གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤིང་འབྲས་འཛུགས་སྐྱོང་ལུ་བརྟེན་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོདཔ།

༢/༨/༢༠༡༢   ༉ མོང་སྒར་ཝེང་མཁར་གཡུས་ཚན་ལས་ སྐྱེས་ལོ་༣༢ ལང་མི་ ཚེ་རིང་ཆོས་འཛོམས་ཀྱིས་ དྲོ་པ་ཧ་སག་ལོང་སྟེ་ མོ་རའི་ ཨ་ལུ་༢ དང་ ནང་མི་བཟའ་ཚང་ཚུ་གི་ བཞེས་སྒོ་འབད་ཞིནམ་ལས་ ཁྱིམ་གྱི་འོག་ལུ་ ཚོང་ཁང་ཆུང་ཀུ་ཅིག་ཡོད་མིའི་ནང་དང་ མོང་སྒར་ཁྲོམ་ཁར་ བཙོང་པར་འབག་ནིའི་དོན་ལུ་ དུམ་ར་ནང་ལས་ དངུལ་ཐོག་གླི་ཚུ་ བཏོགཔ་ཨིན་པས།
ཚེ་རིང་ཆོས་འཛོམས་ཀྱིས་ བཙོང་ནིའི་དོན་ལུ་ གླི་བཏོག་པའི་བསྒང་།


དུས་ཚོད་འ་ནེམ་ཅིག་ཁར་ མོང་སྒར་ལུ་ ས་དྲོད་ལྡན་ནི་དེ་གིས་ མོང་སྒར་ཁྲོམ་ཁར་སྡོད་མི་ ཚོང་པ་དང་ ཞི་གཡོགཔ་ དེ་ལས་ ཕར་ཚུར་འགྲོ་འགྲུལ་འབད་མི་ཚུ་གིས་ རང་སོའི་གཟུགས་ བསིལ་དང་ལྡན་ཐོག་ བཞག་ནིའི་དོན་ལུ་ དངུལ་ཐོག་ཨམ་ཅུ་ཀུ་ལི་དང་ གླི་ཚུ་ག་ཐོབ་རྐྱབ་སྟེ་ ཉོ་འབག་དོ་ཡོདཔ་ལས་ ཚེ་རིང་ཆོས་འཛོམས་དེ་ཡང་ བྲེལ་ཟིང་ཅན་སྦེ་ སྡོད་དགོཔ་བྱུང་དོ་ཡོདཔ་ཨིན་པས།
ད་རེས་ནངས་པ་ མོ་རའི་ ཁྱིམ་གྱི་ལྟག་ལུ་ཡོད་པའི་ ལྡུམ་ར་ནང་ གླི་ཤིང་༡༥ དེ་ཅིག་ཡོད་མི་ཚུ་གུ་ དོག་མ་འབོལ་དྲགས་སྦེ་ བཏགས་མི་ཚུ་ བཙོང་རན་ཡོདཔ་ད་ མོ་གིས་ གླི་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠ རེ་སྦེ་ བཙོང་དོ་ཡོདཔ་བཞིན་དུ་ འོང་འབབ་ལེགས་ཤོམ་སྦེ་ ཐོབ་ཚུགསཔ་ཨིན་པས།
ཇ་པཱན་གྱི་གླི་ཤིང་ཚུ་ ལོ་དག་པ་ཅིག་གི་ཧེ་མར་ མོང་སྒར་ཝེང་མཁར་ལུ་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ཞིབ་འཚོལ་ལྟེ་བ་གིས་ གྲོགས་རམ་འབད་ཐོག་ལས་ འཛུགས་སྐྱོང་འབད་ཡོདཔ་ལས་ ད་རེས་ ལྟེ་བ་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
ཨ་ལུ་༢ ཀྱི་ཨའི་ ཚེ་རིང་ཆོས་འཛོམས་ཀྱིས་ མོ་ལུ་ ཆུང་ཀུ་རེ་འབད་མི་ གླི་ཤིང་༡༥ དེ་ཅིག་ལས་བརྒལ་མེད་རུང་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༢༥,༠༠༠ ལྷགཔ་རེ་ བཟོ་ཚུགས་དོ་ཡོད་མི་དེ་ཡང་ མོ་གིས་ ཤིང་ཚུ་ ས་ཁར་བཙུགས་པའི་སྐབས་ལས་ར་ ཆུ་དང་ ལུད་ཚུ་བླུགས་ཏེ་ བདག་འཛིན་འཐབ་ཚུགས་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
མོ་གི་རེ་བ་ལས་འབད་བ་ཅིན་ དུས་ཅི་ གླི་ཤིང་ཚུ་གུ་ དོག་མ་ལེགས་ཤོམ་སྦེ་ བཏགས་མི་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༢༥,༠༠༠ དེ་ཅིག་ འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ དོག་མ་ལེགས་ཤོམ་སྦེ་ མ་བཏགས་པའི་ལོ་ཚུ་ནང་ཡང་  འོང་འབབ་དངུལ་ཀྲམ་༡,༥༠༠ ལས་ དམའ་ནི་མེད་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ གླི་ཤིང་རེ་གིས་ དངུལ་ཀྲམ་༡,༢༠༠ རེ་ ཐོབ་ཚུགས་དོ་ཡོད་པ་མ་ཚད་ གླི་མ་འདྲཝ་ ལྷམ་པ་༤ ཡོད་པའི་གྲས་ལས་ ཨ་ཏ་ཀོ་ཟེར་མི་ གླི་ཤིང་༡ འབད་མི་དེ་གིས་ དངུལ་ཀྲམ་༤,༥༠༠ རེ་ འཐོབ་ཚུགས་མི་དེ་ མཐོ་ཤོས་ཅིག་ཨིན་ཟེར་ཨིན་པས།
ཨིན་རུང་ ཨ་ཏ་ཀོ་ གླི་ཤིང་གི་དོག་མ་ཚུ་འཚོ་ནི་ལུ་ ད་རུང་ དུས་ཡུན་ཟླཝ་༣ དེ་ཅིག་ འགོར་ནི་ཨིནམ་ད་ ཤིང་འབྲས་དེ་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༧༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།
ད་རེས་ མོ་གིས་ ཨེ་པཱལ་ཤིང་ཡང་༡༠ དེ་ཅིག་ བཙུགས་ཡོདཔ་ད་ ལོ་དག་པ་ཅིག་གི་ཤུལ་ལས་ ཚོང་འབྲེལ་འཐབ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་མ་ཚད་ ཚོད་བསྲེ་འཛུགས་སྐྱོང་གི་ལཱ་ཚུ་ཡང་ འབད་དོ་ཡོདཔ་ཨིན་པས།
དུས་ཚོད་འ་ནེམ་ཅིག་ཁར་ ཚེ་རིང་ཆོས་སྒྲོན་བཟུམ་སྦེ་ ཝེང་མཁར་གཡུས་ཚན་གྱི་ མི་སེར་སོ་ནམ་པ་ཚུ་གིས་ཡང་ ཤིང་འབྲས་ཚུ་བཙོང་པར་ མོང་སྒར་ཁྲོམ་ཁར་ འབག་འོང་སྟེ་ ཚོང་འབྲེལ་འཐབ་ས་ མཐོངམ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment