གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲོང་གཡུས་མི་སེར་གྱི་ ལྕོགས་གྲུབ་དང་བསྟུན་པའི་ ཐབས་ལམ་གྱི་ སྲིད་བྱུས་ཟིན་བྲིས།

༢/༨/༢༠༡༢   ༉ འབྲུག་གཞུང་གི་ བཀའ་རྒྱ་ལྟར་དུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་ཁོངས་གཏོགས་སྲིད་བྱུས་ཀྱི་ ཟིན་བྲིས་བཀོད་ཡོད་མི་དེ་ ལག་ལེན་བསྟར་སྤྱོད་ཀྱི་དོན་ལུ་ མཐའ་བཅད་གྲོས་ཆོད་གཏོན་ནིའི་གུ་ ལྷོད་ཡོདཔ་ཨིན་པས།


དངུལ་འབྲེལ་ཁོངས་གཏོགས་སྲིད་བྱུས་དེ་ ད་ལྟོ་ དངུལ་འབྲེལ་ཞབས་ཏོག་ཚུ་ མ་རྩ་ཅན་དང་ རྒྱུ་སྟོབས་ཅན་ཚུ་གི་དོན་ལུ་ གཙོ་བོར་བཏོན་པའི་ཚོང་འབྲེལ་ ཁེ་འབབ་ཅན་གྱི་དངུལ་ཁང་དང་ དངུལ་འབྲེལ་གཙུག་སྡེ་ཚུ་ མངམ་ཡོདཔ་ལས་ ད་ལས་ཕར་ གྲོང་གསེབ་གཡུས་སྒོའི་ མི་སེར་ཉམ་ཆུང་ཚུ་གིས་ཡང་ དངུལ་འབྲེལ་ཞབས་ཏོག་གི་ ཁོངས་སུ་གཏོགས་ཚུགསཔ་བཟོ་ནིའི་་དོན་ལུ་ གྲོང་གཡུས་མི་སེར་ཚུ་གི་ མཁོ་འདོད་དང་བསྟུན་པའི་ དངུལ་འབྲེལ་ཞབས་ཏོག་ལམ་ལུགས་དང་ གཙུག་སྡེ་གཞི་བཙུགས་ཀྱི་ ལམ་ལུགས་ཚུ་ ཚུད་ཡོད་པའི་ སྲིད་བྱུས་གསརཔ་ཅིག་ཨིན་པས།
སྲིད་བྱུས་ཟིན་བྲིས་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ བསྐྱར་ཞིབ་འབདཝ་ད་  སྐུགས་ཚད་༨༠ དེ་ཅིག་ཐོབ་སྟེ་ མཐར་འཁྱོལ་བྱུང་ཡོདཔ་ད་ ལྷན་ཚོགས་ཀྱི་བསྐྱར་ཞིབ་འབད་བའི་སྐབས་སུ་ ངོས་ལེན་མཐར་འཁྱོལ་བྱུང་དོན་ལུ་ སྐུགས་ཚད་ཉུང་ཤོས་༦༣ ཐོབ་དགོཔ་ཨིན་པས།
ཨིན་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ དངུལ་རྩིས་ལྷན་ཁག་གིས་ སྲིན་བྱུས་དེ་ནང་ ད་རུང་ དག་བཅོས་དུམ་གྲ་ཅིག་འབད་ནི་གི་ འོས་འབབ་ཡོད་པའི་གསལ་བཀོད་འབད་དོ་ཡོདཔ་ལས་ ད་རུང་ཚར་ཅིག་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ བསྐྱར་ཞིབ་འབད་དགོཔ་བཟུམ་འདུག་ཟེར་ཨིན་པས།
སྲིད་བྱུས་དེ་ནང་ ཚོང་འབྲེལ་ཆུང་རིམ་གྱི་དོན་ལུ་ དངུལ་འབྲེལ་ཞབས་ཏོག་ལས་སྡེ་གཞི་བཙུགས་དང་འབྲེལ་བའི་ ཁྲིམས་ལུགས་ཚུ་ཡང་ གཞི་བཀོད་འབད་དེ་ ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་ནང་ ཚོང་འབྲེལ་ཆུང་རིམ་གྱི་དོན་ལུ་ དངུལ་འབྲེལ་ཞབས་ཏོག་ལས་སྡེ་ འགོ་བཙུག་ནིའི་ དང་འདོད་ཅན་༤ དེ་ཅིག་གིས་ གྲོས་འཆར་ཞུ་ཡིག་ཚུ་ བཙུགས་ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྤྱི་ཁྱབ་འོགམ་ གཡུ་སྒྲོན་སྒྲོལ་མ་གིས་ སླབ་མིའི་ནང་ འདི་བཟུམ་གྱི་ ཚོང་འབྲེལ་ཆུང་རིམ་གྱི་དོན་ལུ་ཨིན་མི་ དངུལ་འབྲེལ་ཞབས་ཏོག་གཙུག་སྡེ་ཚུ་གིས་ ད་ཚུན་ དངུལ་འབྲེལ་ཞབས་ཏོག་ཐོབ་མ་ཚུགས་པར་ཡོད་མི་ཚུ་ལུ་ ཞབས་ཏོག་བྱིན་ཚུགསཔ་འབད་ནིའི་ འགན་ཁུར་ཕོགཔ་ཨིན་ཟེར་ཨིནམ་ད་ དངུལ་འབྲེལ་ཞབས་ཏོག་གི་ མཁོ་འདོད་བསྒྲུབ་མ་ཚུགས་མི་ མང་ཤོས་ཅིག་ར་ གྲོང་གཡུས་ཚུ་ནང་ ཡོདཔ་ཨིན་པས།
གཙུག་སྡེ་ཚུ་གིས་ དངུལ་འབྲེལ་ཞབས་ཏོག་ཐོབ་མ་ཚུགས་མི་ཚུ་ལུ་ དེ་འཕྲལ་ལས་ ཞབས་ཏོག་ཐོབ་ཐབས་བཟོ་ནི་མེན་པར་ གྲོངས་གསེབ་ གཡུས་སྒོའི་དཔལ་འབྱོར་གནས་སྟངས་དང་བསྟུན་པའི་ ཞབས་ཏོག་མཁོ་སྤྲོད་ཚུ་ འབད་ནི་ཨིན་ཟེར་ཨིན་པས།
དངུལ་འབྲེལ་ཁོངས་གཏོགས་སྲིད་བྱུས་དེ་གིས་ གཙོ་བོ་ར་ གྲོང་གཡུས་མི་སེར་གྱི་ལྕོགས་གྲུབ་དང་བསྟུན་པའི་ ཐབས་བྱུས་ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment