྤྲོད་མ་ཚུགས་པར་ ཆ་རོགས་འབད་གནང་ཟེར་ སླབ་ཡོདཔ་བཞིན་དུ་ དེད་གཡོགཔ་དེ་གིས་ཡང་ དེ་ཚེ་ནུབ་མོར་ ཕོ་སྐྱེས་དེ་ ཁོ་གི་ ཁང་མིག་ནང་ ཞག་ཉལ་བཅུག་ནུག་ཟེར་ཨིན་པས།
དེ་གི་ནངས་པ་ གླ་འཁོར་གྱི་ དེད་གཡོགཔ་དེ་གིས་ ཕོ་སྐྱེས་དེ་ ཚོང་འདུས་ལུ་ བསྐྱལ་ཡོདཔ་ཨིན་རུང་ ཁོ་གིས་ དེད་གཡོགཔ་གི་ཁྱིམ་ནང་ ལོག་འོང་སྟེ་ ཨར་རྐུན་འབད་བ་གིས་མ་ཚད་ ཁྱིམ་མེ་སྤར་བཏང་སྟེ་ བྱོག་སོང་ཡོདཔ་ཨིན་པས།
དེ་བསྒང་ ཚོང་འདུས་ཁྲོམ་ཁ་ར་ཡོད་མི་ གླ་འཁོར་དེད་གཡོགཔ་གིས་ སྤ་རོ་སྨན་ཁང་གི་ལྟག་ལུ་ཡོད་མི་ ཁོ་རའི་ཁྱིམ་ནང་ལས་ དུ་པ་ཐོན་སར་མཐོངམ་ལས་ ཚ་ངེར་བཏོན་ཏེ་ ཁྱིམ་ནང་ལོག་འོང་ཡོདཔ་ད་ ཁོ་གིས་ མེ་བསད་ཚུགས་ཡོད་རུང་ ཁང་མིག་གཉིས་ འཚིགས་སོཔ་ཨིན་པས།
དེད་གཡོགཔ་དང་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༢༤ ལང་མི་ལུ་ དོགས་པ་ཆགས་ཡོདཔ་ཨིན་རུང་ ར་ཁུངས་སྐྱེལ་ནི་མེད་པར་ དེ་སྦེ་ར་ ལུས་སོཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཁྲིམས་སྲུང་འགག་པ་གིས་ སྡོད་ཁྱིམ་ས་ཁོངས་ཅིག་ནང་ བཤལ་འཁྱམས་སྡོད་མི་ ཕོ་སྐྱེས་སྡེ་ཚན་ཅིག་དང་ ཕྱད་པའི་སྐབས་ དོགས་པ་ཅན་དེ་ འཛིན་བཟུང་འབད་ཡོདཔ་ད་ དྲི་དཔྱད་འབདཝ་ད་ ཕོ་སྐྱེས་དེ་གིས་ ཉེས་ལས་འབད་བའི་ རྫུན་ཁ་བཟེད་ཅི་ཟེར་ སྡེ་བདག་དབང་རྒྱལ་རྡོ་རྗེ་གིས་ སླབ་ཨིན་པས།
སྐྱེས་ལོ་༢༤ ལང་མི་ ཕོ་སྐྱེས་དེ་ དར་དཀར་ནང་ལས་ཨིནམ་ད་ ཁོ་ སྤྱི་ལོ་༢༠༠༧ ལུ་ སློབ་རིམ་༡༠ པ་ལས་ མཐར་འཁྱོལ་མ་ཚུགས་པར་ སློབ་གྲྭ་ལས་ ཐོན་སྡོད་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment