གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨམ་སྲུ་ཅིག་ལུ་ ཀེ་ཧང་གི་ ཐོན་སྐྱེད་འཆང་སྤྱོད་འབད་བའི་ཉེས་འཛུགས།

༨/༨/༢༠༡༢   ༉ འདས་པའི་བདུན་ཕྲག་ནང་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པ་གིས་ བཀྲིས་སྒང་མཁའ་གླིང་ཁོས་སྤེལ་གཡུས་ཚན་ལས་ སྐྱེས་ལོ་༣༦ ལང་མི་ ཨམ་སྲུ་ཅིག་ལུ་ བཀག་དམ་ཅན་གྱི་ སྨྱོ་རྫས་རིགས་ འཆང་ཡོད་པའི་ ཉེས་འཛུགས་ཐོག་ ཁྲིམས་ཀྱི་འདུན་སར་ བཏང་ཡོདཔ་ཨིན་པས།


དེ་ཡང་ ཨམ་སྲུ་དེ་ སྤྱི་ཟླ་༧ པའི་ཚེས་༢༤ གི་ཉིན་མར་ རྒྱ་གར་ཨ་སམ་ལས་ རྒྱལ་ཁབ་ནང་ན་འོངམ་ད་ བསམ་གྲུབ་ལྗོངས་མཁར་གྱི་ ས་མཚམས་སྒོ་ར་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་བསྒང་ ཨམ་སྲུ་དེ་གིས་ ཀེ་ཧང་གི་འདབ་མ་ ལག་པ་གིས་ འཕུར་ཏེ་བཟོ་བའི་ ཧ་ཤིཤ་དུམ་རིལ་ག་རམ་༨༠ དང་ ཏམ་ཁུ་ཕུད་རྡོག་༦ འབག་སྟེ་ཡོདཔ་ཨིན་པས།
མོ་གིས་ ཁྲིམས་སྲུང་འགག་པ་ལུ་ཕུལ་མི་ ངག་བརྗོད་དང་འཁྲིལཝ་ད་ མོ་གིས་ ཀེ་ཧང་ལས་བཟོ་ཡོད་མི་ སྨྱོ་རྫས་དེ་ མོ་རའི་གཡུས་ཁ་ལས་འབག་འོང་ཡོདཔ་ཨིན་རུང་ ཏམ་ཁུ་དེ་ ཨ་སམ་མེ་ལ་བ་ཛཱར་ལས་ ཉོ་ཡི་ཟེར་ བཀོད་ཡོདཔ་ཨིན་པས།
ཨམ་སྲུ་དེ་ སྤྱི་ཟླ་༧ པའི་ཚེས་༢༣ ལུ་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་དོས་ཕད་ཙེ་༥༠ རིན་བསྡུར་ཁང་བརྒྱུད་དེ་ བཙོང་པར་འོང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
ཨིན་རུང་ ཨམ་སྲུ་དེ་ གནས་སྐབས་ཅིག་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ སྡོད་མ་དགོ་པར་ རྒྱབ་མི་བཙུགས་ཐོག་ལས་ སྤྱི་ཟླ་༨ པའི་ཚེས་༦ ལུ་ བཏང་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment