གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་དང་ ཕུན་ཚོགས་གླིང་གི་ འཁོར་ལམ་བཟོ་སྐྲུན་ སྤྱི་ཟླ་༡༢ པ་ལས་ ལོག་འཕྲོ་མཐུད་འབད་ནི།

༢/༨/༢༠༡༢   ༉ ཕུན་ཚོགས་གླིང་དང་ བསམ་རྩེའི་བར་ནང་གི་ གཞུང་ལམ་གཉིས་སྦྲེལ་མ་དེ་ སྤྱི་ཟླ་༡༢ པའི་ནང་རྐྱངམ་གཅིག་འགོ་བཙུག་ནི་ཨིན་རུང་ འཆར་གཞིའི་ནང་འཁོད་ཡོད་པའི་ འཁོར་ལམ་ ཀི་ལོ་མི་ཊར་༡༠ ཡོད་མི་ལས་ བཞི་རྐྱངམ་གཅིག་ མཇུག་བསྡུ་ཚུགས་ནི་ཨིན་མས་ཟེར་ ལམ་སེལ་ལས་ཁུངས་ཀྱིས་ བཤདཔ་ཨིན་པས།


འཁོར་ལམ་བཟོ་རིག་འགོ་དཔོན་ ཨིན་ཨེལ་རའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ལཱ་འབད་བའི་བསྒང་ཡོད་པའི་ས་གནས་ ཨ་མོ་ཆུ་ལས་འགོ་བཙུགས་འབད་ནི་ཨིན་ཟེར་ཨིནམ་ད་ འཁོར་ལམ་གྱི་ལཱ་དེ་ ཨ་མོ་ཆུའི་ལྟག་ལུ་ ན་གཞོན་གྱི་ཉལ་ཁང་རྐྱབ་ཡོད་པའི་ས་ཁོངས་ཚུན་ བསལ་ནི་ཨིནམ་ད་ དེ་ཁ་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་དང་གཅིག་ཁར་ ཧེ་མ་ལས་ ཁ་ཚིག་བཟོ་ཡོད་མི་ལྟར་དུ་ ཁྲོམ་སྡེ་གིས་སྦེ་ བསལ་ནི་ཨིན་ཟེར་ཨིན་པས།
འཁོར་ལམ་ཀི་ལོ་མི་ཊར་༤ ཚུན་ ལོ་ལྔའི་འཆར་གཞི་བཅུ་པ་མཇུག་མ་བསྡུའི་ནང་འཁོད་ལུ་ ས་བཅད་ནི་དང་ འཁོར་ལམ་བཟོ་བཀོད་ཀྱི་ལཱ་ཚུ་ འབད་ནི་ཨིན་ཟེར་ཨིནམ་ད་ དེ་གི་ལྷག་ལུས་ ཀི་ལོ་མི་ཊར་༧ འབད་མིའི་ལཱ་ཚུ་ འཆར་གཞི་༡༡ པའི་ནང་ འབད་ནི་ཨིན་ཟེར་ ཁོ་གིས་བཤདཔ་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་ལས་ ཀི་ལོ་མི་ཊར་༡༠ གྱི་ས་གནས་ ཨ་མོ་ཆུའི་ཟམ་དེ་གིས་ ཕུན་ཚོགས་གླིང་དང་ བསམ་རྩེའི་གཞུང་ལམ་གཉིས་ མཐུད་སྦྲེལ་འབད་ནི་ཨིནམ་བཞིན་དུ་ བསམ་རྩེ་ལས་ རྡོ་ཡ་གཡུས་ཚན་ཚུན་ འཁོར་ལམ་བསལ་ཚར་ཡོད་མི་གིས་ ཧ་ལམ་ ཨ་མོ་ཆུའི་སྦོ་ལོགས་ཁར་ ལྷོད་ཡོདཔ་ཨིན་པས།
བཟོ་རིག་འགོ་དཔོན་གྱིས་ སླབ་མི་དང་འཁྲིལཝ་ད་ འཁོར་ལམ་གྱི་ལཱ་ བཤོལ་འགྱངས་སྦེ་ལུས་དགོ་མི་དེ་ འཆར་དངུལ་ལང་མ་ཚུགསཔ་ལས་ གཞུང་གིས་ འཆར་དངུལ་གྱི་གྲོས་འཆར་བཙུགས་མི་ལུ་ ཆ་འཇོག་མ་འབད་བར་ལུས་ཡོད་ཟེར་ཨིནམ་ད་ དེ་ཡང་ གཞུང་གིས་ གཙོ་རིམ་ཅན་གྱི་ ལཱ་མཇུག་བསྡུ་དགོཔ་གཞན་ཡོད་མི་ལུ་བརྟེན་ ལས་འགུལ་དེ་གི་དོན་ལུ་ འཆར་དངུལ་མ་བཞག་པས་ཟེར་ཨིན་པས།
ད་ལྟོ་འབད་བའི་བསྒང་ཡོད་པའི་ ཨ་མོ་ཆུའི་གློག་མེ་ལས་འགུལ་དང་ ཕུན་ཚོགས་གླིང་ ཁྲོམ་སྡེ་ས་ཁོངས་རྒྱ་བསྐྱེད་འབད་མི་ལུ་བརྟེན་ དུམ་གྲ་ཅིག་ ཁ་བསྒྱུར་འབད་དགོཔ་ཐོན་རུང་ འཁོར་ལམ་གྱི་ལཱ་དེ་ འཆར་གཞི་དང་འཁྲིལ་ ལག་ལེན་འཐབ་དོན་ལུ་ འཕྲོ་མཐུད་དེ་ར་འབད་དགོ་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།
དེ་ལས་ ལམ་སེལ་ལས་ཁུངས་ཀྱིས་ བསམ་རྩེ་ལས་འགོ་བཙུགས་ ཀི་ལོ་མི་ཊར་༡༦ ཚུན་ འཁོར་ལམ་རྩི་གནག་བཏང་ཡོདཔ་ད་ ཁོང་གིས་ ཀི་ལོ་མི་ཊར་༢༥ ཚུན་ རྩི་གནག་གཏང་ནིའི་འཆར་གཞི་དང་ དེ་གི་ལྷག་ལུས་ཚུ་ འཆར་གཞི་༡༡ པའི་ནང་ གཏང་ནི་ཨིན་ཟེར་ཨིན་པས།
གཞུང་ལམ་དེ་ བསལ་ཚར་བའི་བསྒང་ལས་ འབྲུག་པའི་མི་སེར་ཚུ་གིས་ ཕུན་ཚོགས་གླིང་དང་ བསམ་རྩེའི་བར་ན་ འགྲོ་འགྲུལ་འབདཝ་ད་ རྒྱ་གར་གྱི་ས་ཆ་བརྒྱུད་དེ་ འགྱོ་མ་དགོ་པར་ འབྲུག་ནང་འཁོད་ལས་ སྦྲེལ་མཐུད་འབད་ཚུགས་ནི་ཨིན་པས།
འཁོར་ལམ་དེ་གིས་ གཙོ་བོ་ར་ རྒྱལ་ཁབ་ཀྱི་མི་སེར་དང་ རྒྱུ་དངོས་གཉིས་ཆ་ར་ལུ་ ཉེན་སྲུང་ཅན་སྦེ་གནས་ཐབས་ལུ་ཨིན་ཟེར་ ལམ་སེལ་ལས་ཁུངས་ཀྱིས་ བཤད་པའི་ཁར་ གཞུང་ལམ་ རིང་ཚད་ཀི་ལོ་མི་ཊར་༦༠ འབད་མི་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༨༡༡ གནས་ནི་མས་ཟེར་ཨིན་མས།
གཞུང་ལམ་དེ་གིས་ མི་སྡེའི་འགྲུལ་བསྐྱོད་འབད་ནི་ལུ་ཡང་ ཕན་སྦོམ་སྦེ་ར་ཐོགས་ཚུགས་ནི་དང་ ཕུན་ཚོགས་གླིང་ལུ་སྡོད་མི་ འཆི་མེད་དབང་མོ་གིས་འབད་བ་ཅིན་ འཁོར་ལམ་དེ་གིས་ སྐྱེལ་འདྲེན་གྱི་ཟད་འགྲོ་མར་ཕབ་འབད་ཚུགས་པའི་ཁར་ ཉེན་སྲུང་ཡང་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment