གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་བདུན་མཐའི་ ལོ་བརྒྱ་སོ་ནམ་ཚོང་ཁྲོམ་ནང་ ཚོད་བསྲེ་གི་གནས་གོང་ སོར་གྱུར།

༤/༨/༢༠༡༢   ༉ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ཐིམ་ཕུ་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་ ཚོད་བསྲེ་གི་ཐོན་སྐྱེད་ཚུ་ ཧེ་མ་དང་ཕྱདཔ་ད་ ད་རེས་ རྒྱ་ཆེཝ་འབད་ར་ ཡར་འཕར་སོང་ཡོདཔ་ཨིན་པས།
ལོ་བརྒྱའི་སོ་ནམ་ཚོང་ཁྲོམ་ནང་ བཀྲམ་སྤེལ་འབད་མི་ ཚོད་བསྲེ་ཚུ།


དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༤ ལས་༣༠ ཚུན་ ཚོད་བསྲེ་ཐོན་སྐྱེན་ མེ་ཊིག་ཊཱོན་༡༠༦ ཚོང་འབྲེལ་འཐབ་ཡོད་མི་གིས་ བདུན་ཕྲག་ཧེ་མམ་ནང་ ཚོད་བསྲེ་ཐོན་སྐྱེན་ མེ་ཊིག་ཊཱོན་༩༥ ཚོང་འབྲེལ་འཐབ་མི་དང་ཕྱདཔ་ད་ མེ་ཊིག་ཊཱོན་༡༡ དེ་ཅིག་ ཡར་སེང་སོང་ཡོད་རུང་ ནང་འདྲེན་གྱི་ཐད་ལུ་ལྷོདཔ་ད་ བསྒྱུར་བཅོས་མེད་པར་གནས་ཏེ་འདུག་ཟེར་ཨིན་པས།
ནང་འདྲེན་འབད་མི་ ཚོད་བསྲེ་མེ་ཊིག་ཊཱོན་༤༡ ཡོད་མི་ལས་  མེ་ཊིག་ཊཱོན་༢༥ དེ་ ཕུན་ཚོགས་གླིང་ འབྲུག་ཟ་སྤྱོད་ལས་འཛིན་གྱིས་ འབད་དོ་ཡོདཔ་ད་ ལྷག་ལུས་ མེ་ཊིག་ཊཱོན་༡༦ དེ་ སྒེར་གྱི་ ཚོང་པ་ཚུ་གིས་ ཐབས་ཤེས་བཏོན་ཐོག་ལས་ འབད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུ་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་ སྤྱི་ཟླ་༧ པའི་ཚེས་༢༧ ལས་༢༩ ཚུན་ ཚོད་བསྲེ་རིགས་ལས་ གོང་ཚད་དམའ་ཤོས་ར་ ཀེ་བ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༣ ལས་ མཐོ་ཤོས་ སི་ལི་པ་རི་གཱོཌ་ཀེ་ཇི་རེ་ལུ་ལུ་ དངུལ་ཀྲམ་༡༢༧ ཚུན་འབད་ཡོདཔ་ཨིན་པས།
ནང་འཁོད་ལས་ཐོན་མིའི་ཚོད་བསྲེ་ ཀེ་བ་ཀེ་ཇི་རེ་ལུ་ དཔྱ་སྙོམས་ལུ་ དངུལ་ཀྲམ་༢༣ དང་ ཨེ་མ་སྦོམ་ལུ་ དངུལ་ཀྲམ་༣༥ བླམ་བན་ད་ལུ་དངུལ་ཀྲམ་༦༩  སྲནམ་ཅུམ་ལུ་དངུལ་ཀྲམ་༤༥ ལ་ཕུག་དམརཔོ་ལུ་ དངུལ་ཀྲམ་༦༨ མེ་ཏོག་ཀོ་པི་ལུ་ དངུལ་ཀྲམ་༦༣ འདབ་མ་ཀོ་པི་ལུ་ དངུལ་ཀྲམ་༧༠ དེ་ལས་ ལ་ཕུག་ཀེ་ཇི་རེ་ལུ་དངུལ་ཀྲམ་༢༧ རེ་སྦེ་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
དེ་ལས་ གཞན་ཡང་ གོན་ཅུང་ཀེ་ཇི་རེ་ལུ་ དངུལ་ཀྲམ་༦༧ དང་ འོད་སུ་ཆགཔ་ཅིག་ལུ་ དངུལ་ཀྲམ་༢༢ བྱི་ཙི་ཨེ་མ་ལུ་ དངུལ་ཀྲམ་༡༠༥ སི་ལི་པ་རི་གཱོཌ་ལུ་ དངུལ་ཀྲམ་༡༢༧ ཧོན་ཚོད་ལུ་ དངུལ་ཀྲམ་༢༢ ངང་ལག་མཛུབ་མོ་༡༢ ལུ་དངུལ་ཀྲམ་༥༥ ཅུ་གླི་ལུ་ དངུལ་ཀྲམ་༤༧ ཁམ་ལུ་ དངུལ་ཀྲམ་༤༥ མངར་རི་ཁམ་ལུ་ དངུལ་ཀྲམ་༤༧ གླི་ལུ་ དངུལ་ཀྲམ་༣༣ དེ་ལས་ ཨམ་ཅུ་ཀུ་ལི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༦༣ རེ་སྦེ་ ཚོང་འབྲེལ་འཐབ་ཨིན་པས།
རྒྱ་གར་ལས་ ནང་འདྲེན་འབད་མི་ ཚོད་བསྲེ་གི་རིགས་ལས་ གོང་ཚད་རན་ཏོག་ཏོ་སྦེ་ཡོད་མི་ཚུ་ཡང་ ཀེ་བ་ བྱི་ཙི་ཨེ་མ་ སྒོང་རྡོག་ བླམ་བན་ད་ སྒོགཔ་ གོན་ཚུ་ཡོདཔ་ཨིན་པས།
རྫོང་ཁག་གཞན་ཚུ་ནང་ཡང་ ནང་འཁོད་ལས་ཐོན་མིའི་ ཚོད་བསྲེ་དང་ ནང་འདྲེན་འབད་མིའི་ ཚོད་བསྲེ་ཚུ་གི་ གོང་ཚད་ཚུ་ བདུན་རིམ་བཞིན་དུ་ ཡར་སེང་དང་ མར་བབས་ འགྱོ་དོ་ཡོདཔ་ལས་ ཚོད་བསྲེ་གི་ གོང་ཚད་ཚུ་ ཚད་གཞི་གཏན་འཁེལ་སྦེ་གནས་མི་ཚུགསཔ་ཨིན་པས།
གནམ་བྱཱར་གྱི་དུས་ཚོད་ལུ་ གཡུས་སྒོ་སོ་སོ་ལས་ ཚོད་བསྲེ་ཚུ་ཐོན་དོ་ཡོདཔ་ལས་ ནང་འདྲེན་འབད་མི་ ཚོད་བསྲེ་ལས་ ནང་འཁོད་ལས་ ཐོན་མིའི་ཚོད་བསྲེ་ཚུ་ལུ་ ཚོང་མགྲོན་པ་ཚུ་གིས་ གདམ་ཁ་མང་སུ་རྐྱབ་མས་ཟེར་འགོ་དཔོན་ཚུ་གིས་བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment