གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ས་ལྟེ་བ་ལུ་ རྐང་འཁོར་གྱི་ རྒྱུག་ལམ་ལས་འགུལ་འགོ་ བཙུགས་ཡོདཔ།

༡༦/༨/༢༠༡༢   ༉ ཐིམ་ཕུ་ཁྲོམ་སྡེ་གིས་ རྐང་འཁོར་བཏང་མི་ཚུ་གི་ གནས་སྟངས་ལེགས་ཤོམ་བཟོ་ནིའི་དོན་ལུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ དགོངས་རྫོགས་མཆོད་རྟེན་ལས་ ཆུ་བར་ཆུའི་འཁོར་ལམ་རྒྱ་གྲམ་ཚུན་ སེར་ཐིག་བཏང་ཐོག་ལས་ རྐང་འཁོར་གྱི་རྒྱུག་ལམ་བཟོ་ཡོདཔ་ཨིན་པས།


ཁྲོམ་སྡེ་ལས་ བཟོ་རིག་འགོ་དཔོན་ སངས་རྒྱས་དབང་འདུས་ཀྱིས་ སླབ་མི་དང་འཁྲིལཝ་ད་ སྣུམ་འཁོར་གྱི་ ཟུར་ལམ་ལས་ མི་ཊར་༡ འབད་མི་རྒྱུག་ལམ་དེ་ སེར་ཐིག་བཏང་ཡོདཔ་ལས་ ས་ཁོངས་དེ་ རྐང་འཁོར་བཏང་མི་ཚུ་གི་དོན་ལུ་ རྐྱངམ་གཅིག་ཨིན་ཟེར་ཨིན་པས།
མོ་བཏབ་ལས་འགུལ་དེ་ལུ་ རྐང་འཁོར་བཏང་མི་ཚུ་ལས་ བསམ་འཆར་བསྡུ་ལེན་འབད་མི་དང་འཁྲིལ་ཏེ་ ད་ལྟོ་ བཟོ་སྐྲུན་འབད་ཡོད་རུང་ ཡུན་བརྟན་གྱི་དོན་ལུ་ ག་དེ་སྦེ་འོང་ནི་ཨིན་ན་མ་ཤེསཔ་ཨིན་རུང་ མོ་བཏབ་ལས་འགུལ་འགོ་བཙུགས་ཏེ་ ཀི་ལོ་མི་ཊར་༣ བཟོ་སྐྲུན་འབད་དགོ་མི་ལས་ ད་ཚུན་ ཀི་ལོ་མི་ཊར་༢ བཟོ་སྐྲུན་འབད་ཡི་ཟེར་ སླབ་ཨིན་པས།
ཁྲོམ་སྡེ་གིས་ ལྕང་ཟམ་ཏོག་ལས་ བཀྲིས་ཆོས་རྫོང་ཚུན་ རྐང་འཁོར་མོ་བཏབ་ལས་འགུལ་གྱི་ འཆར་གཞི་དང་སྲིད་བྱུས་ཚུ་བརྩམས་ཡོད་རུང་ སྣུམ་འཁོར་གཞུང་ལམ་བདའ་སྟེ་ ས་གོ་སྦོམ་མེད་མི་ལུ་བརྟེན་ ཆ་མེད་བཏང་དགོཔ་ཐོན་སོ་ཡི་ཟེར་ ཨིན་པས།
རྒྱལ་སའི་སྣུམ་འཁོར་ལམ་ཚུ་ སྣུམ་འཁོར་ཀཱར་༢ ཤོང་ནིའི་དོན་ལུ་ བཟོ་སྐྲུན་འབད་ཡོདཔ་ལས་ ད་ལྟོ་ རྐང་འཁོར་གྱི་ལམ་བཟོ་ནིའི་དོན་ལུ་ དཀའ་ངལ་སྦོམ་ཡོད་རུང་ ཐིམ་ཁྲོམ་ནང་ རྐང་འཁོར་ལམ་གྱི་ ས་གོ་སོ་སོའི་ནང་ བཟོ་ནིའི་འཆར་གཞི་དང་ ལས་རིམ་ཚུ་ཡོད་ཟེར་ བཟོ་རིག་འགོ་དཔོན་སངས་རྒྱས་རྡོ་རྗེ་གིས་ བཤདཔ་ཨིན་པས།
རྒྱལ་ས་ལྟེ་བ་ལུ་ རྐང་འཁོར་ལག་ལེན་འཐབ་མིའི་གྱངས་ཁ་དེ་ ཉིནམ་གཅིག་བ་ཉིནམ་གཅིག་ ཡར་འཕར་འགྱོ་དོ་ཡོདཔ་ལས་ རྐང་འགྲུལ་འབད་མིའི་ཉེན་སྲུང་གི་དོན་ལུ་ ཁྲོམ་སྡེ་ལུ་ འཆར་དངུལ་སོ་སོ་འབད་མེད་རུང་ ཉམས་བཅོས་ཀྱི་དོན་ལུ་ བཞག་མི་འཆར་དངུལ་ཚུ་ནང་ལས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཞི་གཡོག་ནང་ལཱ་འབད་མི་ཅིག་གིས་ ཡིག་ཚང་ནང་འགྱོ་བའི་སྐབས་ རྐང་འཁོར་བཏང་སྟེ་ འགྲོ་འགྲུལ་འབད་དོ་ཡོདཔ་ད་ ཁོ་གིས་ བསམ་འཆར་བཀོད་མི་དང་འཁྲིལཝ་ད་ རྐང་འགྲུལ་པའི་ ཉིནམ་འགོ་བཙུགས་ཞིནམ་ལས་ཚུར་ རྐང་འཁོར་བཏང་ནི་འགོ་བཙུགས་ཡོདཔ་ལས་ རྐང་འཁོར་བཏང་མི་ཚུ་གི་དོན་ལུ་ རྒྱུག་ལམ་དགོ་པའི་སྐོར་ལས་ ཞུ་བ་ཕུལ་ཡི་ཟེར་ཨིན་པས།
ཞུ་བ་ཕུལཝ་བཞིན་དུ་ ཁྲོམ་སྡེ་ལས་ མོ་བཏབ་ཀྱི་ ལས་འགུལ་འགོ་བཙུགས་ཡོད་རུང་ རྐང་འཁོར་གྱི་ལམ་བདའ་སྟེ་ སྣུམ་འཁོར་བཞག་མི་ལུ་བརྟེན་ བྱ་སྟབས་མ་བདེ་བའི་དཀའ་ངལ་སྦོམ་ཡོད་པའི་ཁར་ སྣུམ་འཁོར་བཏང་མི་ཚུ་གིས་ ངོས་ལེན་ལེགས་ཤོམ་འབད་དེ་ རྐང་འཁོར་བཏང་མི་ཚུ་གི་དོན་ལུ་བཞག་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ སླབ་ཨིན་པའི་གནས་ཚལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment