གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ལུ་ཚུ་ གློ་བའི་ཚ་ནད་ ནི་མོ་ནི་ཡ་ལས་ འཛིན་སྐྱོང་འཐབ་ཐངས།

༢/༨/༢༠༡༢   ༉ གསོ་བའི་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཨ་ལུ་ཚུ་ གྱང་ཤུགས་རྐྱབ་པའི་ཁར་ གློ་འབར་མི་ལས་ འཛིན་སྐྱོང་འཐབ་ཚུགས་པ་ཅིན་ གློ་བའི་ཚ་ནད་ ནི་མོ་ནི་ཡ་ལུ་བརྟེན་པའི་ ཤི་རྐྱེན་ལས་ བཀག་འཛིན་འབད་ཚུགས་ཟེར་ཨིན་པས།
གློ་བའི་ཚ་ནད་ ནི་མོ་ནི་ཡ་ཐོབ་མི་ ཨ་ལུ་ནདཔ་ཅིག།


དེ་མ་ཚད་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཨ་ལུ་ལུ་ ཨོམ་བྱིན་ནི་ལ་སོགས་པའི་ ལྟོ་ཐེབས་དང་ཟས་བཅུད་ཅན་ཚུ་ བྱིན་ནི་ལུ་ སེམས་ཤུགས་བསྐྱེད་དགོཔ་ཨིནམ་ད་ དེ་གིས་ ཨ་ལུ་ཚུ་ ནད་གཞི་ཚུ་ ཐོབ་སྟེ་འབད་རུང་ མགྱོགས་པར་དྲག་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
དེ་ལས་ ཨ་ལུ་ལུ་ ཨོམ་བྱིན་མི་དེ་གིས་ ཨ་ལུའི་གཟུགས་ཁར་ ཧེང་སྐལ་ར་ སྟོབས་ཤུགས་ཡར་དྲག་གཏང་སྟེ་ ནད་གཞི་ཚུ་གིས་ འཇམ་ཏོང་ཏོ་སྦེ་ གནོད་པ་རྐྱབ་མི་ཚུགས་ཟེར་ཨིན་པས།
གལ་སྲིད་ ཨ་ལུ་དེ་ གྱང་ཤུགས་དང་ གློ་འབར་གྱི་ ནད་གཞི་ཐོབ་སྟེ་འབད་རུང་ ཁྱིམ་གྱི་ ཕྱི་ནང་མེད་པར་ ཧིང་སངས་ས་ བཞག་ནི་གི་ཐབས་ཤེས་ཚུ་ བཏོན་དགོཔ་ཨིན་པས།
ནད་གཞི་དེ་ཚུ་གི་ ནད་རྟགས་ཡང་ དྲོད་འབར་རྐྱབ་མི་དང་ དབུགས་གཏོང་ལེན་མགྱོགས་པར་ འབད་མི་དེ་ཨིནམ་ད་ དེ་བཟུམ་མའི་ ནད་རྟགས་སྟོན་པ་ཅིན་ ཨའི་གིས་ གསོ་བའི་ལས་བྱེདཔ་ཚུ་དང་ གྲོས་བསྟུན་འབད་དགོ་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ཨ་ལུ་ཚུ་ ས་འཁོལམ་དང་ དུ་པ་ དེ་ལས་ ཐལཝ་ཚུ་ལས་ བདག་འཛིན་འཐབ་དགོཔ་ཨིན་པས།
ཐོ་བཀོད་དང་འཁྲིལཝ་ད་ འདས་པའི་ལོ་༥ འི་ནང་འཁོད་ལུ་ གོང་འཕེལ་འགྱོ་བའི་བསྒང་གི་ རྒྱལ་ཁབ་ཚུ་ནང་ བསྡོམས་ཀྱིས་ ཨ་ལུ་ས་ཡ་༡༠.༥ ཤི་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ གློ་བའི་ཚ་ནད་ ནི་མོ་ནི་ཡའི་ནད་གཞི་དེ་ ཨ་ལུའི་ནད་གཞི་ཚུ་གི་གྲས་ལས་ སྐྱོ་ཤོས་ཅིག་ཨིནམ་ལས་ ནི་མོ་ནི་ཡ་ལུ་བརྟེན་པའི་ གློ་འབར་དང་ གྱང་ཤུགས་ཚུ་ བཀག་ཐབས་འབད་དགོ་ཟེར་ཨིན་པས།
ཨ་ལུ་རྨེས་སྐྱེས་ཚུ་ལུ་འབད་བ་ཅིན་ འགོ་ཐོག་གི་ བདུན་ཕྲག་༡ དང་༢ ཀྱི་བར་ན་ ནི་མོ་ནི་ཡ་ཐོབ་པ་ཅིན་ ཨ་ལུའི་ཚེ་སྲོག་ལུ་ ཉེན་ཁ་སྦོམ་ཡོད་རུང་ ནད་གཞི་དེ་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་མེད་པ་ཅིན་ བདུན་ཕྲག་༢ ཀྱི་ནང་འཁོད་ལུ་ དྲག་ཚུགས་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment