གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁག་༤ གི་སོ་ནམ་པ་ཚུ་ བུམ་ཐང་ལུ་ལྷོད་དེ་ཡོདཔ།

༨/༨/༢༠༡༢   ༉ བཀྲ་ཤིས་སྒང་དང་ མོང་སྒར་ ལྷུན་རྩེ་ དེ་ལས་ བཀྲ་ཤིས་གཡང་རྩེ་རྫོང་ཁག་ཚུ་ལས་ སོ་ནམ་པ་༢༠ འབད་མི་ སྡེ་ཚན་ཅིག་  བུམ་ཐང་ལུ་ སོ་ནམ་གྱི་ལཱ་ཚུ་ ལྟ་རྟོག་འབད་ནིའི་དོན་ལུ་ ལྟ་སྐོར་ལས་རིམ་ནང་ འོང་ཡོདཔ་ཨིན་པས།
ཤར་ཕྱོགས་རྫོང་ཁག་༤ གི་ སོ་ནམ་པ་ཚུ་གིས་ བུམ་ཐང་ལུ་ ཚོད་ཞིང་ཚུ་ནང་ ལྟ་སྐོར་འབད་བའི་བསྒང་།


སོ་ནམ་པ་ཚུ་ཡང་ རྫོང་ཁག་བཞི་གི་ རྒེད་འོག་ཚུ་ནང་ སྡེ་ཚན་ཁག་ཚུ་ནང་ ལཱ་འབད་མི་ཚུ་ཨིནམ་ད་ ཁོང་ཆ་ཁྱབ་ འབྲུག་གོང་འཕེལ་དངུལ་ཁང་ཚད་ཀྱི་ གྲོང་གསེབ་སྐྱིན་འགྲུལ་གྱི་ ཁེ་ཕན་ཐོབ་མི་ཚུ་ཨིནམ་མ་ཚད་ ལྟ་སྐོར་ལས་རིམ་ཡང་ འབྲུག་གོང་འཕེལ་དངུལ་ཁང་ཚད་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ག་ར་ རྫོང་ཁག་ཚུ་ནང་ སོ་ནམ་དང་ སྒོ་ནོར་ དེ་ལས་ ཐགས་ལས་སྡེ་ཚན་ཚུ་གི་ འཐུས་མི་དང་ སློབ་སྟོན་པ་ཚུ་ ཡོདཔ་ཨིན་པས།
བཀྲ་ཤིས་སྒང་ར་ལྡི་ལུ་ཡོད་མི་ ཐགས་ལས་སྡེ་ཚན་གྱི་ སློབ་སྟོན་པ་ ཚེ་རིང་ཆོས་འཛོམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གི་ རྒེད་འོག་ནང་ རྒྱ་གར་གྱི་ ས་མཚམས་མངའ་སྡེ་ ཨ་སམ་ལུ་ཡོད་མི་ མེ་ཅེ་གི་ཐགས་ལས་ འགོ་བཙུགས་མི་དེ་གིས་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིན་པས།
མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་གིས་ ད་རེས་ རྡོ་རྗེ་སྦིས་ལུ་ཡོད་མི་ ཨ་སམ་གྱི་ ཐགས་ལས་ལྟེ་བ་ནང་ ལྟ སྐོར་འབད་ནི་ཨིན་རུང་ གཞན་སོ་ནམ་དང་ སྒོ་ནོར་གསོ་སྐྱོང་ཁག་ཚུ་ནང་ ལྟ་སྐོར་འབད་ནི་ ཐོབ་ནི་དེ་གིས་ རིག་པ་གསརཔ་ལེ་ཤ་ཐོབ་ཚུགས་ཅི་ཟེར་ཨིན་པས།
མོང་སྒར་ས་གླིང་རྒེད་འོག་གི་ ཇར་སི་གསོ་སྐྱོང་ལྟེ་བའི་་ རིག་འཛིན་དབང་འདུས་ཀྱིས་ ཁོ་ར་ ཧེ་མ་ལས་ སྒོ་ནོར་གསོ་སྐྱོང་འཐབ་ནི་ལུ་ དང་འདོད་སྦོམ་ཡོད་མི་ཅིག་འབདཝ་ལས་ གཞུང་གིས་ འདས་པའི་ལོ་ནང་ ཇར་སི་བ་ ཉོ་གནང་མི་དེ་གིས་ ཕན་ཐོགས་སྦོམ་བྱུང་སྟེ་ཡོད་པའི་ཁར་ ཁོ་གིས་ གཡུས་ཚན་༥ གི་ ཨོམ་ཚུ་ཡང་ བསྡུ་ལེན་འབད་དེ་ འགོ་འདྲེན་ཐོག་ལས་ ཚོང་འབྲེལ་འཐབ་ནི་གི་དོན་ལུ་ གཞུང་གིས་ འཕྲུལ་ཆས་ཚུ་ཡང་ གནང་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ བཀྲ་ཤིས་སྒང་ ར་ལྡི་རྒེད་འོག་ དེ་ལས་ ཤོང་ཕུ་གཡུས་ཚན་ནང་ ཇར་སི་གསོ་སྐྱོང་ལྟེ་བའི་ ཆོས་སྲུང་གིས་ཡང་ ལྟ་སྐོར་འབད་བའི་ཤུལ་ལས་ ཇར་སི་གསོ་སྐྱོང་གི་ གནས་སྐབས་ཚུ་ ལྷབ་ཚུགས་ཅི་ཟེར་ སླབ་ཨིན་པས།
བུམ་ཐང་ལུང་ཕྱོགས་ཡིག་ཚང་གི་ ལས་འགུལ་འགོ་དཔོན་ ཀརྨ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་ གཙོ་བོ་ར་ མི་སེར་ཚུ་གིས་ གཞན་རྫོང་ཁག་ནང་ ག་བཟུམ་མའི་ གནས་སྟངས་ཐོག་ལས་ གསོ་སྐྱོང་དང་ ལཱ་ཚུ་འབད་དོ་ཡོད་པའི་སྐོར་ལས་ ཧ་གོ་སྟེ་ ལོག་རང་སོའི་གཡུས་ཁར་ལྷོདཔ་ད་ ཐབས་ཤེས་ཚུ་ བཏོན་བཅུག་ནིའི་དོན་ལུ་ འགོ་འདྲེན་འཐབ་འཐབ་ཨིན་ཟེར་ ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment