གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་ཁ་ལུ་ སྣུམ་འཁོར་ཆུ་འཁྱུ་སའི་ ཞབས་ཏོག་མེད་པའི་དཀའ་ངལ།

༢/༨/༢༠༡༢   འཕྲལ་མགྱོགས་ར་ སྣུམ་འཁོར་ཆུ་འཁྱུ་སའི་ ཞབས་ཏོག་ཚུ་ འགོ་བཙུགས་པའི་བསྒང་ལས་ ད་ལྟོ་ དཀའ་ངལ་བྱུང་མི་དེ་ བསལ་ཚུགས་ནི་ཨིན་པས།

སྣུམ་འཁོར་ཚུ་ ཆུ་འཁྱུ་ནིའི་དོན་ལུ་ དཔལ་འཛོམས་རྒྱལ་མོའི་ སྒྲུབ་ཆུའི་རྩ་བར་ བཀག་བཞག་པའི་བསྒང་།
༉ སྤུ་ན་ཁ་དང་ ཁུར་རུ་ཐང་ཁྲོམ་ཁར་ སྣུམ་འཁོར་ཆུ་འཁྱུ་སའི་ ཞབས་ཏོག་མེད་ནི་དེ་གིས་ རྫོང་ཁག་ནང་ལཱ་འབད་མི་ ཞི་གཡོགཔ་དང་ ལས་འཛིན་གྱི་ལས་བྱེདཔ་ དེ་ལས་ སྒེར་སྡེའི་ཚོང་པ་ཚུ་གིས་ སྣུམ་འཁོར་ཚུ་ སྤུ་ན་གཙང་ཆུའི་ མཐའམ་བདའ་སྟེ་ འཁྱུ་བར་བདའ་འགྱོ་དོ་ཡོདཔ་ཨིན་པས།


དེའི་གྲས་ལས་གཅིག་ རྫོང་ཁག་ནང་ལཱ་འབད་མི་ བསམ་གྲུབ་དེ་ཨིནམ་ད་ ཁོ་གིས་ བདུན་ཕྲག་ཨ་རྟག་ར་ ཁོ་རའི་ སྣུམ་འཁོར་ཨཱལ་ཊོ་དེ་ སྤུ་ན་གཙང་ཆུའི་མཐའ་མར་ ཆུ་འཁྱུ་བར་ བདའ་འགྱོ་དོ་ཡོདཔ་ད་ ཁོ་བཟུམ་སྦེ་ ཁུར་རུ་ཐང་ཁྲོམ་ཁར་སྡོད་མི་ བརྒྱ་ལས་བཅད་མི་ཚུ་གིས་ཡང་ སྣུམ་འཁོར་ཚུ་ གཙང་ཆུའི་མཐའམ་བདའ་སྟེ་ ཆུ་འཁྱུ་དོ་ཡོདཔ་ཨིན་པས།
རྫོང་ཁག་དེ་ནང་ སྣུམ་འཁོར་ཆུ་འཁྱུ་སའི་ ཞབས་ཏོག་དེ་ ལོད་སྦིས་ས་ཁྲོམ་ནང་ གཅིག་ལས་བརྒལ་མེདཔ་ལས་ སྤུ་ན་ཁ་དང་ ཁུ་རུ་ཐང་ཁྲོམ་ཁར་ སྡོད་མི་ཚུ་གིས་ ས་གནས་ནང་འགྱོ་ནིའི་དོན་ལུ་ ལམ་ཐག་རིང་ནི་དེ་གིས་ མི་འགྱོ་དོ་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ ཁུར་རུ་ཁྲོམ་ནང་ཡོད་མི་ དམ་ཅན་བཟོ་རིག་འཕྲུལ་ཁང་ནང་ ཆུ་འཁྱུ་དོ་ཡོདཔ་ཨིན་རུང་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ འཕྲུལ་ཆས་མེདཔ་ཐལ་ཏེ་ རྒྱ་གར་ལུ་ བཅོ་ཁ་རྐྱབ་པར་བཏང་ཡོདཔ་ལས་ ད་ལྟོའི་བར་ན་ཡང་ ལྷོད་མ་ཚུགས་མི་ལུ་བརྟེན་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ སྣུམ་འཁོར་ཚུ་ གཙང་ཆུ་དང་ རོང་ཆུ་ཚུ་ནང་འཁྱུ་མི་ མང་སུ་ཐོན་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ རང་བཞིན་གནས་སྟངས་ལྷན་ཚོགས་ཀྱིས་ བཟོ་མིའི་བཅའ་ཁྲིམས་དང་འཁྲིལ་ གཙང་ཆུ་དང་ རོང་ཆུ་ཚུ་ནང་སྣུམ་འཁོར་ཚུ་ ཆུ་འཁྱུ་སར་མཐོང་པ་ཅིན་ ཉེས་ཆད་བཀལ་ནི་ འགོ་བཙུགས་མི་ལུ་བརྟེན་ ད་རེས་ མར་བབས་སོང་ཡོདཔ་ཨིན་པས།
རྫོང་ཁག་གི་ རང་བཞིན་གནས་སྟངས་འགོ་དཔོན་ རིན་ཆེན་དཔལ་འབྱོར་གྱིས་ སླབ་མིའི་ནང་ གཙང་ཆུ་དང་ རོང་ཆུའི་མཐའམ་བདའ་སྟེ་ སྣུམ་འཁོར་ཚུ་ ཆུ་འཁྱུ་སར་མཐོང་པ་ཅིན་ ཉེས་ཆད་དངུལ་ཀྲམ་༡,༠༠༠ རེ་ བཀལ་མི་ལུ་བརྟེན་ ཆུ་འཁྱུ་མི་ཚུ་ མར་ཕབ་འབད་ནི་ལུ་ ཕན་གྲོགས་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ཚུན་ མི་དག་པ་ཅིག་ལུ་ ཉེས་ཆད་བཀལ་མི་དེ་ཡང་ ཡང་བསྐྱར་དུ་ སྣུམ་འཁོར་འཁྱུ་མི་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ འགོ་ཐོག་ཆུ་འཁྱུ་སར་མཐོང་པ་ཅིན་ འབད་མ་ཆོགཔ་སྦེ་སླབ་སྟེ་ ཉེན་བརྡ་བྱིནམ་ཨིན་ཟེར་ཨིན་པས།
སྤྱིར་བཏང་ཁྲིམས་ལུགས་ནང་ གཙང་ཆུ་ནང་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོ་བ་ཅིན་ ཉེས་ཆད་དངུལ་ཀྲམ་༡,༠༠༠ རེ་ བཀལ་ཆོགཔ་སྦེ་ཡོད་རུང་ ང་བཅས་ཀྱིས་ དེ་འཕྲལ་ལས་ ལག་ལེན་བསྟར་སྤྱོད་འབད་ནི་མེད་ཟེར་ཨིན་པས།
སྤུ་ན་གཙང་ཆུའི་མཐའམ་བདའ་སྟེ་ སྣུམ་འཁོར་ཆུ་འཁྱུ་སའི་ ས་ཁོངས་ཁག་༣༢ དེ་ཅིག་ཡོད་མི་ལས་ མང་ཤོས་ར་ བསུབས་ཡོད་པའི་ཁར་ ལ་ལུ་ཅིག་ནང་ ལམ་སེལ་ལས་ཁུངས་ཀྱིས་ གཙང་ཆུའི་ནང་ལས་ བྱེམ་དང་ རྡོ་ཚུ་བཏོན་ནིའི་དོན་ལུ་ ལམ་བསལ་ཡོད་མི་ཚུ་ ལས་ཁུངས་ཀྱིས་ བསུབ་ནི་ལུ་ གྲོགས་རམ་འབད་ཡི་ཟེར་ཨིན་པས།
མི་ཚུ་གིས་འབད་བ་ཅིན་ རྫོང་ཁག་ནང་ སྣུམ་འཁོར་ཆུ་འཁྱུ་ནིའི་ ཞབས་ཏོག་མེད་པའི་ཁར་ གཙང་ཆུ་དང་ རོང་ཆུ་ནང་ཡང་ འཁྱུ་མ་ཆོགཔ་བཟོ་བའི་བསྒང་ལས་ ང་བཅས་ལུ་ དཀའ་ངལ་སྦོམ་འདུག་ཟེར་ སླབ་ཨིན་པས།
རིན་ཆེན་དཔལ་འབྱོར་གྱིས་འབད་བ་ཅིན་ སྣུམ་འཁོར་ཆུ་འཁྱུ་སའི་ཞབས་ཏོག་ འགོ་བཙུགས་ནི་ལུ་ གྲོས་འཆར་བཙུགས་མི་༢ ཐོན་ཡོདཔ་ལས་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ཞབས་ཏོག་ཚུ་ འགོ་བཙུགས་པའི་བསྒང་ལས་ ད་ལྟོའི་ དཀའ་ངལ་བསལ་ཚུགས་པའི་ རེ་བ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment