གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་བཙོང་ལུས་འབྲེལ་གྱི་ རྩོད་བཤེར།

༤/༨/༢༠༡༢   ༉ ཀྲོང་གསར་གྱི་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༨ པའི་ཚེས་༡ ལུ་ ཕོ་སྐྱེས་ཅིག་གིས་ གཉེན་རྐྱབ་མི་ ཨམ་སྲུ་༡ ལུ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་མི་ལུ་བརྟེན་ རྩོད་བཤེར་གྱི་དོན་ལུ་ རྫོང་ཁག་ཁྲིམས་འདུན་ལུ་ བཏང་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ གནས་ཚུལ་བཤད་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ ལུས་འབྲེལ་འབད་བའི་སྐོར་ལས་ ཁ་བཟེད་ཡོདཔ་ཨིན་རུང་ ཁོ་ར་ དེ་བསྒང་ ཆང་འགྲངས་ཏེ་ཡོདཔ་སྦེ་ སླབ་མས་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བྱུང་རྐྱེན་དེ་ སྤྱི་ཟླ་༤ པའི་ཚེས་༢༣ གྱི་ནུབ་མོ་ ཉམས་རྒུདཔ་ཨམ་སྲུ་དེ་ ཀྲོང་གསར་ཁྲོམ་ལས་ ལོག་ཁྱིམ་ནང་འགྱོ་བའི་སྐབས་ དེད་གཡོགཔ་དེ་གིས་ སྣུམ་འཁོར་ནང་བཙུགས་འབག་སྟེ་ ལམ་བར་ན་ ལུས་འབྲེལ་འབད་ནུག་ཟེར་ཨིན་པས།
སྐྱེས་ལོ་༣༡ ལང་མི་ ཉམས་རྒུདཔ་ཨམ་སྲུ་དེ་ ལས་སྡེ་ཅིག་ནང་ ལཱ་འབད་མི་ འཛིན་སྐྱོང་འགོ་དཔོན་གྱི་ གནས་ཚང་ཨིནམ་ད་ དེད་གཡོགཔ་དེ་ རྐྱེན་ངན་བྱུང་བའི་ཤུལ་ལས་ དོ་དམ་ནང་ བཙུགས་བཞག་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ མོ་ར་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ མང་སྡེ་ཆུ་ གློག་མེ་ལས་འཛིན་ནང་ ལཱ་འབད་མི་ དེད་གཡོགཔ་ཅིག་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ རྩོད་བཤེར་འདི་དང་གཅིག་ཁར་ རྩོད་གཞི་ཁག་༤ ཁྲིམས་འདུན་ལུ་ བཏང་མིའི་གྲས་ལས་༡ སྐྱེས་ལོ་༦༣ ལང་མི་ ཕོ་སྐྱེས་དེ་གིས་ སྐྱེས་ལོ་༤༧ ལང་མི་ ཁོ་རའི་ གནས་ཚང་ལུ་ གྱི་བླུགས་བྱིན་པའི་སྐོར་ལས་ཨིན་པས།
རྐྱེན་ངན་དེ་ སྤྱི་ཟླ་༥ པའི་ཚེས་༣༠ ལུ་ བྱུང་ཡོདཔ་ད་ ཕོ་སྐྱེས་དེ་ མི་བསད་ནི་ལུ་ དཔའ་བཅམ་མི་ ཉེས་འཛུགས་འབད་ཡོདཔ་ད་ རྩོད་བཤེར་གཉིས་ཆ་ར་ ཉེས་འཛུགས་དབྱེ་རིམ་གྱི་ རྩོད་བཤེར་འབད་ནི་དེ་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཙུགས་ཡོདཔ་ཨིན་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment