གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱེམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ལུ་ཉེས་འཛུགས།

༨/༨/༢༠༡༢   མེ་འཚིགས་ཅན་ལས་ བྱེམ་བཏོན་ནི་དེ་ རང་བཞིན་གནས་སྟངས་ཀྱི་ ལམ་ལུགས་དང་འཁྲིལ་ཏེ་ ལག་ལེན་མ་འཐབ་ནི་དེ་གིས་ གནས་སྐབས་ཅིག་གི་དོན་ལུ་ མགར་ས་གླིང་ཁ་གིས་ བཀག་ཆ་འབད་ཡོདཔ་ཨིན་པས།

༉ སྤྱི་ཟླ་༧ པའི་ཚེས་༡༦ ལུ་ སྤུ་ན་ཁ་རྫོང་གི་ལྟག་ལུ་ སྣུམ་འཁོར་བཞག་སའི་རྩ་བར་ སྣུམ་འཁོར་ཊི་པར་ཊཱག་ཅིག་གིས་ སྣུམ་འཁོར་བཱ་ཡེག་བཏང་མི་ ཕོ་སྐྱེས་ཅིག་ བསད་ཡོདཔ་མ་ཚད་ སྤྱི་ཟླ་༥ པའི་ནང་ དགོན་ཤར་རི་ལུ་ སྣུམ་འཁོར་ཊི་པར་ཊཱག་གིས་ བཱེ་ལ་བ་༡ བསད་པའི་ཁར་ གླང་༡ གི་ རྐངམ་བཅགས་བཏང་ཡོདཔ་ཨིན་པས།


སྣུམ་འཁོར་ཊི་པར་ཊཱག་ཚུ་ མང་ཤོས་ར་ དགོན་ཤར་རི་རྒེད་འོག་ མེ་འཚིགས་ཅན་ལས་ བྱེམ་སྐྱེལ་འདྲེན་འབད་མི་ཚུ་ཨིནམ་ད་ དེ་བཟུམ་གྱི་ རྐྱེན་ངན་དེ་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་ བཏང་མི་ལུ་བརྟེན་ཏེ་ བྱུང་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ སྣུམ་འཁོར་དང་འབྲེལ་བའི་རྐྱེན་ངན་ཚུ་ ལེ་ཤ་བྱུང་དོ་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ལེགས་ཤོམ་སྦེ་ ལྟ་རྟོག་འབད་དགོཔ་ཁག་ཆེ་བས་ཟེར་ ཁ་ཙ་ སྤུ་ན་ཁ་གི་ རྫོང་ཁག་ཚོགས་འདུ་ཐེངས་༣ པའི་ནང་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ ཞུ་ཡོདཔ་ད་ མེ་འཚིགས་ཅན་དེ་ ཁུ་རུ་ཐང་ཁྲོམ་ལས་ ཀི་ལོ་མི་ཊར་༣༥ དེ་ཅིག་ལུ་ཨིན་པས།
དགོན་ཤར་རིའི་རྒཔོ་ ཀུན་ལེགས་རྡོ་རྗེ་གིས་ བྱེམ་འབག་མི་ སྣུམ་འཁོར་ཊི་པར་ཊཱག་ཚུ་གིས་ ལམ་བདའ་སྟེ་ མི་དང་སེམས་ཅན་ དེ་ལས་ སྣུམ་འཁོར་ཆུང་བ་ཚུ་ལུ་མ་ལྟ་བར་ གནམ་མེད་ས་མེད་ ཤུགས་ཚད་གུ་བཀལ་ཏེ་ བཏང་འགྱོཝ་མས་ཟེར་སླབ་ཨིན་པས།
འཕྲལ་འཕྲལ་སྦེ་ར་ སྣུམ་འཁོར་ཊི་པར་ཊཱག་ཚུ་ འཁོར་ལམ་གྱི་སྦུག་ལུ་ར་ བཀག་བཞག་པའི་སྐབས་ དེད་གཡོགཔ་འཚོལ་བར་ འགྱོ་དགོཔ་ཐོནམ་ལས་ དེ་བཟུམ་གྱི་ དཀའ་ངལ་ཚུ་ ད་ལྟོ་ལས་ མ་སེལ་བ་ཅིན་ ཤུལ་ལས་ རྐྱེན་ངན་སྦོམ་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
དཀའ་ངལ་ངོ་མ་ར་ དགོན་ཤར་རི་དང་ མགུ་མ་ དེ་ལས་ དཀར་སྦྱིས་རྒེད་འོག་ཚུ་ནང་ བྱུང་དོ་ཡོདཔ་ད་ དེ་ཡང་ རྒེད་འོག་ཚུ་ སྤུ་ན་ཁ་དང་ མགར་སའི་གཞུང་ལམ་ཁར་ ཕོགཔ་ལས་བརྟེན་ཨིན་པས།
རྒཔོ་ཚུ་གིས་འབད་བ་ཅིན་ དཀའ་ངལ་ཚུ་གི་ གདོང་ལེན་འབད་ནིའི་འགན་ཁུར་ ངོ་མ་ར་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ལུ་ ཕོགཔ་མས་ཟེར་ཨིནམ་ད་ དེ་ཡང་ མེ་འཚིགས་ཅན་གྱི་ བྱེམ་བཏོན་ས་དེ་ ལས་འཛིན་གྱི་ཨིན་རུང་ ཁོང་གིས་ དཀའ་ངལ་ཚུ་ ངོས་ལེན་འབད་མི་བཏུབ་པས་ཟེར་ སླབ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ འཆར་གཞི་འགོ་དཔོན་ རྟ་མགྲིན་རྡོ་རྗེ་གིས་འབད་རུང་ བྱེམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊི་པར་ཊཱག་ཚུ་གིས་ ལམ་མེདཔ་བཏང་ཡོདཔ་མ་ཚད་ སྣུམ་འཁོར་ལམ་འོག་ལུ་ཡོད་པའི་ ཆུ་གཡུར་ཟམ་༣ དེ་ཅིག་ མེདཔ་བཏང་མི་དེ་ཡང་ ཉམས་བཅོས་འབད་ནིའི་དོན་ལུ་ ལས་འཛིན་གྱིས་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ རྒྱབ་སྐྱོར་འབད་གནང་ཟེར་ ཡི་གུ་ཚར་ལེ་ཤ་བཏང་རུང་ ངོས་ལེན་འབད་མ་བཏུབ་ཟེར་ཨིནམ་ད་ ཆུ་གཡུར་ཟམ་༡ གསརཔ་རྐྱབ་པ་ཅིན་ ཟད་འགྲོ་དངུལ་ཀྲམ་༡༥༠,༠༠༠ དེ་ཅིག་ གནས་དོ་ཡོདཔ་ཨིན་པས།
རྫོང་ཁག་གི་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ གྱི་འགོ་དཔོན་པདྨ་འཕྲིན་ལས་ཀྱིས་འབད་བ་ཅིན་ ཡིག་ཚང་ནང་ལཱ་འབད་མི་༢ ལས་བརྒལ་ མེད་པ་ལུ་བརྟེན་ སྣུམ་འཁོར་ཚུ་ འཕྲལ་འཕྲལ་ར་ ལྟ་རྟོག་འབད་མི་ཚུགས་པས་ཟེར་ཨིནམ་ད་ ས་གནས་དེ་ཁ་ལས་ བྱེམ་སྐྱེལ་འདྲེན་འབད་མི་ བདུན་ཕྲག་རེ་ལུ་ ཊི་པཱར་ཊཱག་༡,༨༠༠ ལྷགཔ་རེ་ རྒྱུན་འགྲུལ་འཐབ་ནི་དེ་གིས་ ཁྲིམས་སྲུང་འགག་པ་གིས་ ལྟ་རྟོག་འབད་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།
རང་བཞིན་སླར་བྱུང་ཐོན་སྐྱེད་ཀྱི་ བྱེམ་འཛིན་སྐྱོང་པ་ པདྨ་དབང་དྲག་གིས་ སླབ་མིའི་ནང་ བྱེམ་བཏོན་ས་ མེ་འཚིགས་ཅན་དེ་ ལས་འཛིན་གྱི་ཨིན་རུང་ བྱེམ་འབག་མི་ སྣུམ་འཁོར་ཊི་པར་ཊཱག་ཚུ་གི་བདག་དབང་ ཁོང་ལུ་མེདཔ་ལས་ ལྟ་རྟོག་འབད་ནིའི་དབང་ཚད་ ལས་འཛིན་ལུ་མེད་ཟེར་ཨིན་པས།
མེ་འཚིགས་ཅན་ལས་ བྱེམ་འབག་མི་དེ་ དབང་འདུས་ལས་རྐྱངམ་གཅིག་མིན་པར་ སྤུ་ན་ཁ་དང་ ཐིམ་ཕུ་ དེ་ལས་ སྤ་རོ་ས་ལོགས་པའི་ རྫོང་ཁག་ཚུ་ནང་ལས་ འོང་དོ་ཡོདཔ་ད་ ལས་འཛིན་གྱིས་ ལྟ་རྟོག་འབད་ཡང་མི་ཚུགས་ཟེར་ ད་རུང་ པདྨ་དབང་དྲག་གིས་ སླབ་ཨིན་པས།
ཨིན་རུང་ མེ་འཚིགས་ཅན་ལས་ བྱེམ་བཏོན་ནི་དེ་ གནས་སྐབས་ཅིག་གི་དོན་ལུ་ མགར་ས་གླིང་ཁ་གིས་ བཀག་ཆ་འབད་ཡོདཔ་ད་ དེ་ཡང་ རང་བཞིན་གནས་སྟངས་ཀྱི་ ལམ་ལུགས་དང་འཁྲིལ་ཏེ་ ལཱ་མ་འབད་ནི་དེ་གིས་ ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment