གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏི་རུ་ཡོད་མི་ཚུ་གིས་ སྐྱིན་འགྲུལ་བྱིན་ཐོག་ལས་ འོང་འབབ་བཟོ་དོ་ཡོདཔ།

༡༣/༨/༢༠༡༢   ༉ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ལུ་བརྟེན་ དངུལ་འབྲེལ་ལས་ཁང་ཚུ་ནང་ལས་ སྐྱིན་འགྲུལ་བྱིན་ནི་ བཀག་ཆ་འབད་མི་དང་བསྟུན་ ཏི་རུ་ཡོད་མི་ ཇོ་བདག་ཚུ་གིས་ སྒེར་མི་ཚུ་ལུ་ ཏི་རུ་བསྐྱི་བར་བྱིན་དོ་ཡོདཔ་ཨིན་པས།


དེ་ཡང་ ཚོང་འབྲེལ་དང་ དགོས་མཁོ་ཆེ་བའི་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་དགོ་མི་ མི་ངོ་ཚུ་གིས་ ཟླ་རིམ་དངུལ་སྐྱེད་བརྒྱ་ཆ་༡༠ ལས་༡༥ གི་བར་ན་སྦེ་ སྐྱིན་འགྲུལ་ལེནམ་ཨིན་པས།
ལས་འཛིན་ཅིག་ནང་ ལཱ་འབད་མི་ ཀུན་ལེགས་སྒྲོལ་མ་གིས་ སླབ་མི་དང་འཁྲིལཝ་ད་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་བྱིན་ནི་མཚམས་འཇོག་འབད་བའི་ཤུལ་ལུ་ ཏི་རུ་ཡོད་མི་ ཇོ་བདག་ཅིག་ལས་ བྱ་ཐབས་མེད་པར་ སྐྱེད་བརྒྱ་ཆ་༡༠ སྦེ་ སྐྱིན་འགྲུལ་དངུལ་ཀྲམ་༥༠,༠༠༠ ཟླ་ངོ་༦ ནང་ ལོག་སྤྲོད་ནི་སྦེ་ ལེན་དགོཔ་བྱུང་ཡི་ཟེར་ཨིན་པས།
ཀུན་ལེགས་སྒྲོལ་མ་གིས་ ན་ཧིང་ ཁྱིམ་ས་ཅིག་ ཉོ་ནིའི་དོན་ལུ་ དངུལ་ཁང་ལས་ སྐྱིན་འགྲུལ་ལེན་ཏེ་ སྐྱིན་ཚབ་སྤྲོད་ནི་སྦེ་ སྤུན་ཆ་གཅིག་ལས་ བསྐྱི་ཡོདཔཨིན་རུང་ དངུལ་འབྲེལ་ཁང་ཚུ་ལས་ སྐྱིན་འགྲུལ་ཐོབ་མ་ཚུགསཔ་ཨིན་པས།
སྒེར་མི་ཚུ་ལས་ ཏི་རུ་བསྐྱི་མི་ མོ་རྐྱངམ་གཅིག་མེན་པར་ ཚོང་རྐྱབ་ནི་དང་ ཁྱིམ་རྐྱབ་ནི་ ཨ་ལུ་མཐོ་རིམ་ཤེས་ཡོན་ལྷབ་པར་ གཏང་ནིའི་དོན་ལུ་ ཏི་རུ་ཡོད་མི་ ཇོ་བདག་ཚུ་ལས་ སྐྱེད་བརྒྱ་ཆ་༡༠ ལས་༡༥ འི་བར་ན་ སྤྲོད་ནི་སྦེ་ ནང་གན་བཟོ་ཐོག་ལས་ སྐྱིན་འགྲུལ་ལེན་མི་ ལེ་ཤ་ཡོདཔ་ཨིན་པས།
དེ་བཟུམ་མའི་ སྐྱིན་འགྲུལ་ཚུ་ལེནམ་ད་ རང་གི་ཁྱིམ་དང་ སྣུམ་འཁོར་ ས་ཆ་ཚུ་ གཏའ་མ་བཙུགསཔ་མ་ཚད་ ས་ཆ་དང་ སྣུམ་འཁོར་མེད་པ་ཅིན་ རྒྱུ་དངོས་དཔེར་ན་ གསེར་དངུལ་དང་ རིན་ཐང་ཅན་གྱི་ ཅ་ཆས་ཚུ་ གཏའ་མ་བཙུགས་དགོ་པས་ཟེར་ སྐྱིན་འགྲུལ་ལེན་མི་ ལ་ལུ་ཅིག་གིས་ སླབ་ཨིན་པས།
དེ་འབདཝ་ད་ ཏི་རུ་གློ་བུར་དུ་དགོ་མི་ཚུ་གིས་ སྐྱིན་འགྲུལ་བྱིན་མི་དང་ ངོ་ཤེས་འདྲིས་ཤེས་ཡོད་པ་ཅིན་ གཏའ་མ་བཙུགས་མ་དགོཔ་ཨིན་རུང་ སྐྱེད་མཐོ་སུ་སྦེ་ དངུལ་བསྐྱི་མི་ཡང་ ལེ་ཤ་འདུག་ཟེར་ ཁྲོམ་སྡེ་ནང་སྡོད་མི་ཅིག་གིས་ སླབ་ཨིན་པས།
ཏི་རུ་ཡོད་མི་ཚུ་གིས་ དེ་བཟུམ་མའི་ སྐྱིན་འགྲུལ་བྱིན་ཐོག་ལས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ་ད་ དཔེ་འབད་བ་ཅིན་ སྤ་རོ་ལས་ ཨམ་སྲུ་ཅིག་གིས་ སྒེར་མི་ཅིག་ལུ་ དངུལ་ཀྲམ་༢༠༠,༠༠༠ བསྐྱི་བར་བྱིན་ཐོག་ལས་ ཟླ་རིམ་དངུལ་སྐྱེད་བརྒྱ་ཆ་༥ རེ་སྦེ་ ཟླཝ་རེ་ནང་ དངུལ་ཀྲམ་༡༠,༠༠༠ རེ་ འོང་འབབ་བཟོ་དོ་ཡོདཔ་ཨིན་པས།
སྐྱིན་འགྲུལ་བྱིན་མི་ ལ་ལུ་ཅིག་གིས་ སླབ་མིའི་ནང་ ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ སྐྱིན་འགྲུལ་ལེན་ནི་ཨིན་པ་ཅིན་ སྐྱིན་འགྲུལ་ལེན་མི་དང་ བྱིན་མི་གཉིས་ཀྱི་བར་ན་ དུས་ཡུན་ཟླཝ་༦ གི་ནང་ སྐྱིན་ཚབ་སྤྲོད་ནི་སྦེ་ གན་རྒྱ་ཅིག་ བཟོ་བཞག་དོ་ཟེར་ཨིནམ་ད་ གན་རྒྱ་དེ་ནང་ ཤུལ་ལས་ བྱ་སྟབས་མ་བདེཝ་མི་འཐོན་ནིའི་དོན་ལུ་ དངུལ་སྐྱེད་དང་ སྐྱིན་ཚབ་སྤྲོད་དགོ་པའི་ དུས་ཡུན་ཚུ་ གསལ་བཀོད་འབད་དོ་ཡོདཔ་ཨིན་པས།
འབྲུག་གི་བསྒུལ་ཅན་དང་ བསྒུལ་མེད་བཅའ་ཁྲིམས་དང་འཁྲིལཝ་ད་  དངུལ་འབྲེལ་ལས་ཁང་ཚུ་གིས་ ལོ་རེའི་ནང་ སྐྱིན་འགྲུལ་ཚུ་ལུ་ སྐྱེད་བརྒྱ་ཆ་༡༥ ལས་ལྷག་སྟེ་ བཀལ་ཆོགཔ་ཨིན་རུང་ ཏི་རུ་སྐྱིན་འགྲུལ་བྱིན་མི་ སྒེར་མི་གང་རུང་གིས་ སྐྱེད་བརྒྱ་ཆ་༡༥ བཀལ་མི་ཆོག་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment