གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡང་འཕེལ་མདའ་རྩེད་ཀྱི་ ལིག་སྐོར་ཐེངས་ མཇུག་བསྡུ་དོ་ཡོདཔ།

༤/༨/༢༠༡༢   ༉ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་མི་ གཡང་འཕེལ་མདའ་རྩེད་འགྲན་བསྡུར་དེ་ སྤྱི་ཟླ་༧ པའི་ཚེས་༡༦ ལས་ འགོ་བཙུགས་ཡོད་མི་དེ་ ད་ཚུན་གྱི་ནང་འཁོད་ལུ་ རྫོང་ཁག་༧ ནང་ སྡེ་ཚན་༡༢༤ རྩེད་འགྲན་འབད་མི་ལས་ སྡེ་ཚན་༢༩ གིས་ ཀོ་ཊར་ཕའི་ནཱལ་ནང་ རྩེད་འགྲན་འབད་ནིའི་དོན་ལུ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།


སྤུ་ན་ཁ་རྫོང་ཁག་ནང་ སྡེ་ཚན་༣༠ གྱིས་བཅའ་མར་གཏོགས་མི་ལས་ སྡེ་ཚན་༨ ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་ལས་ ཀོ་ཊར་ཕའི་ནཱལ་ནང་རྩེད་འགྲན་འབད་ནི་ཨིན་པས།
ཆུ་ཁ་རྫོང་ཁག་ ཕུན་ཚོགས་གླིང་ནང་ མདའ་རྩེད་འགྲན་བསྡུར་ནང་ སྡེ་ཚན་༣༣ ཡོད་མི་ལས་ སྡེ་ཚན་༩ གིས་ ཀོ་ཊར་ཕའི་ནཱལ་ནང་ ལྷོད་ཡོདཔ་ཨིན་པས།
བཀྲིས་སྒང་རྫོང་ཁག་ནང་ལས་ བཅའ་མར་གཏོགས་མི་སྡེ་ཚན་༡༨ ཡོད་མིའི་གྲས་ལས་ སྡེ་ཚན་༤ དང་ ཀྲོང་གསར་རྫོང་ཁག་ནང་ སྡེ་ཚན་༡༢ ཡོད་མི་ལས་ སྡེ་ཚན་༢ ཀྱིས་མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།
རྩི་རང་རྫོང་ཁག་ནང་ སྡེ་ཚན་༡༡ ཡོད་མི་ལས་ སྡེ་ཚན་༢ དང་ བུམ་ཐང་རྫོང་ཁག་ནང་ སྡེ་ཚན་༡༠ ཡོད་མི་ལས་ཡང་ སྡེ་ཚན་༢ དེ་ལས་ མོང་སྒར་རྫོང་ཁག་ནང་ སྡེ་ཚན་༡༠ ཡོད་མི་ལས་ སྡེ་ཚན་༣ གྱིས་ ཀོ་ཊར་ཕའི་ནཱལ་ནང་ལྷོད་ཡོདཔ་ཨིན་པས།
ཐིམ་ཕུ་དང་ སྤ་རོ་རྫོང་ཁག་༢ ནང་ ལིག་སྐོར་ཐེངས་ རྩེད་འགྲན་འབད་བའི་བསྒང་ཡོད་མི་དེ་ སྤྱི་ཟླ་༨ པའི་ཚེས་༩ ལུ་མཇུག་ཨིནམ་ད་ ཀོ་ཊར་ཕའི་ནཱལ་གྱི་ རྩེད་འགྲན་དེ་ སྤྱི་ཟླ་༨ པའི་ཚེས་༡༦ ལུ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་སྦེ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment